མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གདེང་ཚོད་ཆེན་པོས་དབུ་མའི་ལམ་རྒྱུན་འཁྱོངས་བྱ་རྒྱུ།

བོད་ཀྱི་དུས་བབ།
༢༠༠༨/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ལོ་འདིའི་ནང་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྤྲད་པ་དང༌། དམིགས་བསལ་ཚོགས་ཆེན་བརྒྱུད་བོད་ཕྱི་ནང་དུ་གནས་པའི་བོད་མི་རྣམས་ཀྱིས་ཧ་ཅང་ཚད་མཐོ་བའི་མང་མོས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བསྐྱར་ནན་ཐོབ་པ་འདི་གཉིས་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གལ་ཆེའི་བྱུང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང༌། འབྲེལ་མོལ་བདུན་པའི་སྐབས་རྒྱ་ཕྱོགས་ནས་༧གོང་ས་མཆོག་གིས་མིང་དོན་མཚུངས་པའམ་དོན་སྙིང་ལྡན་པའི་རང་སྐྱོང་དགོས་ཚུལ་གསུངས་པའི་དགོངས་དོན་ངོ་མ་ཇི་ཡིན་འགྲེལ་བརྗོད་གསལ་པོ་དགོས་ལུགས་བརྗོད་པ་ལྟར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ཏུ་གསལ་བའི་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་བོད་རིགས་ཡོངས་ལ་ཡོང་ཐབས་ཀྱི་འགྲེལ་བརྗོད་ཆ་ཚང་ཡིག་ཐོག་ཏུ་སྤྲད་ཏེ། རྒྱལ་སྤྱིའི་ནང་ཕྱོགས་གཉིས་ཀའི་ལངས་ཕྱོགས་གསལ་སྟོན་བྱས་པ་འདིས་འབྱུང་འགྱུར་གྲོས་མོལ་མུ་མཐུད་བྱུང་ན་དེའི་གྲོས་གཞི་ངེས་ཅན་དང༌། གནས་སྐབས་གྲོས་མོལ་མུ་མཐུད་མ་བྱུང་ཡང་རྒྱ་ནག་གི་མང་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་གཉིས་ཀར་༧གོང་ས་མཆོག་གི་བཞེད་དགོངས་ཇི་ཡིན་ངོ་སྤྲོད་ཞིབ་གསལ་བྱུང་བའི་དབང་གིས་སུས་ཀྱང་ཚོད་དཔག་དང་སྒྲོ་སྐུར་བྱ་ཡུལ་མེད་པའི་དངོས་དོན་གཏན་འབེབས་བྱས་ཟིན་པས་འབྱུང་འགྱུར་གྲོས་མོལ་གྱི་གནས་བབ་ཇི་ཆགས་ཀྱི་འགན་ཁུར་ཆ་ཚང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་ཡོད་པ་དང༌། བོད་མིའི་ངོས་ནས་གསལ་བརྗོད་བྱ་དགོས་ཆ་ཚང་ཟིན་ཏེ་ཕྱི་ལོ་ ༢༠༠༢ ནས་འགོ་འཛུགས་བྱས་པའི་འབྲེལ་མོལ་གྱི་རིམ་པ་གཅིག་ཚུལ་མཐུན་མཐའ་བསྡོམས་བྱས་ཡོད། ཅེས་གསུངས་ཡོད།

ཁོང་གིས་མུ་མཐུད་དུ་གསུངས་དོན། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དམིགས་བསལ་ཚོགས་ཆེན་ཞིག་བསྡུ་བསྐོང་བྱས་པའི་ནང་དུའང་གོང་མཚུངས་༧གོང་ས་༧སྐྱབས་མགོན་ཆེན་པོའི་ལམ་སྟོན་དང༌། དབུ་མའི་ལམ་གྱྀ་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པ་བཅས་ལ་བརྟེན། ད་ཆ་བཙན་བྱོལ་གཞུང་གིས་གདེང་ཚོད་ཆེན་པོས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་དམ་འཛིན་ཐུབ་རྒྱུ་མ་ཟད། རྒྱལ་སྤྱིའི་ནང་སྒྲུབ་ཕྱོགས་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་དང༌། ཁྱད་པར་རྒྱ་ནག་མང་ཚོགས་དང་འབྲེལ་མོལ་གོང་མཐོར་སྤེལ་དགོས་པའི་གོ་སྐབས་སུ་སླེབས་ཡོད། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་ང་ཚོའི་བསམ་འཆར་ཡིག་ཆའི་གྲོས་མོལ་རྒྱུན་སྐྱོང་གནང་འདོད་ཡོད་ཚེ་ང་ཚོའི་ངོས་ནས་གྲོས་མོལ་གྱི་སྒོ་མོ་རྒྱུན་དུ་ཕྱེ་ཡོད། ཅེས་དང༌། བཙན་བྱོལ་བོད་གཞུང་གིས་རྒྱལ་སྤྱིའི་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དྲིལ་སྒྲག་དང་སྦྲགས། གོ་རྟོགས་སྤེལ་བའི་ལས་འགུལ་དང༌། རྒྱ་རིགས་མང་ཚོགས་དང་འབྲེལ་མོལ་ཤུགས་ཆེ་རུ་གཏོང་རྒྱུའི་ལས་འགུལ་བཅས་འཆར་གཞི་ལྡན་པའི་ལས་འགུལ་ཁག་གཉིས་ཤུགས་ནུས་བསྐྱེད་དེ་བརྩམ་རྒྱུ་ཡིན་པས་བོད་རིགས་ཡོངས་ནས་ཐུགས་སྣང་དང་མཐུན་འགྱུར་ཤུགས་ཆེ་གནང་བའི་རེ་སྐུལ་བྱེད་ཀྱི་ཡོད། ཅེས་ད་ལྟའི་བཙན་བྱོལ་བོད་གཞུང་གི་ལས་འགུལ་ཁ་ཕྱོགས་གསལ་འདོན་བྱས་པ་མ་ཟད། རྗེས་ལོར་དུས་ཚེས་དང་ས་གནས་གང་འོས་ཤིག་ཏུ་རྒྱ་རིགས་གྲོགས་པོ་རྣམས་ཀྱི་ཚོགས་ཆེན་ཞིག་ཀྱང་བསྐོར་འཆར་ཡོད། ཅེས་གསུངས་སོང༌།

