སྲོང་བཙན་གྱི་ཕ་ཡུལ་སྔོག་པ།འདོན་སྤེལ། ༢༠༡༠/༠༧/༢༦
རྒྱ་ནག་གཞུང་གིས་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཞང་ནང་ལྕགས་རིགས་ཀྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཆེན་པོ་ཞིག་ལག་བསྟར་བྱེད་མགོ་བཙུགས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ལོ་དུ་མའི་རིང་བོད་ཀྱི་ས་ཁུལ་གང་སར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མང་པོ་ཞིག་མགོ་འཛུགས་བྱས་དང་བྱེད་ཀྱིན་ཡོད་པ་ལྟར། ཉེ་ཆར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཞང་ནང་བོད་མི་ཚོའི་མ་འོངས་པའི་འཚོ་བར་དཀའ་ངལ་ཅི་འཕྲད་ལ་མ་ལྟོས་པར་ལྕགས་རིགས་ཀྱི་ཐོན་ཁུངས་གསར་བ་ཞིག་སྔོག་འདོན་བྱེད་ཀྱིན་ཡོད་འདུག ལས་གཞི་འདི་རྒྱ་ནག་གི་གསེར་རིགས་ཐོན་སྐྱེད་ཀྱི་ལས་ཁུངས་ཆེ་ཤོས་ཤིག་གིས་བསྒྲུབ་ཀྱིན་ཡོད་ཅིང་། རྒྱ་ནག་གཞུང་ཕྱོགས་ཀྱིས་བོད་ཁུལ་ཏུ་ལག་བསྟར་བྱེད་ཀྱིན་པའི་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ཆེན་པོ་བརྒྱད་ཀྱི་གྲས་སུ་ཡོད་འདུག ཉེ་བའི་དུས་ནས་བཟུང་ལས་གཞི་དངོས་སུ་མགོ་བཙུགས་ཏེ། ད་ལྟའི་ཆར་ཉིན་རེེར་གཏེར་ཁ་ཊོན་ ༦༠༠༠ ལྷག་བསྔོག་འདོན་དང་། རྒྱ་སྒོར་དུང་ཕྱུར་ ༨ ལྷག་གི་ཡོང་སྒོ་ཡོད་ཚུལ་བརྗོད་ཀྱིན་ཡོད་པར་མ་ཟད། བོད་རང་སྐྱོང་ལྗོངས་དམར་ཕྱོགས་ཚོགས་པའི་དྲུང་ཆེ་གཞོན་པ་ཧཱའོ་ཕང་གིས་ཀྱང་། གཏེར་ཁ་སྔོག་འདོན་གྱི་ལས་གཞི་འདིས་མ་འོངས་པར་བཟོ་གྲྭ་ཁག་དང་ཚོང་ལས་སྡེ་ཚན་སོགས་ལ་མ་རྩའི་ཐོག་ནས་རོགས་སྐྱོར་གྱི་ནུས་པ་འདོན་ཐུབ་པ་དང་། གཞུང་གི་ལས་དོན་གྱི་ཐད་ལའང་ཕན་ཐོགས་ཆེན་པོ་ཡོད་སྐོར་རྒྱ་ནག་གི་གསར་ལམ་དུ་འགྲེལ་ |