བོད་དོན་རེ་སྐུལ།འདོན་སྤེལ། ༢༠༡༠/༠༧/༣༠
ཨོ་བྷ་མ་སྲིད་གཞུང་གིས་བོད་དོན་ཐོག་ཤུགས་སྣོན་རྒྱག་དགོས་ཞེས་ཨ་རིའི་གྲོས་ཚོཊ་འཐུས་མི་ཧྥུ་རན་ཁུ་ཝོལ་ཧྥོ་ཡིས་བཤད་འདུག
བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༢༣ ཉིན་ཨ་རིའི་ཊོན་ལིན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཞོན་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཧྥུ་རན་ཁུ་ཝོལ་ཧྥོ་ཡིས། ཡུལ་དེའི་གྲོས་ཚོགས་ནང་ཨོ་བྷ་མའི་སྲིད་གཞུང་གིས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཤུགས་སྣོན་རྒྱག་དགོས་ཚུལ་བརྗོད་ཡོད་པར་མ་ཟད། ལྷག་དོན་དུ་ཁོང་གིས་བོད་ཀྱི་གནས་སྟངས་ཐོག་ཨ་རིའི་ལངས་ཕྱོགས་ཅི་ཡིན་སྐོར་བརྗོད་དོན། ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་དམིགས་བསལ་འབྲེལ་མཐུད་ཁང་ཞིག་གསར་འཛུགས་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་ལ། འབྲེལ་མཐུད་ཁང་དེར་རྒྱུན་ལས་གསུམ་དང་ལས་བྱེད་འཕར་མ་གཅིག་བཅས་བསྐོ་གཞག་བྱ་རྒྱུའི་ཐག་གཅོད་ཀྱང་བྱུང་ཡོད། ཡིན་ནའང་། ད་ལྟའི་ཆར་ལྷན་ཁང་དེར་ལས་བྱེད་མ་འདང་པའི་དཀའ་ངལ་འཕྲད་བཞིན་ཡོད་ཅེས་དང་། ལོ་རེའི་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་གྲོས་གྲོས་ཚོགས་ནང་བོད་དོན་སྐོར་གྱི་སྙན་ཐོ་ཞིག་འདོན་གྱིན་ཡོད་ནའང་མིག་སྔར་སྙན་ཐོ་དེ་ཕྱི་བཤོལ་བྱས་ཡོད་འདུག བོད་ཀྱི་གནད་དོན་དེ་ཧ་ཅང་གལ་ཆེན་ཞིག་ཡིན་སྟབས་ཨོ་བྷ་མའི་སྲིད་གཞུང་གིས་དེའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱ་ཐུབ་པའི་རེ་བ་
|