གོང་ཚེས་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱིས་སྤྱི་འཐུས་ཀྱི་གསུང་བཤད་བསྒྲགས་དོན། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བརྩི་སྲུང་ཞུས་པའི་དུས་སྐབས་འཁེལ་བ་ལྷན་ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཛམ་གླིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་གཙིགས་ཆེན་བརྩིས་ནས་སྲུང་སྐྱོབ་གནང་མཁན་དང༌། དེ་བཞིན་རང་དབང་མང་གཙོའི་རྒྱལ་ཁབ་ཁག་ལ་ད་དུང་ཡང་བོད་ནང་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གིས་དྲང་བདེན་མིན་པའི་ཁྲིམས་གཅོད་མུ་མཐུད་བྱེད་བཞིན་པ་དང༌། ཉེ་ཆར་བོད་ནང་རིག་གཞུང་དར་རྒྱས་བཏང་ཡོད་ཚུལ་གྱི་རྒྱབ་ཤ་དཀར་པོའི་དེབ་ཅིག་འགྲེམས་སྤེལ་བྱས་ཡོད་ནའང༌། ད་ལྟ་བོད་ནང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ནང་བོད་མིའི་སྒེར་གཉེར་སློབ་གྲྭ་ཁག་སྒོ་རྒྱག་རྩིས་ཀྱི་ལས་འཆར་མུ་མཐུད་སྒྲིག་བཞིན་པ་སོགས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་ཕྱིན་དང་འགྲོ་མུས་ལ་ངེས་པར་རོགས་སྐྱོར་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུ་རྒྱུ་ཡིན། ཅེས་དང༌། བོད་དོན་འཐབ་རྩོད་ཀྱི་ཐད་དུ་ཁོང་གིས། དེ་རིང་གི་གོ་སྐབས་འདི་བཟུང་སྟེ་རྒྱ་གར་དབུས་དང་ས་གནས་གཞུང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་མཁན་གྱི་རྒྱལ་ཁབ་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་དང༌། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་གྱི་རྒྱབ་གཉེར་སྙན་ཐོ་ལྟར། དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་དེ་བདེན་མཐའ་གསལ་བར་སྔར་ལྷག་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་དང༌། གལ་ཏེ་མ་འོངས་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་ལམ་ཕྱོགས་ལ་འགྱུར་བ་ཕྱིན་ན་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པའི་ནན་བཤད་བྱ་རྒྱུ་ཡིན། ཅེས་གསུངས་སོང༌།

མཆན། 6

  1. ཁ་བ་དཀར་པོ། says:
    ལོ་ 14 སྔོན།

    ད་འོ་ན་ཟམ་གདོང་བླ་མས་བོད་ཡིག་འབྲི་ཀློག་ཐུབ་ཙམ་ཡོད་པ་དེས་ལོ་ངོ་དྲུག་གི་བཀའ་ཁྲིའི་ལས་ཀའི་རིང་ཕན་ཐོགས་ཅི་ཞིག་བྱུང་སོང་།

    Reply
  2. ཁྱུང་ལྡིང༌། says:
    ལོ་ 14 སྔོན།

    ཡང་དེ་རིང་གི་བགྲོ་གླེང་འདི་ལ་གོ་རྒྱུ་ཆེན་པོ་ཞིག་འདུག བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་སྐད་ཡིག་ཚད་འཛིན་བྱེད་ས་བོད་ཡིག་བོད་སྐད་ཡིན་པ་དང༌། རྒྱ་ནག་ལ་ཕུལ་བའི་ས་གནས་རང་སྐྱོང་ཡོང་ཐབས་སྐོར་གྱི་བསམ་འཆར་ནང་དུ་གནད་དོན་གལ་ཆེ་ཤོས་ཤིག་བོད་ཡིག་དང་བོད་སྐད་སྐོར་བཤད་ཡོད་པས་མ་འོངས་པར་བཀའ་ཁྲི་ཙམ་མིན་པར་བཀའ་བློན་ཡོངས་རྫོགས་དང༌། སྤྱི་འཐུས་རྣམས་ཀྱང་བོད་ཡིག་བོད་སྐད་ཚད་ལྡན་ཤེས་མཁན་ཞིག་དགོས་རྒྱུ་དེ་འོས་ཆོས་ཨང་དང་པོ་འཇོག་དགོས་འདུག

    Reply
  3. ཇུས་གཏོགས་དཔོན། says:
    ལོ་ 14 སྔོན།

    ང་ཚོ་བོད་པ་ཚང་ག་ཚོད་མི་དགོས་ག་ཚོད་ཐབས་སྐྱོ་ན་མ་འོངས་པའི་བཀའ་བློན་ཁྲི་པ་དེ་བོད་ཡིག་གི་གནས་ཚད་ཡག་པོ་དང༌། གོ་དོན་ཡག་པོ་རྟོགས་ཐུབ་མཁན། བོད་ཡིག་ཀློག་ཐུབ་མཁན་ཞིག་དགོས་རྒྱུ་རེད། ཁ་བ་དཀར་པོ་ལགས། ཁ་སྔོན་དམིགས་བསལ་ཚོགས་ཆེན་གྱི་ཚོགས་ཆུང་ལྔ་པའི་ཚོགས་གཙོ་བློ་བཟང་སེང་གེས་སྙན་ཐོ་ཚོགས་ཆེན་ཐོག་མ་བཀླགས་པ་དེ་ག་རེ་རེད་དྲན་གྱི་འདུག་གམ།

    Reply
  4. ཁ་བ་དཀར་པོ། says:
    ལོ་ 14 སྔོན།

    ངོ་མ་ང་ཚོའི་སྲིད་གཞུང་འདི་བཙན་བྱོལ་སྲིད་གཞུང་ནས་བཙན་གཡེམ་སྲིད་གཞུང་ཞིག་ཏུ་འགྱུར་བཞིན་འདུག ཟམ་གདོང་བླ་མ་བརྗེས་ནས་བློ་བཟང་སེང་གེ་བཀའ་ཁྲིར་བཞག་ན་ཡག་ཤོས་རེད།

    Reply
  5. ཁ་བ་དཀར་པོ། says:
    ལོ་ 14 སྔོན།

    ད་ལྟའི་བཀའ་ཤག་འདིས་ངོ་མ་བོད་མི་དམངས་ལ་ཆབ་སྲིད་ཀྱི་བཙན་གཡེམ་བྱེད་བཞིན་འདུག ད་ལྟ་བར་དུ་རྒྱ་མིས་དབུ་མའི་ལམ་ལ་ངོས་ལེན་མ་བྱས་པ་རེད་མ་གཏོགས་དེ་རིང་བར་དུ་རྒྱ་མིས་དབུ་མའི་ལམ་གྱི་སྲིད་བྱུས་མ་ཤེས་པ་ག་ལ་ཡིན།

    Reply
  6. ཁྱུང་ལྡིང༌། says:
    ལོ་ 14 སྔོན།

    ཧ་ཧ། བཀའ་ཁྲིས་དམིགས་བསལ་ཚོགས་ཆེན་བེད་སྤྱོད་ཡག་པོ་ཞིག་བཏང་ནས་དབུ་མའི་ལམ་གྱི་དར་རྟགས་དེ་དགུང་སྔོན་དབྱིངས་སུ་བསྒྲེངས་འདུག ད་དེ་རིང་གི་དབུ་མའི་ལམ་དེ་ག་འདྲ་ཞིག་ལ་ངོས་འཛིན་གྱི་ཡོད་ན། མ་ཟད་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དྲིལ་བསྒྲགས་དང་སྦྲགས། གོ་རྟོགས་སྤེལ་བའི་ལས་འགུལ་རྩོམ་རྒྱུ་ཡིན་ཚུལ་བཤད་འདུག་པས་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་མཁས་ཅན་གྱིས་སྐུ་ཚབ་ཚོར་གོ་རྟོགས་སྤེལ་བ་དང་མཉམ་བསྲེ་བྱ་རྒྱུ་ཡིན་ནམ། ཡང་ན་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

    Reply

Leave a Reply to ཁྱུང་ལྡིང༌། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist