མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཀྲང་ཆིན་ལིས་ཨོ་ལིམ་པིག་རྩེད་འགྲན་མཇུག་སྒྲིལ་རྗེས་བོད་ལ་རིག་གནས་གསར་བརྗེ་ཆེན་པོ་གཉིས་པ་འཚོག་རྒྱུ་ཡིན་ཞེས་ཧོང་ཀོང་གི་དུས་དེབ་ཅིག་གི་སྟེང་བརྗོད་འདུག་ཀྱང་། ལོ་འདིའི་གསུམ་བཅུའི་དུས་དྲན་ཉིན་ནས་བོད་ནང་རིག་གནས་གསར་བརྗེ་གཉིས་པ་སླེབས་ཚར་བར་ངོས་འཛིན་བྱེད་བཞིན་ཡོད་ཅེས་བོད་ཀྱི་དགུ་བཅུ་གསུམ་གྱི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་བརྗོད་ཡོད།

ཕྱི་ཚེས་ ༢༢ ཉིན་བོད་ཀྱི་དགུ་བཅུ་གསུམ་ཚོགས་ཁང་དུ་བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་གསུམ་བཅུའི་དུས་དྲན་རྗེས་ནས་བོད་ས་སྟོད་སྨད་བར་གསུམ་དུ་སྤང་ལ་མེ་སྟག་མཆེད་པ་ལྟར་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ། རྒྱ་ཁྱབ་ཏུ་གྱུར་བ་དེས་བོད་མི་ཚོས་རྒྱ་ནག་གི་བཙན་འཛུལ་གྱི་ལམ་ལུགས་དེར་ངོས་ལེན་མེད་པ་མཚོན་པར་བྱས་པ་མ་ཟད། རྒྱ་ནག་ལ་ངོ་རྒོལ་བྱེད་པའི་རྣམ་འགྱུར་གཅིག་གྲགས་ཡིན་པ་ཡང་གསལ་སྟོན་བྱས་ཡོད་ལ། རྒྱ་ནག་གིས་རྒྱལ་སྤྱིའི་ཆེ་མཐོང་ཡོངས་རྒྱ་ཕྱོགས་སུ་ཐོབ་རྒྱུར་སྟོང་སེམས་འཆང་བཞིན་ཡོད་ནའང་བོད་ནང་གི་སྒེར་ལངས་དེས་བོད་མིའི་འཐབ་རྩོད་དེ་འཚེ་མེད་ཞི་བ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དེ་རྒྱུ་མཚན་ལྡན་པའི་སྒོ་ནས་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་ཕྱི་གསལ་ནང་གསལ་བཟོ་ཐུབ་པ་བྱུང་ཡོད་ཅེས་དང་། ང་ཚོས་ཚོགས་པ་བྱེ་བྲག་པ་སོ་སོའི་ལྟ་གྲུབ་ཀྱི་རྒྱ་ལས་བརྒལ་ནས་བཙན་བྱོལ་ཁྲོད་ཀྱི་བོད་མི་ཚོའི་སྣེ་མང་འཐབ་རྩོད་ཀྱི་ས་བོན་གཅིག་ཏུ་བཏབ་སྟེ། གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ང་ཚོ་བོད་མི་ཡོངས་ནས། བོད་དོན་དང་འབྲེལ་བའི་ལས་འགུལ་ཅི་འདྲ་ཡིན་རུང་། ནུས་པ་གཅིག་ཏུ་སྤུངས་རྒྱུ་དང་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུ། འཐབ་ཕྱོགས་གཅིག་ཏུ་འགྱུར་རྒྱུ་ནི་ཆེས་དགོས་གལ་དུ་མཐོང་གི་ཡོད་ལ། ལས་འགུལ་སྐྱར་ལྡབ་མི་འགྱུར་བ་དང་། ནུས་ཤུགས་ཁ་བྲལ་དུ་མི་འགྲོ་བའི་ཆེད་དུ་བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ་གྱི་རྣམ་པ་ཡང་བརྗེ་བསྒྱུར་བྱས་ཏེ། ངྷ་རམ་ས་ལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དང་། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་མདུན་ཐང་། ཡུ་རོབ་མཐུན་ཚོགས་ཀྱི་མདུན་ཐང་སོགས་གལ་འགངས་ཆེ་བའི་ས་གནས་ཁག་ཏུ་གཞིས་ལུས་བོད་མིའི་མངོན་འདོད་དང་ཕུགས་བསམ་གྱི་དགོས་འདུན་བཅས་ལ་རྒྱབ་སྐྱོར་བྱེད་དགོས་པའི་ལས་འགུལ་སྤེལ་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་དོན་བདེན་རྒྱབ་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཀྲང་ཆིན་ལིས་རྩེད་འགྲན་མཇུག་སྒྲིལ་རྗེས་བོད་ནང་རིག་གནས་གསར་བརྗེ་གཉིས་པ་འཚོག་རྒྱུ་ཡིན་ཞེས་པར་མཐར་ཕྱིན་པའི་གདོང་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་འབྲེལ་ཡོད་ཡིག་ཆ་ཞིག་སྒྲོག་སྦྱངས་གནང་ཡོད།

བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ་ཚོགས་ཆུང་ནི་བོད་ཀྱི་དགུ་བཅུ་གསུམ་དང་། བུད་མེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཀྱིས་གྲུབ་ཡོད་ནའང་། བོད་ཀྱི་དགུ་བཅུ་གསུམ་གྱི་ཚོགས་གཙོས་ང་ཚོའི་ལས་འགུལ་གྱི་ནུས་པ་འཐོར་ཞིག་ཏུ་མི་འགྲོ་རྒྱུ་དང་། རྡོག་རྩ་གཅིག་ཏུ་སྒྲིལ་ཆེད་ཚོགས་པ་བྱེ་བྲག་སོ་སོའི་མིང་དོར་ཏེ། བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ་ཚོགས་པའི་མིང་ཐོག་ཏུ་ལས་འགུལ་སྤེལ་རྒྱུ་ཡིན་ལ། དེ་རིང་ནས་ལས་འགུལ་སྤེལ་མགོ་བརྩམས་པ་ཡིན་ཞེས་བརྗོད་ཡོད།

མཆན། 2

  1. Doko says:
    ལོ་ 14 སྔོན།

    འགྲོ་སོང་དང་ནུས་པ་ཚང་མ་བོད་ནང་ལ་གཏོང་དགོས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་དང་ཨོ་ལིམ་ཕིཀ་གོ་སྒྲིག་ལྷན་ཚོགས་སོགས་ཀྱི་འདུན་ཐང་དུ་སོང་ནས་རང་ཚོར་མཐོང་ཆུང་བྱེད་དུ་བཅུག འགྲོ་སོང་དང་དུས་ཚོད། དཀའ་ལས་ཚང་མ་ཆུད་ཟོས་སུ་བཏང་ནས་ཅི་ཕན། མཉམ་འབྲེལ་རྒྱལ་ཚོགས་ནི་སྟོབས་ཆེན་རྒྱལ་ཁབ་ཚོས་ཁེ་ཕན་ལེན་སའི་ཁང་བ་ཞིག་ལས། མི་རིགས་གཉོམ་ཆུང་ཚོར་མགོན་རོགས་འཚོལ་ས་ཞིག་མ་ཡིན་གསལ་བོ་རེད།

    Reply
  2. གནས་ཚང་། says:
    ལོ་ 14 སྔོན།

    མ་གཞི་ཡག་པོ་ཞེ་དྲག་རེད། ཡིན་ནའི། གོང་ས་མཆོག་གིས་ཉེ་ཆར་ཨ་རི་ནས་བོད་དེ་རྒྱ་ཁོངས་ཡིན་ཞེས་གསུངས་ཚུལ་རྒྱ་ཡིག་སྒང་སླེབས་ཚར། དེ་འདྲ་ཡིན་ན་མི་མང་དཀའ་ལས་གཏད་ནས་ཅི་བྱེད།

    Reply

Leave a Reply to Doko Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist