བོད་ཀྱི་རྒྱལ་དར་བསྒྲེངས།

འདོན་སྤེལ། ༢༠༡༢/༠༩/༡༢


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་དེ། ཕྱི་ཚེས་
༡༡ ཉིན་ཨོ་སི་ཊིར་ལེ་ཡའི་ས་གནས་ནེའུ་ཁ་སི་ཊིལ་ས་གནས་བོད་རིགས་ཚོགས་པར་བརྒྱུད་སྤྲོད་བྱས་ཡོད་ཅིང་། ཉིན་དེརསེ་ཌི་ནེ་བོད་རིགས་ཚོགས་པའི་ཚོགས་གཙོ་ནེ་རྒན་ལགས་ཀྱིས་ནེའུ་ཁ་སི་ཊིལ་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་བློ་གྲོས་ལགས་སུ་བརྒྱུད་སྤྲོད་བྱས་ཡོད་པ་དང་ས་ཁུལ་དེའི་སྲིད་གཞུང་གི་ངོས་ནས་བོད་ཀྱི་བདེན་པའི་མེལྕེ་སྐོར་སྐྱོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད། བོད་ཀྱི་རྒྱལ་དར་ས་ཁུལ་དེའི་སྲིད་གཞུང་གི་ལས་ཁུངས་མཁར་རྫོང་གསར་བ་ཟེར་བ་དེའི་ཡང་སྟེང་དུ་ཨོ་སི་ཊིར་ལེ་ཡའི་རྒྱལ་དར་དང་འདྲ་མཉམ་གྱིསྒྲེངའཛུགས་བྱས་ཏེ་ཉིན་གསུམ་རིང་འཇོག་རྒྱུ་ཡིན་འདུག ཨོ་སི་ཊིར་ལེ་ཡའི་ལས་ཁུངས་ཤིག་ཐོག་ཏུ་བོད་ཀྱི་རྒྱལ་དར་ཨོ་སི་ཊིར་ལེ་ཡའི་རྒྱལ་དར་གཉིས་འདྲ་མཉམ་གྱིས་བསྒྲེངས་འཛུགས་བྱས་པ་ད་རེཐེངས་དང་བོ་ཆགས་ཡོད་འདུག

བདེན་པའི་མེ་ལྕེ་དེ་ཐོག་མ་ཟླ་འདིའི་ཕྱི་ཚེས་ ཉིན་ཨོ་སི་ཊིར་ལེ་ཡའི་རྒྱལ་ས་ཁེམ་བྷུ་ར་ནས་གོ་འཛུགས་ཀྱིས་ཉིན་དེར་གྲོང་ཁྱེར་སེ་ཌི་ནེ་ནང་དུ་འབྱོར་ཡོད་པ་དང་སྐབས་དེར་ས་གནས་བོད་རིགས་མཐུན་ཚོགས་དང་ས་གནས་གཞོན་ནུ་དང་བུད་མེད་སོགས་ཚོགས་པ་འདྲ་མིན་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བའི་ཚོགས་པའི་ཚོགས་གཙོ་དང་རྒྱ་རིགས་རང་དབང་རིག་གཞུང་ཚོགས་པའི་ཚོགས་གཙོ་གཙོས་རྒྱ་རིགས་ཁག་ཅིག་བཅས་ལས་འགུལ་དེར་མཉམ་ཞུགས་གནང་ཡོད།

ནེའུ་ཁ་སི་ཊིལ་བོད་རིགས་མཐུན་ཚོགས་ནས་མེལ་བྷོན་ས་གནས་བོད་རིགས་མཐུན་ཚོགས་ལ་བརྒྱུད་སྤྲོད་དང་དེ་ནས་བྷེར་སི་བྷན་བོད་རིགས་མཐུན་ཚོགས་སོགས་ལ་བརྒྱུད་སྤྲོད་ཀྱིས་མཐའ་མཇུག་ཁྲ་སི་མ་ནེ་ཡ་ན་ནས་མཇུག་བསྡུ་རྒྱུ་ཡིན་འདུག

ས་གནས་གསར་འགོད་པ། བཀྲ་ཤིས་རྒྱ་མཚོས

ཤོག་ངོས་འདི་ཐེངས་ ༧༠༧ ལ་བཀླགས་འདུག
རིག་པ་འདོན་པ།
སྣང་གསལ།
༢༠༡༢/༠༩/༡༤ ཉིན་འདོན་སྤེལ་བྱས།
ལ་སོའོ་ཡག་པོ་རེད་བཀའ་དྲིན་ཆེ་བདེན་པར་རྒྱབ་སྐྱོར་མུས་འཐུས་གནང་རོག་
བོད་རྒྱལ་ལོ་བདེན་པ་རྒྱལ་ལོ་བདེན་མཐའ་གསལ་ལོ།།
ཁྱམས་འཇུགས་
༢༠༡༢/༠༩/༡༣ ཉིན་འདོན་སྤེལ་བྱས།
ང་ཚོ་ལ་མི་ཐོང་གནང་ཐུགས་ཆེ་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།