གོ་སྐབས་གཉིས་པ།འདོན་སྤེལ། ༢༠༡༠/༠༧/༢༩
མ་སུ་རི་སློབ་གྲྭ་ནས་ཚུལ་མིན་སྒྲིག་འགལ་གྱི་དབང་གིས་ཕྱིར་འབུད་བྱས་པའི་སློབ་ཕྲུག་དགུ་བོ་བསྐྱར་དུ་སློབ་གྲྭ་གཞན་དུ་ཚུད་འདུག
ཟླ་གཉིས་ཀྱི་སྔོན་མ་སུ་རི་བོད་ཁྱིམ་ནས་སློབ་ཕྲུག་བཅུ་སྒྲིག་འགལ་གྱི་དབང་གིས་ཕྱིར་འབུད་བྱས་པའི་ཁྲོད་སློབ་ཕྲུག་བུ་ ༩ དེ་ཕྱིར་བོད་དང་རང་ཁྱིམ་དུ་ལོག་དགོས་བྱུང་མི་འདུག་པའི་ཁར། ཉིན་ཤས་གོང་སློབ་ཕྲུག་རྣམས་སླར་ཡང་བཙན་བྱོལ་གྱི་སློབ་གྲྭ་ཁག་གི་ནང་ཚུད་འདུག
སློབ་ཕྲུག་དེ་དག་ཕྱིར་སློབ་འཇུག་གི་ཐད་ཤུགས་རྒྱག་མཁན་སེར་སྨད་གྲྭ་བློ་དགའ་ཡིས་ཕྱི་ཚེས་ ༢༨ ཉིན་འདི་ག་གསར་ཁང་ལ་བརྗོད་དོན། ཉེ་ཆར་མ་སུ་རི་བོད་ཁྱིམ་ནས་ཕྱིར་འབུད་བྱས་པའི་སློབ་ཕྲུག་དགུ་ལས་བཞི་ད་ལྟ་བོད་ཁྱིམ་སློབ་གྲྭའི་ཁོངས་གཏོགས་ཀྱི་སློབ་གྲྭ་ཞིག་ཏུ་བཅུག་ཐུབ་པ་དང་། ལྷག་མ་ལྔ་ཡང་དེ་མིན་གྱི་སློབ་གྲྭ་གཞན་ཞིག་ཏུ་བཅུག་ཐུབ་པ་བྱུང་ཐོག ངྷ་ས་བོད་ཁྱིམ་དབུས་སྤྱི་ཁྱབ་ཡིག་ཚང་གིས་སློབ་ཕྲུག་ལྷག་མ་ལྔའི་སློབ་ཡོན་གནང་རྒྱུར་ཞལ་བཞེས་ཀྱང་ཐོབ་བྱུང་ཞེས་ཟེར།
གྲྭ་བློ་དགས་ཐེངས་འདིར་སློབ་ཕྲུག་འདི་ཚོ་བསྐྱར་དུ་སློབ་གྲྭར་ཚུད་ཐུབ་པ་བྱུང་དོན་ནི། ངས་དང་ཐོག་ནས་ངྷ་སྟེང་བོད་ཁྱིམ་དབུས་སྤྱི་ཁྱབ་ཡིག་ཚང་ལ་རེ་སྐུལ་སྙན་ཞུ་ཕུལ་ཐོག དེའི་རྗེས་བོད་གཞུང་འཛིན་སྐྱོང་བཀའ་ཤག་ལའང་རེ་སྐུལ་སྙན་ཞུ་ཕུལ་ཏེ། སློབ་ཕྲུག་ཚོའི་བདེ་སྡུག་སྐོར་ལ་སྐྱབས་འཇུག་ཞུས་སྐབས། འཛིན་སྐྱོང་བཀའ་
|