མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཝན་ཇ་པའོ་ལས་ཁུངས་ནས་ཕྱིར་འབུད་བྱེད་འཆར།

བོད་ཀྱི་དུས་བབ།
༢༠༠༨/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་མཁྲེགས་འཛིན་པ་དག་གིས་རྒྱ་ནག་གི་སྲིད་བློན་ཝན་ཇ་པའོ་སྲིད་བློན་གྱི་གོ་གནས་ལས་ཕྱིར་འབུད་གཏོང་འཆར་ཡོད་སྐོར་དམར་ཤོག་ཚོགས་པའི་ནང་ཁུལ་ནས་གསར་འགྱུར་བརྒྱུད་ལམ་ལ་བཤད་ཡོད་པ་རེད།

ཧོང་ཀོང་གི་དུས་དེབ་སྒོ་འབྱེད་ཅེས་པས་གནས་ཚུལ་སྤེལ་བ་ལྟར་ན། ཝན་ཇ་པའི་ནི་ད་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་གི་ལྟ་བ་མཁྲེགས་འཛིན་པ་དག་གི་དམིགས་འབེན་དུ་གྱུར་ཡོད་པ་དང་། གཅིག་བྱས་ན་བཙན་ཤུགས་ཀྱིས་ལས་གནས་ནས་ཕྱིར་འབུད་བྱེད་སྲིད་པ་རེད་ཅེས་བཀོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་སྡེ་ཚན་དང་མི་དམངས་ཉིན་རེའི་ཚགས་པར་གྱིས་ཝན་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་གོ་སྒྲིག་བྱེད་བཞིན་ཡོད་འདུག་ལ། དེ་ནི་སྲིད་བློན་ཝན་ནི་རྒྱ་ནག་དབུས་གཞུང་གི་མཐོ་རིམ་དབུ་ཁྲིད་ཚོའི་ཁྲོད་དུ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་ཚུལ་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་འདུག

སྒོ་འབྱེད་དུས་དེབ་ཀྱིས། རྒྱ་ནག་གི་བཅོས་སྒྱུར་གྱི་གྲུ་གཟིངས་དེ་ཕ་བོང་གི་སྒང་དུ་འདུག་ལ། མཚོ་ནང་ལ་ནུབ་རྒྱུའི་ཉེན་ཁ་འདུག་ཅེས་ཀྱང་བཀོད་ཡོད་འདུག

ཝན་ལ་སྐྱོན་བརྗོད་བྱེད་མཁན་གྱི་མི་སྣ་གཙོ་བོ་ཞིག་ནི་དབུས་དམར་ཤོག་ཚོགས་པའི་རྒྱུན་ལས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཁེ་ཡོན་ཡིན་པ་དང་། ཁོས། ཀྲུང་གོའི་མི་སྣ་རེ་ཟུང་ནི་ནུབ་ཕྱོགས་ཀྱི་ངག་ལ་ཉན་ནས་འཁྲབ་གིན་འདུག ཅེས་བཤད་ཡོད་ཚུལ་འདུག

ཝན་གྱི་སྙན་གྲགས་ནི་ལོ་འདིར་སི་ཁྲོན་ས་ཡོམ་སྐབས་ཆག་སྒོ་བྱུང་བའི་མང་ཚོགས་ལ་སེམས་གསོ་བྱས་པ་དང་། གངས་སྐྱོན་བྱུང་སར་གཟིགས་སྐོར་དང་རྒྱ་ནག་གིས་བོད་ཐོག་ལ་བཟུང་བའི་སྲིད་བྱུས་འགོག་སྲུང་བྱས་པ་སོགས་ཀྱི་དབང་གིས་ཇེ་ཆེར་གྱུར་ཡོད་པ་རེད་ཟེར།

སྲིད་དོན་དབྱེ་ཞིབ་ལྟར་ན། ཧུའུ་ཅིན་ཐའོ་ཡིས་ཀྱང་ཝན་ལས་གནས་ལས་ཕྱིར་འབུད་བྱེད་པར་དགའ་མོས་བྱེད་ཀྱི་ཡིན་པ་དང་། ཝན་གྱི་ཚབ་ཏུ་ཡོང་སྲིད་པའི་སྲིད་བློན་ནི་ལི་ཁུ་ཆིང་ཡིན་གི་རེད་ཅེས་སྒོ་འབྱེད་དུས་དེབ་ཀྱིས་དབྱེ་ཞིབ་ཀྱང་བྱས་ཡོད་འདུག

མཆན། 5

  1. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    དྲ་གོྲགས་བློ་བཟང་ཀུན་མཁྱེན་ལགས །

