པཱ་ཀི་སི་ཐན་ནང་མེ་སྐྱོན།འདོན་སྤེལ། ༢༠༡༢/༠༩/༡༣
དེ་རིང་ཕྱི་ཚེས་ ༡༣ ཉིན་པཱ་ཀི་སི་ཐན་གྱི་གྲོང་ཁྱེར་ཀ་རཱ་ཆེ་ནང་གི་གྱོན་ཆས་བཟོ་གྲྭ་ཞིག་ལ་མེ་སྐྱོན་བྱུང་སྟེ། མི་ ༢༤༧ རྐྱེན་ལམ་དུ་ཕྱིན་ཡོད་འདུག
ཕྱི་ཚེས་ ༡༡ ཉིན་པཱ་ཀི་སི་ཐན་གྱི་གྲོང་ཁྱེར་ཀ་རཱ་ཆེ་ (Karachi) ནང་གི་གྱོན་ཆས་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཤོར་ཏེ། ཆུ་ཚོད་ ༡༥ རིང་མེ་གསོད་མ་ཐུབ་པར་ལྷག་ཡོད་འདུག་ལ། དེ་རིང་པཱ་ཀི་སི་ཐན་གཞུང་གིས། མེ་སྐྱོན་དོན་རྐྱེན་དེའི་ཁྲོད་མི་ ༢༤༧ རྐྱེན་ལམ་དུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། མི་མང་པོ་ཞིག་ཉེ་འཁོར་གྱི་སྨན་ཁང་ཁག་ཏུ་མྱུར་སྐྱོབ་དང་། ད་དུང་མེ་སྐྱོན་ཁྲོད་ཤི་རྨས་ཐེབས་མཁན་ཡོད་མེད་འཚོལ་ཞིབ་བྱེད་བཞིན་ཡོད་འདུག
ད་ཆར་པཱ་ཀི་སི་ཐན་གཞུང་དང་ཉེ་རྟོག་པས་མེ་སྐྱོན་དེ་བཟོ་གྲྭའི་དོ་དམ་ལ་འཐུས་ཤོར་ཕྱིན་པ་ཞིག་དང་། ཡང་ན་ཆེད་དུ་གཞན་གྱིས་གནོན་འཚེ་བཏང་པ་ཞིག་ཡིན་མིན་ཐད་ཞིབ་བཤེར་བྱེད་ཀྱི་ཡོད་འདུག་ལ། བཟོ་གྲྭའི་སྤྱིན་བདག་བཀག་ཉར་གྱིས་འདྲི་གཅོད་བྱེད་བཞིན་ཡོད་འདུག ད་སྔའི་ཞིབ་བཤེར་བྱས་པའི་གནས་ཚུལ་ལྟར་ན། མེ་སྐྱོན་གྱི་རྒྱུ་རྐྱེན་གློག་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག
བཟོ་གྲྭ་དེར་སྒོ་ཆེན་གཅིག་མ་གཏོགས་མེད་སྟབས། མེ་ཤོར་སྐབས་མི་མང་པོ་ཞིག་བྲོས་ཐུབ་མེད་པ་དང་། མང་པོ་ཞིག་ཐོག་ཁང་གི་སྒེའུ་ཁུང་སོགས་ནས་མར་མཆོང་སྟེ་སྲོག་ཉེན་ལས་ཐར་ཐབས་བྱས་པའི་ཁྲོད་ཤི་རྨས་ཚབས་ཆེན་བྱུང་ཡོད་འདུག
ཤོག་ངོས་འདི་ཐེངས་ ༡༥༠༩ ལ་བཀླགས་འདུག
| རིག་པ་འདོན་པ། |
སྐྲན། ༢༠༡༢/༠༩/༡༣ ཉིན་འདོན་སྤེལ་བྱས། |
མཚོ་སྔོན་བརྙན་འཕྲིན་ཁང་ནས་རགས་བསྡུས་ཤིག་བསྟན་སོང་ལ། ངོ་མ་འཇིགས་ཡེར་བ་ཞིག་རེད། གསར་འགོད་པར་བཀའ་དྲིན་ཆེ། |
ཀརྨ་རྡོ་རྗེ། ༢༠༡༢/༠༩/༡༣ ཉིན་འདོན་སྤེལ་བྱས། |
ཨ་ཁ་རྙིང་རྗེས་འདས་པོ་ཚོ། བློ་བདེ་བ་གཅིག་ལ་བོད་མི་གཅིག་ཀྱང་མེད་པར་ངེས་པ་རེད་ལགས། |
|