རིན་པོ་ཆེ་ནང་པའི་ཚོགས་འདུའི་ནང་ཕེབས་ཡོད་པ་མ་རེད་ཟེར།

འདོན་སྤེལ། ༢༠༡༢/༠༦/༢༠


ཉེ་ལམ་ལྷོ་ཀོ་རི་ཡར་ཚོགས་པའི་ནང་པའི་ཚོགས་ཆེན་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་མཆོག་དངོས་སུ་ཞུགས་ཡོད་པ་དང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་སྐབས་དེར་ཀོ་རི་ཡར་ཕེབས་ཡོད་ཀྱང་། ནང་པའི་ཚོགས་ཆེན་སྟེང་ཞུགས་མེད་སྐོར་གསལ་བཤད་གནང་འདུག

ཉེ་སྔོན་ལྷོ་ཀོ་རི་ཡར་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐོག ༧གོང་ས་མཆོག་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་བཅས་མཉམ་ཞུགས་གནང་ཡོད་སྐོར་དང་། རྒྱ་ནག་ནས་ཕེབས་པའི་སྐུ་ཚབ་ཚོས་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ཚོགས་འདུ་ལས་ཕྱིར་ཐོན་ཡོད་སྐོར་སོགས་ཀྱི་གནས་ཚུལ་འབྱོར་འཕྲལ། འདི་འི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་མཆོག་ལ་བཀའ་འདྲི་ཞུས་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛམ་གླིང་ནང་པའི་ཚོགས་ཆེན་ཐོག་ཆོས་རིག་བཀའ་བློན་མཆོག་གཅིག་པུ་ཕེབས་ཡོད་ལ། དེ་སྔོན་བཀའ་བློན་མཆོག་དང་ལྷན་དུ་མི་གཞན་ཞིག་ཕེབས་འཆར་གནང་ཡང་ཕེབས་མ་ཐུབ་པ་དང་། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཐེངས་འདིར་གང་གི་ངོ་བོའི་ཐོག་ཕེབས་ཡོད་མེད་ཐད་ང་ཚོར་ཞུ་རྒྱུ་གང་མེད་སྐོར་བརྗོད་སོང་

ཀོ་རི་ཡའི་ནང་པའི་ཚོགས་ཆེན་སྐོར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་གྱི་བཅར་འདྲིའི་ལན་དུ། “སྤྱིར་བཏང་ཟམ་གདོང་རིན་པོ་ཆེ་ལྷོ་ཀོ་རི་ཡའི་ཚོགས་འདུ་ཚོགས་ས་དེར་ཕེབས་ཡོད་པ་རེད། ཁོང་དེ་གར་བླ་ཆེན་དང་གཙུག་ལག་སློབ་གྲྭ་དེ་འདྲས་གདན་འདྲེན་ཞུས་ཏེ་བཅར་འདྲི་དང་བཀའ་སློབ་གནང་ཡོད་ས་རེད་མ་གཏོགས། ནང་པའི་ཚོགས་ཆེན་སྟེང་སྐུ་དངོས་སུ་ཕེབས་ཡོད་པ་མ་རེད། དེའི་ནང་ལ་བོད་པའི་སྐུ་ཚབ་ང་གཅིག་པུ་རེད།  ཅེས་གསུངས་ཏེ། ཐེངས་འདིར་རིན་པོ་ཆེ་མཆོག་ངོ་བོ་ག་འདྲ་ཞིག་གི་ཐོག་ནས་ཕེབས་པ་ཡིན་མིན་གསལ་པོ་ཞུ་ཐུབ་ཀྱི་མེད་ཀྱང་། ཚོགས་འདི་དེ་དང་འབྲེལ་བ་ཡོད་པ་ཡིན་ན། ཚོགས་འདུའི་ནང་རྩ་བ་ཉིད་ནས་ཕེབས་མེད་སྐོར་དང་། བོད་གཞུང་དྲ་བརྙན་གྱིས་བདེན་པ་མིན་པའི་གནས་ཚུལ་བསྟན་ཡོད་ཚུལ་སོགས་ངོ་སྤྲོད་གནང་ཡོད།

ཆོས་རིག་བཀའ་བློན་མཆོག་གིས་ཚོགས་ཆེན་དབུ་འཛུགས་སྐབས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པར་ཚོགས་བཅར་བ་རྣམས་མཉམ་དུ་འཛོམས་ཏེ་སོ་སོ་ངོ་སྤྲོད་གནང་སྟེ་ཚོགས་འདུ་མགོ་འཛུགས་སྐབས། རྒྱའི་སྐུ་ཚབ་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་ཚོགས་འདུའི་ནང་བསྡད་ཚེ། ཁོ་ཚོ་ཚོགས་བཅར་ཞུ་རྒྱུ་མིན་སྐོར་བརྗོད་དེ་རྙོག་དྲ་བཟོས་བར་བརྟེན། སྔ་རྗེས་ཐེངས་གསུམ་ལ་ཚོགས་འདུའི་འབྲེལ་ཡོད་འགན་ཁུར་བ་དང་དྲུང་ཆེ་ཡིས་བཀའ་བློན་པདྨ་ཆོས་འབྱོར་མཆོག་འཛམ་གླིང་ཞི་བདེ་ལ་སྨན་པའི་ཚོགས་འདུ་འདི་གྲ་སྒྲིག་པོ་ཞིག་ཡོང་ཆེད་ཁྱེད་རང་འཁྱུག་ཙམ་རིང་ཕྱི་ལོགས་སུ་ཕེབས་དགོས་ཚུལ་བརྗོད་པ་ལྟར། དུས་ཐུང་རིང་ཕྱི་ལོགས་སུཕེབས་ཏེ་གསར་འགོད་པ་མང་པོ་ཞིག་ལ་གསལ་བཤད་ཀྱི་གོ་སྐབས་བྱུང་ཡོད་པ་དང་། དེའིརྗེས་ཁོང་བསྐྱར་དུ་ཚོགས་འདུར་ཞུགས་སྐབས་རྒྱ་མིའི་སྐུ་ཚབ་ཚོ་སྡེབས་གཅིག་ཏུ་ཡར་ལངས་ཏེ་ཕྱི་རུ་ཐོན་འདུག་ལ། ཕྱི་ལོགནས་ཁོ་ཚོ་ཚོགས་ཐུན་གཉིས་རིང་ལ་སྡོད་དགོས་བྱུང་འདུག

དེའིརྗེས་མཛད་སྒོ་དངོས་གཞི་དེ་ཚོགས་ཁང་ཆེན་པོ་ཞིག་ནང་ཚོགས་ཡོད་པ་དང་། ལྷོ་ཀོ་རི་ཡའི་གཞུང་གི་ཕྱི་སྲིད་བློན་ཆེན་དང་། རིག་གཞུང་བློན་ཆེན། ཀོ་རི་ཡའི་བླ་ཆེན་མང་པོ་ཞིག་བཅས་ཕེབས་ཏེ་གཏམ་བཤད་དང་། རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་འཁྲབ་སྟོན་པ་དག་གིས་རིག་གཞུང་འཁྲབ་སྟོན་སྐབས། རྒྱའི་སྐུ་ཚབ་ཚོ་ཡར་རྒྱུག་མར་རྒྱུག་ཀྱིས་ཀོ་རི་ཡའི་བླ་ཆེན་ལ། བོད་པའི་སྐུ་ཚབ་ཚོགས་འདུར་ཞུགས་ཚེ་ཁོ་ཚོ་ཕྱིར་འཐོན་རྒྱུ་ཡིན་སྐོར་བརྗོད་པར། བླ་ཆེན་གྱིས་ཁྱེད་ཚོ་འགྲོ་ན་འདུག་ན་ཁྱེད་རང་ཚོས་ཐག་གིས་ཆོད། ང་ཚོའི་ངོས་ནས་བོད་པའི་སྐུ་ཚབ་ཕྱིར་བུད་རོགས་ལབ་རྒྱུ་མིན་ཞེས་གསུངས་འཕྲལ། རྒྱའི་སྐུ་ཚབ་ཚང་མ་ཚོགས་ཁང་ནས་ཐོན་ཡོད་པ་མ་ཟད། ཚོགས་ཁང་གི་ཕྱི་ལོགས་སུ་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་མི་སྣཚོ་དང་རྩོད་རྙོག་ཡུན་རིང་བྱས་མཐར། ཐེངས་འདིའི་ཚོགས་ཆེན་སྟེང་གི་རྒྱལ་ཁབ་ ༤༩ ཡོད་ལས། ཧོང་ཀོང་དང་སིང་གྷ་པོར། ཐེ་ལན་ཌི་གསུམ་མ་གཏོགས། གཞན་པའི་སྐུ་ཚབ་ཚང་མས་བོད་མིར་རྒྱབ་སྐྱོར་གནང་ཡོད་སྟབས། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོརྒྱ་ནག་གི་སྐུ་ཚབ་ཡོངས་ཕྱིར་ལོག་དགོས་བྱུང་ཡོད་འདུག

མཇུག་ཏུ་ཆོས་རིག་བཀའ་བློན་མཆོག་གིས། ལྷོ་ཀོ་རི་ཡའི་མི་མང་དང་ཀོ་རི་ཡའི་བླ་ཆེན་རྣམ་པས། བློ་ཁོག་ཆེན་པོ་དང་ཐག་ཆོད་པའི་སྒོ་ནས་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་དེ་ནི། ཧ་ལས་པའི་རྒྱབ་སྐྱོར་ཚད་མཐོན་པོ་ཞིག་རེད་བསམ་པའི་ཚོར་སྣང་བྱུང་ཅེས་སོགས་གསུངས་ཡོད་པ་རེད།

 

གསར་འགོད་པ། ཚེ་རིང་རྒྱལ།

 

ཤོག་ངོས་འདི་ཐེངས་ ༡༡༣༦༤ ལ་བཀླགས་འདུག
རིག་པ་འདོན་པ།
ལུང་རྟོགས།
༢༠༡༢/༠༦/༢༧ ཉིན་འདོན་སྤེལ་བྱས།
གཟུ་ལྡན་ལགས། སྐབས་བབ་ཀྱི་བཀའ་ཤག་འདི་ལ་སྐྱོན་གཏན་ནས་ཡོད་མ་རེད་ཞེས་ངས་གང་དུ་བཤད་འདུག ཁྱེད་རང་གིས་གཅིག་བསྟན་གནང་དང་། ངས་ཀྱང་བློ་གཟུ་བོར་གནས་ཏེ་བསམ་ཚུལ་བྲིས་པ་ལས་སུ་གང་ལ་ཕྱོོགས་མེད་ཅིང་ཕྱོགས་དགོས་དོན་ཀྱང་མེད། རང་ཉིད་ཀྱིས་གང་མཐོང་བ་དེ་མཐའ་གཅིག་ཏུ་བདེན་པ་ཡིན་པའི་ངེས་པ་གཏན་ནས་མེད་པས་ཞིབ་འཇུག་འཐིན་ཕྱིན་བྱེད་རྒྱུ་གལ་ཆེ། སྤྱིར་མི་མང་གིས་གཞུང་ལ་སེམས་ཁུར་བྱེད་དགོས་ཀྱང་། སྐྱོན་བརྗོད་ཅིག་པུ་བྱེད་ནས་ཡར་རྒྱས་འགྲོ་རྒྱུ་མེད་པ་དེ་ཡང་ཤེས་དགོས། དེ་ལས་ཀྱང་གཞི་མེད་སྐྱོན་བརྗོད་བྱས་ན་ནི་གནོད་རྒྱུ་ལས་ཕན་ཐོག་ཅི་ཡང་མེད།
གཟུ་ལྡན་
༢༠༡༢/༠༦/༢༧ ཉིན་འདོན་སྤེལ་བྱས།
དཔྱོད་ལྡན་ལུང་རྟོགས་ལགསལ་ཞུ་རྒྱུར་ སྐབས་བབས་ཀྱི་བཀའ་ཤག་འདིར་སྐྱོན་ཀུན་ཟད་ ཡོན་ཏན་ཀུན་ལྡན་རེད་པས་ སྐྱོན་ཆ་རྩ་བ་ནས་མེད་པ་གསུངས་ན་ ཕྱོགས་གཅིག་ལ་ལྷུང་དྲགས་པའི་སྐྱོན་ཆ་མ་རེད་དམ་ བློ་གཟུ་བོར་གནས་ཏེ་མཆན་འབྲི་ཐུབ་ན་ལེགས་ འཇིག་རྟེན་གཏམ་དཔེར་ ཤ་ཚའི་ཁར་གཏམ་སྙན་མེད་ རོ་ཁ་སྨན་གྱིས་ནད་ལ་ཕན་ ཟེར་བ་བཞིན་ཐུགས་ཕན་གསོ་བས་ཆེདུ་བྲིས་པ་ཡིན་ གུས་རང་མཐོང་དང་ ཤེས་རྒྱ་ཆུང་ཡང་ དངོས་ཐོག་བདེན་འཚོལ་གང་མཐོང་བ་དེ་བྲིས་པ་ཡིན་ གནདོན་ཡོངས་རྫོགས་དོན་སྙིང་ལྡན་རེད་ གསུངས་ན་ གུས་ལ་ཞུ་ཡ་གང་མེད་ ད་ལྟ་སྔམ་དྲགས་ ཕྱི་མ་དྲགས་བདག་སྤྲོད་གནང་ཏེ་ཞིབ་འཇུག་མཐིལ་ཕྱིན་གནང་ཐུབ་ན་དགེ་མཚོན་ཆེ་བ་མཐོང་ངོ་ སྐུ་ཉིད་ནས་དགོངས་ཚུལ་གང་ཡོདམ་
ལུང་རྟོགས།
༢༠༡༢/༠༦/༢༦ ཉིན་འདོན་སྤེལ་བྱས།
དམང་གཙོ་ཞེས་པ་དེ་ཡང་གང་དྲན་དྲན་མ་ཡིན་པ་ཤེས་པར་གྱིས་ཤིགས།
ལུང་རྟོགས།
༢༠༡༢/༠༦/༢༦ ཉིན་འདོན་སྤེལ་བྱས།
གཟུ་ལྡན་ལགས། གཤམ་ལ་གསལ་བའི་ཁྱེད་ཀྱི་སྐད་ཆ་འདི་ཚོ་ནི་ཚིག་ངན་ཙམ་ལས་ལྷག་བསམ་གྱི་སྐད་ཆ་མ་རེད་ལ། གནས་ལུགས་ཡོད་པའི་སྐད་ཆ་དེ་བས་ཀྱང་མ་རེད། བཀའ་ཤག་གི་ལྟ་གྲུབ་གསུམ་པོ་དེ་ཚིག་རྫོབ་པོ་ཙམ་ལས་ཐབ་ཇུས་གནད་ལ་ཁེལ་བ་མེད་པ་དང་དོན་དངོས་པོའི་སྟེང་ལ་འགྲུབ་རྒྱུ་མེད་པ་ཞིག་ཡིན་པའི་རྒྱུ་མཚན་ཁྱེད་ལ་བཤད་རྒྱུ་ཡོད་དམ། ཁྱེད་ལ་འདི་ལས་ལྷག་པའི་ཐབ་ཇུས་གནད་ལ་ཁེལ་ཞིང་འགྲུབ་རྒྱུ་ཡོད་པའི་ལྟ་གྲུབ་ཞིག་བསྟོན་རྒྱུ་ཡོད་དམ། དེ་མེད་ན་འདི་ནི་གཞི་མེད་སྐྱོན་བརྗོད་ཞེས་པ་དེ་ལས་ཅི་ཡང་མ་རེད། བོད་ནང་ལ་ཁྱད་ལས་པ་འབུམ་གཅིག་ཙམ་ཐོན་ཐུབ་པའི་དམིག་ཚད་བཟུང་དགོས་ཞེས་གསུང་པ་ལས་ཐོན་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུང་པ་ཞིག་མ་ཐོས། འདི་ལྟ་བུའི་རེ་བ་དང་དམིག་ཚད་བཟུང་བ་དེ་མི་ལ་མགོ་སྐོར་བཏང་བ་ཡིན་ན་འགོ་སྐོར་མ་ཡིན་པའི་བྱ་བ་ཞིག་གང་ན་ཡོད། བོད་ལ་རང་དབང་ཐོབ་རྒྱུའི་རེ་བ་བྱས་པ་དེ་ཡང་མི་ལ་མགོ་སྐོར་བཏང་བ་ཅི་ལ་མི་འགྱུར། བོད་ནང་ལ་བོད་མི་ཁྱད་ལས་པ་འབུམ་གཅིག་ཐོན་རྒྱུའི་དམིག་ཚད་བཟུང་བ་འདིས་བོད་མི་རིགས་ལ་གྱོང་རག་སྟངས་ཇི་ལྟར་ཡིན་ནམ། ཕྱི་འབྲེལ་དང་ཆོས་རིག་བཀའ་བློན་རྒྱལ་ཁབ་ཅིག་གི་བཀའ་བློན་ངོ་ཚབ་མཚོན་མི་ཐུབ་པའི་རྒྱུ་མཚན་ཅི་ཡོད། ཆོས་དང་སྲིད་གང་གི་ཐད་ནས་མདངས་ཀྱི་མི་འདུག་ཞེས་ཁྱེད་རང་ལ་འདྲི་ན་འདོད། བཀའ་ཁྲིས་ཁྱེད་ཚོས་ང་ལ་འོས་བླུག་ན་ཁྱེད་ཚོ་བཀའ་བློན་ལ་གདམ་ཞེས་ཚོང་རྒྱབ་པ་རེད་ཟེར། འདི་ནི་གནས་ལུགས་གཏན་ནས་མེད་པའི་ཧམ་བཤད་རང་རེད། བཀའ་ཁྲི་གདམ་མཁན་ནི་མི་མང་ཡིན་པ་ལས་བཀའ་བློན་ཚོ་མིན་སུས་ཀྱང་ཤེས་གསལ་རེད། ད་དུང་ཁུང་ལུང་ཡོད་རབས་བཤད་འདུག་ན་དེ་ཡང་ཤེས་འདོད་ཡོད། བཀའ་ཤག་གསར་པའི་སྐྱོད་དགེ་མཚན་བཤད་ཐུབ་ན་བོད་མི་རིགས་ལ་ཕན་པར་བཤད་བཞིན་དུ། གཞི་མེད་སྐྱོན་བརྗོད་ཁོ་ན་ལས་དགེ་མཚན་ཏིལ་འབྲུ་ཙམ་གླེང་མེད་པ་འདི་ནི་གཡོན་ལྷུང་བའི་རྟགས་མཚན་ངོ་མ་དེ་རེད། བཀའ་ཤག་གསར་པ་ཚུག་ནས་ལོ་གཅིག་ཀྱང་སོང་མེད་ན་ཡང་ད་བར་ཕྱག་ལས་གང་འཚམ་གནང་ཡོད་པ་དེ་དག་མི་བཤད་པའི་རྒྱུ་མཚན་ཅི་ཡིན། དགེ་སྐྱོན་བཤད་སྟངས་འདི་ལྟར་རེད་དམ། སྐད་ཆ་སོམས་ནས་ཤོད། རྩམ་པ་ལྡད་ནས་མིག
གཟུ་ལྡན་
༢༠༡༢/༠༦/༢༦ ཉིན་འདོན་སྤེལ་བྱས།
དཔྱོད་ལྡན་ལུང་རྟོགས་ལགས་དགོངས་འཆར་གནང་བར་ཐུགས་ཆེ་གནང་ སྐྱོན་བརྗོད་དང་ཐེར་འདོན་དགག་བྱ་སོགས་ནི་དམངས་གཙོ་ཡར་རྒྱས་ལ་སྐུལ་འདེད་དང་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད ་ ད་ཡོད་གཞུང་དེ་བདག་སྤྲོད་གནང་དེ་དམངས་གཙོའི་ངོ་བོ་ཐོག་ནས་སྐྱོན་བརྗོད་མང་ཙམ་གནང་ཐུབ་ན་ འཁྱོག་པར་ོ་བསྲངས་བྱེད་ཆོག་པ་ལས་ བདག་སྤྲོད་མ་བྱེད་ན་ ག་ནས་འགྲིགས་ དེ་དང་ཆབས་ཅིག་ མཁས་དབང་ཟམ་གདོང་རིན་པོ་ཆེར་ རྒྱུ་མཚན་དང་རིག་པའི་ལམ་ནས་དགེ་སྐྱོན་གསུངས་ཆོག་པར་ངོས་འཛིན་ཞུ་གི་ཡིན་ དམངས་གཙོའི་ཁྱད་ཆས་རེད་ གཞི་མེད་པའི་བཀའ་མོལ་ལེན་རྒྱག་གིས་ཡོད་ ད་ཡོད་བཀའ་ཤག་ལྷན་རྒྱས་ལ་དགེ་སྐྱོན་གང་ཡོད་པ་རྣམས་རྦད་བསང་གནང་དགོས་པ་རེད་དམ་ ཆུ་ཡིས་འཁྱེར་ན་འཁྱེར་ མིས་ཚིག་ན་ཚིག་ རེད་པས་ བཞག་དགོས་པ་རེདམ་ ད་ཡོད་བཀའ་ཤག་ལ་དམངས་གཙོ་བེད་སྤྱེད་གཏོང་ཆོག་གི་མ་རེད་དམ་ ལེན་ཞིག་ཡོད་པ་ཞུ་
ལུང་རྟོགས།
༢༠༡༢/༠༦/༢༦ ཉིན་འདོན་སྤེལ་བྱས།
གཟུ་ལྡན་ཁྱེད་ཀྱང་ད་ཇེ་སྡུག་ལ་བུད་སོང་། དེ་ལས་སྐད་ཆ་འདི་མཚམས་འཇོག་བྱས་ན་ལེགས། བཀའ་ཁྲི་ཟུར་པར་རྒྱབ་སྐྱོར་བྱས་པ་དང་། །སྲིད་སྐྱོང་གསར་པར་སྐྱོན་བརྗོད་བྱས་པ་གཉིས། །འཁྱོག་པོའི་མི་ཡིས་ཁྱད་པར་མཐོང་སྲིད་ཀྱང་། །ལྷག་བསམ་ཅན་གྱིས་བལྟས་ན་གཅིག་པར་མཐོང་། །འདོར་ན་འདི་འདྲའི་སྐད་ཆ་ཐམས་ཅད་ནི། ། དགྲ་ལ་དགོས་པའི་སྐད་ཆ་ཡིན་པ་ལས། །རང་ལ་མཁོ་བའི་སྐད་ཆ་མ་ཡིན་པས། །དཔྱོད་ལྡན་རྣམས་ཀྱིས་འགོ་བའི་ནད་བཞིན་སྤངས།།
གཟུ་ལྡན་
༢༠༡༢/༠༦/༢༥ ཉིན་འདོན་སྤེལ་བྱས།
བསོད་ནམས་རྒྱ་མཚོ་ལགས་ཁྱེད་ཉིད་ལ་ཤ་ཚ་ མིག་ཡོད་ན་ དམ་པ་ངོ་མིན་ཤེས་པའི་སྐྱེ་བོ་ཞིག་རེད་བཞག་འདུག་ རྒྱ་མི་གིས་ ༸རྒྱ་བ་རིན་པོ་ཆེ་དང་ ༸ཟམ་གདོང་རིན་པོ་ཆེ་རྣམ་གཉིས་མེད་པ་ཆགས་ན་བོད་ཀྱི་འཐབ་རྩོད་འཇུག་རྫོགས་པ་ངེས་འཛིན་བྱེད་གི་ཡོད་རེད་ དངོས་གནས་བྱས་ན་ དེང་སྐབས་བཀའ་ཁྲི་གསར་པའམ་ བཀའ་ཤག་གསར་པའི་གནད་དོན་དགེ་སྐྱོན་གང་ཡོད་ བགྲོ་གླེང་གནང་ཐུབ་ན་དགེ་མཚན་ཆེ་བ་མིན་འདུག་གམ་ ལྟ་གྲུབ་གསུམ་ངོམས་ཏེ་ ཚིག་རྫིག་པོ་ གཟུགས་ཡག་ཁུང་སྟོང་གི་བཀའ་མོལ་ ལོ་རྒྱུས་སྨྲ་བ་ལས་ ཐབས་ཇུས་གནད་ལ་འཁེལ་བ་མེད་པ་ མི་མང་ལ་ངོ་དགའ་སྤྲེད་ལེབ་ལས་ དོན་དངོས་པའི་ཐོག་ལ་ འགྲུབ་རྒྱུ་གང་ཡང་མེད་པ་ དཔེར་ན་ ཆེ་མཐོང་ལྡན་པ་ ངོ་བོ་ག་འདྲ་ཞིག་ལ་ཟེར་བ་རེད་ རྗེས་མ་གནས་ཚུལ་སྡུག་པ་ཞིག་བྱུང་ན་ བཀའ་ཤག་ནས་སྔོན་མ་ལབ་པ་ཡིན་པ་ ཆེ་མཐོང་ལྡན་པ་ དེ་དང་འགལ་བ་རེད་ཟེར་ བོད་ནང་ཁྱད་ལས་པ་འབུམ་གཅིག་ཙམ་ཐོན་ཐུབ་བྱེད་གི་ཡིན་ཟེར་ ཧ་ཅང་རྒོད་དྲོ་བའི་སྐད་ཆ་མ་རེད་དམ་ ག་འདྲ་བྱས་ནས་ སྟངས་འཛིན་གནང་རྩིས་ཡོད་ན་ རྒྱུ་དང་དཔལ་འབྱོར་སོགས་ནས་ རོགས་རམ་འཆར་གཞི་ཐབས་ཇུས་ག་འདྲ་གནང་ནས་ འབུམ་གཅིག་ཐོན་གྱི་རེད་ དྲ་གྲོགས་རྣམས་ནས་ གསུངས་ད་ གཞི་དངོས་པའི་གནས་ཚུལ་མཐུན་གྱི་འདུག་གམ་ སུ་ལ་མགོ་བསྐོར་གཏོང་གི་ཡོད་དམ་ ཞེས་ན་ བོད་མི་རིགས་འདི་མགོ་བསྐོར་འོག་ལ་ཚུད་གྱི་ཡོད་རེད་ བོད་མི་རིགས་འདིར་ གྱོང་རག་གི་ཡོད་པ་རེད་ ཕྱི་འབྲེལ་བཀའ་བློན་དང་ ཆོས་རིག་བཀའ་བློན་སོགས་ལ་གཟིགས་ཞིབ་གནང་ད་ རྒྱལ་ཁབ་ཅིག་གི་བཀའ་བློན་ངོ་ཚབ་མཚོན་ཐུབ་པ་འདུག་གམ་ ཆོས་དང་ཆབ་སྲིད་གང་གི་ཐད་ལ་འདང་གི་འདུག་ གུས་ཐ་ཤལ་བས་མཐོང་ཚུལ་ལ་ ད་ལན་བཀའ་བློན་རྣམས་ངན་པ་དཔུང་སྒྲིག་གི་ཚུལ་དུ་སླེབས་པ་འདྲ་པོ་མཐོང་གི་འདུག་ རང་ཅག་ལ་ ཤེས་འཇོན་གཉིས་ལྡན་བཀའ་བློན་འཇོན་པ་མང་པོ་ཡོད་ ཡིན་ན་ཡང་ བཀའ་ཁྲི་སེང་གེ་ལགས་ནས་ ཁྱེད་རང་ཚོས་གུས་རང་ལ་བཀའ་ཁྲི་འོས་ཤོག་བླུག་ན་ ཁྱེད་རང་བཀའ་བློན་ལ་གདམ་ཡང་ཟེར་ནས་ འཚང་རྒྱག་པ་རང་རེད་བཞག་ དངོས་བདེན་ཡིན་ ཁུངས་ལུང་དྲན་རྟགས་བཅས་ཡོད་ ག་དུས་ཡིན་ན་ ལྟ་གྲུབ་གསུམ་གྱིས་བོད་ཀྱི་བདེན་ཐབས་ག་འདྲ་བྱས་ནས་སེལ་ཐུབ་ན་ཨ་ དྲ་གྲོགས་རྣམས་ནས་ མ་འོངས་གལ་ཆེ་བས་ མང་གཙོའི་ཐོབ་ཐང་བེད་སྤྱོད་དེ་འགན་མཉམ་འཁྱེར་གྱིས་བཀའ་ཤག་གསར་པའི་སྐོར་སྐྱོན་དང་དགེ་མཚན་སོགས་ལ་བགྲོ་གླེང་གནང་ཐུབ་ན་ བོད་མི་རིགས་ལ་ཐུགས་ཕན་གསོ་ངེས་ཡིན་ འཕྲལ་སེལ་ངོ་དགའ་སྤྲེད་ལེབ་འཁྲབ་ན་ ཕུངས་རྒྱང་རིང་པོའི་ཐོག་ལ་ བོད་ལ་གྱོང་རག་པ་ཐེ་ཚོམ་མེད་ སྙིགས་དོར་བཅུད་ལེན་ངང་ ༸ གོང་ས་མཆོག་གིས་མང་གཙོ་ཡང་དག་པ་གསོལ་རས་གནང་ཡོད་པས་ བོད་རིགས་སྐྱེ་བོ་གནམ་བསྟན་ཡོངས་ནས་ཆོལ་གསུམ་གཅིག་ཏུ་སྒྲིམ་པའི་གཞུང་དེ་བདག་སྤྲོད་གནང་དགོས་ ལྷ་ཁང་མེས་ཚིག་ན་ རྒོད་མོ་ཚུག་ཚུག་ གཏོར་མ་ཁྱི་ཡིས་འཁྱེར་ན་རྒོད་མོ་ཚུག་ཚུག་ གནང་ན་ བོད་ཀྱི་འཐབ་རྩོད་ལ་ཁ་ཤོད་དོན་སྟོང་ལས་ དོན་ཕན་ལྡན་པ་ཆགས་གི་མེད་པ་ཨ་ཀྱང་ཀྱང་རེད་ གུས་རང་ལ་ཚོར་བ་གང་ཡོད་པ་དེ་བྲིས་པས་ མཁྱེན་ལྡན་ཡོངས་ནས་བཀའ་སློབ་དང་ བཀའ་སྐྱོན་ དགོངས་འཆར་གནང་ན་དགའ་བསུ་ཞུ་ སྡིངས་ཆ་འདིའི་བརྒྱུད་ནས་བརྗོད་གཞི་རྩ་དོན་ཐོག་ དྲ་གྲོགས་ཡོངས་རྫོགས་ནས་རྣམ་དཔྱོད་རྩལ་གོང་འཕེལ་ཡར་རྒྱས་ཡོང་ལ་གཞི་བཞག་ཏེ་མཆན་འབྲི་རོགས་གནང་ ཐུགས་ཆེ་གནང
གཟུ་ལྡན་
༢༠༡༢/༠༦/༢༥ ཉིན་འདོན་སྤེལ་བྱས།
གསེར་འབྲུག་སྡེར་ལྔ་ལགས་ གུས་པས་བྲིས་པའི་མཆན་རྣམས་ཞིབ་ཚགས་གཟིགས་གནང་ན་ལེགས་ གང་ཡིན་ཞུས་ན་ གནད་དོན་ཆ་ཚང་མགོ་ཚིགས་མིན་འདུག་གལ་སྲིད་ནོར་ཡོད་ན་གྲོས་ཚོགས་ནས་ནོར་པ་རེད་ ༡༩༩༧ ལོར་ གྲོས་ཚོགས་ནས་ གྲོད་ཆད་བཞག་སྟེ་ རྒྱ་བོད་འབྲེལ་ལམ་གནད་དོན་འགན་དབང་ཡོངས་རྫོགས་སམ་དབང་ཚད་ཡོངས་རྫོགས་ ༸གོང་ས་མཆོག་ལ་གྲོས་ཆོད་ཀྱི་ལམ་ནས་འབུལ་ཡོད་པ་ དངོས་ཡོད་རེད་ སྐབས་དེའི་བཀུར་འོས་སྤྱི་མཐུན་རྣམས་ལ་དགོངས་སྐོར་ཞུས་པ་འམ་ ཞིབ་འཇུག་མཐིལ་ཕྱིན་གནང་ཐུབ་ན་དགེ་མཚན་ཡོད་པ་སྨོས་མེད་རེད་ དེ་ནས་བརྒྱུད་ལམ་གཅིག་དང་ གྲོས་གཞི་གཅིག་གི་ཐོག་ནས་འབྲེལ་བ་གནང་པ་རེད་ སྐབས་དེར་༸གོང་ས་མཆོག་ལ་དབང་ཚད་འབུལ་ཚར་ཡིན་རྩ ས ༢༠༠༨ དེར་བརྟེན་ནས་དབང་ཚད་བེད་སྤྱོད་དེ་ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བསམ་འཆར་དང་ དེའི་འགྲེལ་བརྗོད་དང་བཅས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་སྤྲོད་པ་རེད་ དེའི་སྐོར་གྲོས་ཚོགས་ནང་ ལ་ བགྲོ་གླེང་དང་ གསན་ཞིབ་སོགས་ཞིབ་རྒྱས་ཚོགས་ཀྱང་ མཐའ་དོན་ གྲོས་ཚོགས་ནས་ ༡༩༩༧ ལོར་ གྲོས་ཚོགས་ནས་ གྲོད་ཆད་བཞག་ཡོད་སྟབས་ དབང་ཚད་ཡོངས་རྫོགས་འཛིན་སྐྱོང་བཀའ་ཤག་འདུག་པས་ ད་ལེན་རྒྱ་ནག་ལ་སྤྲོད་སྟངས་ཆ་ནས་ནོར་མིན་འདུག་ སྔར་གྲོས་ཆོད་བཞག་པ་དེ་ ཕྱི་བསྡུ་མེད་པའི་ཐོག་ ཕྱིན་ཆད་ཡང་འདི་ལུགས་ལྟར་ཡིན་པའི་དགག་བཞག་ཅིག་མེད་པས་གྲོས་ཆོད་བཞག་ཡོད་པས་ གལ་སྲིད་དོ་སྣང་ཆད་ལྷག་མེད་པ་སྤྲོད་ཐུབ་ན་ལེགས་ མགོ་ཚིགས་ལ་ མ་ཚིགས་པའི་བཀའ་མོལ་མ་གནང་ན་དགེ་མཚན་ཆེ་ གང་ཡིན་ཞུས་ན་ སྤྱི་ཚོགས་ནང་ཕན་རྒྱུ་ཚབ་ལས་ གནོད་པའི་རང་བཞིན་ཆགས་ངེས་ཡིན་པས་ གནདོན་ངེས་པར་དགོངས་པ་འཇགས་དགོས་ གུས་པའི་གྲོས་ཚོགས་ཀྱི་ཡིག་ཆ་གཞི་བཞག་ཁུངས་དེད་པ་ཡིན་པས ཞིབ་རྩ་མཁྱེན་འདོད་ན་ དེའི་སྐོར་ལ་ཡིག་ཆ་ཡོངས་རྫོགས་འཛིན་སྐྱོང་བཀའ་ཤ་དང་ གྲོས་ཚོགས་གཉིས་ལ་འབྲེལ་བ་གནང་ན་རག་ངེས་ཡིན་ གངས་ཅན་པ་ནས་ གལ་སྲིད་ལེན་གནང་ན་ ཨ་ལེབ་སྔོན་ལ་སྒྲོམ་འདི་མགོ་ཚིགས་པ་བྱས་ཏེ་ལྗགས་ལེན་ཡོད་པ་ཞུ་ ཐུགས་ཆེ་གནང།
གསེར་འབྲུག་སྡེར་ལྔ་
༢༠༡༢/༠༦/༢༥ ཉིན་འདོན་སྤེལ་བྱས།
མྱ་ངན་ལགས།
ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་རྣམ་དཔྱོད་དམ་ཤེས་རབ་ཀྱི་བློ་མིག་དེ་རང་རྒྱུད་ལ་རྣལ་མ་ཞིག་སྐྱེས་ཡོད་ན། དེས་རྒྱུད་ཀྱི་ཉོན་རྨོངས་ཐམས་ཅད་དྲུང་ནས་འབྱིན་པར་བྱས་ནས་ད་གཟོད་མི་གནས་པའི་མྱང་འདས་སྒོ་འཕངས་མངོན་དུ་བྱས་ཟིན་ཡོད་རྒྱུ་རེད་པ། བྱས་ཙང་ང་ཚོ་ཚང་མ་འཁོར་བ་འདིའི་ནང་གནས་སྟེ་ཁྱོད་དང་ང་ཞེས་ཚིག་ངན་ལུང་པ་གང་གིས་རྩོད་པ་འདི་ནས་བྱུང་བ་རེད་ལ་སྨྲ་ཤེས་དོན་གོ་མི་ཡི་མཚན་ཉིད་མ་ཚང་བ་དུད་འགྲོའི་ཁོངས་སུ་གཏོགས་པ་འདྲ་འདྲ་རེད་པ།
མ་ཟད་གཟུ་ལྡན་གྱིས་དམངས་གཙོའི་འགྲོ་ལུགས་ཤེས་མདོག་གིས་གྲོས་ཚོགས་ཀྱིས་ཐག་བཅད་དེ་འཛིན་སྐྱོང་གིས་ལག་བསྟར་གནང་གི་ཡོད་པ་འདྲ་ཞིག་བཤད་འདུག་ཀྱང་། འོ་ན་དེ་ལྟར་ཡིན་ན་ཁྲི་ཟུར་ཚང་འཛིན་སྐྱོང་ཁྲི་པ་ལས་ཐོག་སྐབས་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འབྲུ་འདོན་གྱི་བསམ་འཆར་ཡིག་ཆའམ། རང་སྐྱོང་མངོན་འདོད་ཡིག་ཆ་དེ་གྲོས་ཚོགས་ལ་མ་བསྟན་པར་ཐད་ཀར་གུང་ཁྲན་འཐབ་ཕྱོགས་གཅིག་གྱུར་པུ་ལ་ག་རེ་བྱས་ནས་སྤྲད་པ་རེད། ནུབ་ཕྱོགས་དམངས་གཙོ་ཡང་དག་པའི་འགྲོ་ལུགས་ལ་དཔེ་འདྲེན་གྱི་ཡོད་ན་དེ་འདྲ་རྩ་བ་ཉིད་ནས་མ་རེད། འཛིན་སྐྱོང་ལ་སོགས་པའི་གཞུང་འཛིན་མི་སྣ་ལ་སྐྱོན་བརྗོད་བྱས་མི་ཆོག་པ་ཞིག་དམངས་གཙོའི་སྤྱི་ཚོགས་གང་ན་ཡང་མེད་པ་རེད། སྐྱོན་བརྗོད་དང་ཐེར་འདོན་དགག་བྱ་སོགས་ནི་དམངས་གཙོ་ཡར་རྒྱས་ལ་སྐུལ་འདེད་དང་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། འོན་ཀྱང་གཞི་མེད་ཀྱི་སྐྱོན་འདོགས་དང་དོན་སྟོང་གི་འུར་བསྟོད་གཉིས་ནི་དགོས་མེད་ཀྱི་ལོང་གཏམ་ཁོ་ན་ཡིན་པས་ཅི་ཡང་མི་ཕན་ནོ།
བསོད་ནམས་རྒྱ་མཚོ།
༢༠༡༢/༠༦/༢༥ ཉིན་འདོན་སྤེལ་བྱས།
བསམ་འཆར་སྟོན་མཁན་ཚང་མས་སྤྱི་དོན་ལ་བསམ་ཏེ་མཆན་བུ་འབྲི་ཡི་ཡོད་པར་ཡིད་ཆེས་ཡོད། དགོངས་ཚུལ་མ་འདྲ་བར་ཡོང་དུས་ང་ཁེ་ཁྱོད་ཕམ་བྱེད་དགོས་པ་མ་མཐོང་། མཚམས་རེ་ཚིག་ཕྲན་བུ་མཐོ་དྲགས་སྐྱོན་ཡོང་དུས་ལམ་སང་ཁ་གཏད་གཅོག་རེ་གནང་དགོས་དོན་མེད། མཐར་ཐུག་གི་རྒྱལ་ཁ་སུར་ཐོབ་མིན་དེ་ཀློག་པ་པོ་རྣམས་ཀྱིས་ཐག་གཅོད་ཀྱི་རེད། མཆན་ནང་དུ་རྒྱས་བཤད་བྱེད་ན་དེབ་གཟུགས་འགའ་གྲུབ་ས་འདུག་པས་སྤྱི་ཁོག་ཙམ་ལས་འབྲི་ས་མེད་པས་ཀློག་པ་པོ་རྣམས་ཀྱིས་ཚོར་སྣང་ཙམ་མ་ཡིན་པར་དངོས་ཡོད་དང་ལོ་རྒྱུས་གཞི་བཟུང་ཐོག་ཐག་གཅོད་གནང་པའི་རེ་བ་ཡོད། སྤྱིར་བཏང་ང་ཚོས་ཆོས་ལ་དད་པ་དང་དག་སྣང་སྦྱོང་བའི་གཤིས་དེ་ཆབ་སྲིད་ལའང་དག་སྣང་སྦྱོང་སྟེ་བླ་མའི་མཛད་པ་རེད་ཟེར་ཏེ་ནོར་བ་དངོས་སུ་མཐོང་བཞིན་དྲང་དོན་ངེས་དོན་དང་དགོངས་གཞི་དགོས་པ་མང་པོ་ཞིག་ཕྱེས་བཞིན་པ་དེ་འཛམ་གླིང་སུའི་ཆབ་སྲིད་ལམ་ལུགས་དང་མི་མཚུངས་པར་མ་ཟད་ལོ་རྒྱུས་ལ་ཕྱི་མིག་གཅིག་བལྟས་ན་རང་རེ་ལ་ཁེ་ལས་གྱོང་མང་བ་མཐོང་ངོ་།། 
མྱ་ངན་
༢༠༡༢/༠༦/༢༥ ཉིན་འདོན་སྤེལ་བྱས།
བདེན་རྔ་ལགས་ བསོདནམས་རྒྱ་མཚོ་སོགས་ལ་ གཟུ་ལྡན་ནས་ཁྱེད་རང་ཚོ་ དུད་འགྲོ་དང་གཅིག་མཚུངས་ ཆོས་རབ་ཏུ་རྣམ་པ་འབྱེད་པའི་རྣམ་དཔྱོད་ཀྱིས་ཕོངས་པ་རེད་བྲིས་འདུག་ ལེན་ཞིག་ཨུ་ཡོད་ན་ དགོངས་འཆར་ཞིག་གནང་ཐུབ་པ་མིན་འདུག་གམ་ གུས་པས་བལྟས་ན་ གཟུ་ལྡན་ནས་བྲིས་པ་རྒྱུ་མཚན་མཐོང་
ལུང་རྟོགས།
༢༠༡༢/༠༦/༢༤ ཉིན་འདོན་སྤེལ་བྱས།
བདེན་རྔ་ལགས། ཁྱེད་ཀྱི་སྐད་ཆ་དེ་ནི་བྱིས་པ་བསམ་མེད་ཀྱི་སྐད་ཆ་ལྟ་བུ་ཞིག་རེད། དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར། མིག་དང་རྣ་བ་བཀབ་ནས་སྡོད་མཁན་ཞིག་མིན་ན། རླབས་ཆེན་གྱི་སྐྱེས་བུ་དག་གི་མཛད་ཕྲིན་ལ་རྒྱུས་ལོན་བྱེད་རྒྱུ་ལས་སླ་པོ་རེད། ཁོང་ཅག་གི་ཉིན་རེའི་བྱེད་སྒོ་དག་གསར་འགྱུར་རྒྱུད་ལམ་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན་ཉིན་རེ་བཞིན་ཤེས་རྟོགས་ཐུབ།
བདེན་རྔ་
༢༠༡༢/༠༦/༢༤ ཉིན་འདོན་སྤེལ་བྱས།
ལུང་རྟོགས་ལགས།
ཁྱེད་ཀྱིས་ཟམ་གདོང་མཇལ་ཙམ་ལས་མ་མྱོང་མཁན་ཞིག་ཡིན་ཟེར་བ་དང་། ཁྱེད་ཁོ་ལ་སྐྱོན་ཡོན་གཉིས་དང་བྱས་ཉེས་གཉིས་སོགས་ལས་ཡོན་ཏན་དང་བྱས་རྗས་མང་ཟེར་ན་ནང་འགལ་གྱི་གཏམ་དང་། ཚོད་དཔགས་ཀྱི་ཟོ་ལས་མི་འདུག་སྙམས་ཏེ། ཐུགས་འཁྲ་མ་བཞེས་རོགས་གནང་། ང་ཚོས་རྗས་སོར་ཁོ་ལ་བལྟ་ན་ཤེས་ཀྱི་མོད།
མཐར་ཁྱེད་སྐུ་ཐུགས་བདེ་བ་དང་ཐུགས་བཞེད་འགྲུབ་པའི་སྨོན་འདུན་ཞུ།
ལུང་རྟོགས།
༢༠༡༢/༠༦/༢༤ ཉིན་འདོན་སྤེལ་བྱས།
བདེན་རྔ་ལགས། ང་ནི་རྩ་བཞི་ཆང་ལྔ་སྲུང་མཁན་གྱི་དགེ་སློང་ཞིག་ཡིན་པས་ཆང་གིས་གཟི་དོན་མེད་ལ། ཟམ་གདོང་རིན་པོ་ཆེ་འཇལ་མྱོང་བ་ཙམ་ལས་སྐད་ཆ་ཚིག་ཅིག་བཤད་མ་མྱོང་ལ་འབྲེལ་བ་གང་ཡང་མེད་པས་སྤྲེལ་ལེད་འཁྲབ་དགོས་དོན་མི་འདུག འོན་ཀྱང་ང་རང་བོད་གངས་ཅན་པའི་ཆབ་འབང་དཀྱུས་མ་ཞིག་དང་། ཁོང་རང་གཞུང་གི་དབུ་ཁྲིད་ཟུར་པ་ཞིག་ཡིན་པ་མ་ཟད། སྤྱིར་སྐྱོན་མེད་ཡོན་ཏན་ལྡན་པའི་མི་དཀོན་ཞེས་པ་ལྟར། ཟམ་གདོང་རིན་པོ་ཆེ་ལ་སྐྱོན་གཏན་ནས་ཡོད་མ་རེད་ཞེས་བཤད་མི་ཤེས་ཀྱང་། སྐྱོན་ཡོན་གཉིས་ཀྱི་ནང་ནས་ཡོན་ཏན་མང་བ་དང་། བྱེད་རྗེས་དང་བྱེད་ཉེས་གཉིས་ཀྱི་ནང་ནས་བྱེད་རྗེས་མང་བ་ས་རིས་ཐང་གསལ་རེད། དེས་ན་ངས་ཁོང་ལ་གུས་བཀུར་ཞུ་ཡི་ཡོད་ལ། སོ་སོའི་དབུ་ཁྲིད་ཟུར་པ། རྒན་རབས། མཁས་དབང་ཞིག་ལ་གུས་བཀུར་གཏན་ནས་མེད་པ་དགྲ་བོ་མཐོང་བ་ལྟ་བུའི་བྱེད་བབ་འདི་རིགས་ནི་ནམ་ཡང་ཡ་རབ་ཀྱི་བྱ་སྤྱོད་ཅིག་མིན་པས། ངས་ཁོང་ལ་སྐྱོན་བརྗོད་བྱེད་མཁན་གྱི་དྲ་འབུ་ཚོར་ངོ་རྒོལ་བྱེད་ཀྱི་ཡོད། མཁྱེན་སོང་ངམ།
བདེན་རྔ་
༢༠༡༢/༠༦/༢༤ ཉིན་འདོན་སྤེལ་བྱས།
ལུང་རྟོགས་ལགས།
ཁྱེད་ད་ཐང་ད་ངོ་མ་ཆང་གི་བཟི་ཡོད་པ་འདྲ་བོ་འདུག དེ་མིན་ན་ཁྱེད་ལ་ཟམ་གདོང་ལ་ངོ་དགའ་ཡིན་པ་འདྲ། ཁོང་ཇི་ལྟར་དོལ་རྒྱལ་རྗེས་འབྲང་བ་ཡིན། ཁོང་ཚོས་བརྗོད་པ་ཚད་དོ་རྒྱལ་གྱི་ཕྱོགས་ནས་སྐྱོན་བརྗོད་གྱི་ཡོད་པ་མི་མཐོང་ངམ། ངས་བལྟས་ཁྱེད་རང་ཚུད་པའི་མཆན་འབྲི་མཁོན་ཀུན་དོ་རྒྱལ་བ་ཡིན་པ་མིན་ཐག་ཆོད་རེད། གཞི་འཛིན་ས་མེད་པའི་སྐད་ཆ་མ་བཤད་པར་ཟམ་གདོང་གིས་གསལ་བཤད་ཅི་གནང་རྒུག་ན་མི་ལེགས་སམ།
ཤོག་གྲངས་: [༡] [རྗེས་མ།]
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།