    ང་ཚོ་ལ་བདེན་དོན་ཡོད་རེ་ལབ་ནས་བསྡད་ན་ཕམ་ཁ་ལས་ཅི །

    Reply
  2. བློ་བཟང་ཀུན་མཁྱེན says:
    ལོ་ 14 སྔོན།

    དྲ་གྲོགས་ལགས།
    ་་་་་་་་་་་་་་་་་གཅིག་བྱས་ན་གནས་དོན་བདེན་སྲིད་གཅིག་བྱས་ན་གནས་དོན་འདི་ཚོ་ནི་ཆབ་སྲིད་པ་རྣམས་ཀྱིས་འཁྲབ་པའི་ཟློས་གར་ཞིག་ལ་ངོས་འཛིན་བྱ་ཆོག།་འོན་ཀྱང་ང་ཚོས་མིག་གཉིས་དང་ཨ་མཆོག་གཉིས་འཛམ་གླིང་ལ་བསྲིངས་ཏེ་ཡག་པོ་བལྟ་དགོས་ལ་དབྱེ་ཞིབ་ཀྱང་བྱེད་ཐུབ་པ་དགོས།་་ཡིན་ན་ཡང་ང་ཚོས་ཐུགས་འཚབ་དང་ངལ་བ་འཁྱེར་དགོས་དོན་རྩ་ནས་མེད་གང་ཡིན་ཞེ་ན་རྒྱ་ནག་གཞུང་ནམ་ཞིག་རྐུབ་བརྡིན་ཡ་ཡིན་ངེས་ཅན་རེད་་་་རྒྱུ་མཚན་ནི་རྨང་གཞི་བདེན་པ་མིན་པ་རྫུན་གྱིས་ཁེངས་པས་སོ།

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ཐག་བཅད་པས་འདི་མཐུད་དགོས །

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    སྲིད་དོན་དབྱེ་ཞིབ་ལྟར་ན། ཧུའུ་ཅིན་ཐའོ་ཡིས་ཀྱང་ཝན་ལས་གནས་ལས་ཕྱིར་འབུད་བྱེད་པར་དགའ་མོས་བྱེད་ཀྱི་ཡིན་པ་དང་། ཝན་གྱི་ཚབ་ཏུ་ཡོང་སྲིད་པའི་སྲིད་བློན་ནི་ལི་ཁུ་ཆིང་ཡིན་གི་རེད་ཅེས་སྒོ་འབྱེད་དུས་དེབ་ཀྱིས་དབྱེ་ཞིབ་ཀྱང་བྱས་ཡོད་འདུག གནས་ཚུལ་འདི་ལྟབུ་བདེན་ན་ཐེངས །ང་ཚོས་༸གོང་ས་མཆོག་གིས་འདས་མ་འོངས་ད་ལྟ་གསུམ་གྱི་བོད་ཀྱི་རྩ་དོན་ལ་ཐུགས་གནང་མཛད་ནས་ཐག་པས་དབུ་ལམ་ལ་་འགྱུར་བ་གཏོང་དགོས་ལམ་ན་མི་ཆོག་པ་མེད་པ་དང་འདྲ །

    Reply
  5. གནས་ཚང་། says:
    ལོ་ 14 སྔོན།

    འདི་དག་ལ་ཉན་ཡ་ཞེ་དྲག་ཡོད་མ་རེད། ང་རང་གིས་པཱ་ལེ་མངར་མོ་དང་མངར་མོ་མ་ཡིན་པ་ཁག་གཉིས་བཟོས་ནས་མི་རྣམས་ཀྱི་དགའ་མོས་གཞིར་བཞག་གིས་བཙོང་གི་ཡོད་པ་ལྟར། པེ་ཅིང་གིས་ཀྱང་གདོང་པ་དཀར་ནག་གཉིས་ཐོན་པའི་འཁྲབ་སྟོན་ཞིག་འཛམ་གླིང་གི་གར་སྟེགས་སུ་འཁྲབ་འཆར་རེད་ལ། མི་རྣམས་དེར་མགོ་འཐོམས་སུ་བཅུག་ནས་༼སྲིད་དབང་སྒེར་འཛིན་ལམ་ལུགས་༽མུ་མཐུད་དུ་མཇུག་སྐྱོང་དང་། བོད་དོན་སོགས་ལ་རེ་བའི་གཡབ་མོ་ལས་དངོས་དོན་བྱུང་ཡ་མེད་པ་ཞིག་གི་སྒང་དུ་འཇོག་རྩིས་ཡོག་རེད། འོ། སྨྱུ་གུ་འཛིན་མཁན་ཚོས་བཤད་ན། པཱ་ལེ་བའི་དོགས་པ་ག་འདྲ་འདུག་གམ།

    Reply

Leave a Reply to ཨ་རིག་དགེ་མཐོང་། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist