མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གངས་སྐྱིད་དུ་མེ་སྐྱོན་བྱུང༌།

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

གངས་སྐྱིད་དཔེ་མཛོད་ཀྱི་ལས་ཤག་ཅིག་ལ་མེ་སྐྱོན་ཚབས་ཆེན་བྱུང་སྟེ། དགུང་ལོ་ ༨༦ ཡིན་པའི་ལྷ་བྲིས་དགེ་རྒན་ཞིག་མེ་སྐྱོན་ཁྲོད་འདས་གྲོངས་སུ་སོང་ཡོད།

 

 

དེ་རིང་ཉིན་གུང་ཆུ་ཚོད་ ༢ དང་སྐར་མ་ ༡༥ ཡས་མས་སུ་ངྷ་རམ་ས་ལའི་གངས་སྐྱིད་བོད་གཞུང་དཔེ་མཛོད་ཁང་གི་གཡོན་ཟུར་དུ་ཡོད་པའི་དཔེ་མཛོད་ལས་ཤག་ཅིག་ལ་མེར་སྐྱོན་ཚབས་ཆེན་བྱུང་ཡོད་པ་དང༌། དེར་དགུང་ལོ་ ༨༦ ལ་སླེབས་པའི་ལྷ་བྲིས་དགེ་རྒན་རྒན་སངས་རྒྱས་ཡེ་ཤེས་ལགས་མེ་སྐྱོན་ཁྲོད་འདས་གྲོངས་སུ་སོང་ཡོད་འདུག ཁང་མིག་ ༣ ལ་མེར་ཤོར་ཡོད་པ་དང༌། ཁང་པ་དེ་གསུམ་ནི་དཔེ་མཛོད་ཀྱི་ནང་ཆོས་དགེ་རྒན་ཆོས་མཛད་དབང་རྒྱལ་ལགས་དང༌། དགེ་བསོད་ནམས་རིན་ཆེན་ལགས། འདས་གྲོངས་སུ་སོང་བའི་དགེ་སངས་རྒྱས་ཡེ་ཤེས་ལགས་བཅས་ཀྱི་ཁང་པ་ཡིན་འདུག

 

 

དགེ་བསོད་ནམས་རིན་ཆེན་བདུན་ཕྲག་དགའི་སྔོན་ལ་ཕྱི་རྒྱལ་དུ་ཕྱིན་ཡོད་པ་དང༌། དགེ་ཆོས་མཛད་དབང་རྒྱལ་ལགས་གཞན་ལ་གྲོང་ཆོག་ཏུ་ཕྱིན་ཡོད་འདུག དེ་བཞིན་དགེ་སངས་རྒྱས་ཡེ་ཤེས་ལགས་ལ་མཆོད་གཡོག་གྲྭ་ཚེ་རིང་ཟླ་བ་ཞུ་ཞིག་ཡོད་ཀྱང༌། སྔ་དྲོ་ཆུ་ཚོད་ ༡༡ ཙམ་ནས་མེག་ལོར་ལ་དབྱིན་ཡིག་འཛིན་གྲྭ་ཞིག་ཏུ་ཕྱིན་ཡོད་སྟབས། མེ་སྐྱོན་བྱུང་སྐབས་དགེ་སངས་རྒྱས་ཡེ་ཤེས་གཅིག་པུ་ཡིན་འདུག ཐེངས་འདིར་གཟའ་སྤེན་དང་ཉི་མ། ཟླ་བ་བཅས་བསྟུད་མུར་ཉིན་གསུམ་ལ་གངས་སྐྱིད་ཁུལ་གྱི་ལས་ཁུངས་ཡོངས་གུང་སེང་ཡིན་སྟབས། ཡུན་རིང་ཞིག་ལ་མེ་གསོད་མཁན་བྱུང་ཡོད་མི་འདུག་ལ། ཆུ་ཚོད་ ༢ དང་སྐར་མ་ ༥༠ ཙམ་ལ་རྒྱ་གར་མེ་གསོད་རུ་ཁག་སླེབས་ཀྱང༌། སྐབས་དེར་ཁང་མིག་གསུམ་ཀ་མེར་ཚིག་ཚར་འདུག

 

 

སྐབས་དེར་འདི་གའི་གསར་འགོད་པས་ངྷ་ས་ས་གནས་མགོ་འཛིན་ཚེ་རིང་ཕུན་ཚོགས་ལགས་སུ་མེ་སྐྱོན་བྱུང་རྐྱེན་དང༌། མེ་སྐྱོན་ཁྲོད་གནད་དོན་གཞན་བྱུང་ཡོད་མེད་བཅར་འདྲི་ཞུས་སྐབས་ཁོང་གིས་གསུངས་དོན། དེ་རིང་ཉིན་གུང་ཆུ་ཚོད་ ༣ ཙམ་ལ་བདེ་སྲུང་བཀའ་བློན་གྱིས་ཁ་པར་འབྱོར་སོང༌། དེ་ནས་རྒྱ་གར་ཉེན་རྟོག་པ་སྐད་བཏང་སྟེ་ཡོང་སྐབས། ཁང་པ་གསུམ་ཀ་མེར་ཚིག་ཚར་འདུག འོན་ཀྱང༌། ཁང་པའི་ནང་དུ་མི་ཡོད་མེད་ཤེས་ཐུབ་མི་འདུག ཕྱི་དྲོ་ཆུ་ཚོད་ ༤ ཙམ་ལ་དགེ་སངས་རྒྱས་ཡེ་ཤེས་ཀྱི་མཆོད་གཡོག་གྲྭ་ཚེ་རིང་ཟླ་བ་སླེབས་ཏེ་གཞི་ནས་ཁང་པའི་ནང་རྒན་སངས་རྒྱས་ཡེ་ཤེས་ཡོད་པ་ཤེས་ཏེ། སྔོག་བཤེར་བྱེད་སྐབས་རྒན་ལགས་གྲོངས་ཚར་འདུག

 

 

མེ་སྐྱོན་བྱུང་རྐྱེན་མཆོད་མེ་དང་དབུགས་ཐབ་གང་ཡིན་གསལ་བོ་ཤེས་ཐུབ་མི་འདུག ཁང་པ་གསུམ་ཀའི་ནང་གི་ཅ་དངོས་ཡོངས་རྫོགས་ཚིག་ཚར་འདུག གཞན་དགེ་བསོད་ནམས་རིན་ཆེན་གྱི་ཁང་པའི་ནང་ནས་ཧིན་སྒོར་སུམ་ཁྲི་བཞི་སྟོང་ཙམ་ཐོན་སོང་མོད་ཕྱེད་ཀ་མེར་ཚིག་འདུག དེ་བཞིན་དགེ་ཆོས་མཛད་དབང་རྒྱལ་ལགས་ཀྱི་ནང་དུའང་ཧིན་སྒོར་ཉིས་ཁྲི་ཙམ་ཡོད་རབས་འདུག མངའ་སྡེ་ཉེན་རྟོག་ལས་ཁུང་དང་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་ངོས་ནས་གང་ཐུབ་ཀྱིས་གུན་གསབ་རོགས་རམས་བྱ་རྒྱུ་ཡིན་གསུངས་སོང༌། ཞེས་བརྗོད་སོང༌།

མཆན། 6

  1. གཞིས་ལུས་བོད་པ། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ། སྐུ་གཤེགས་དེ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    རྐྱེན། གློ་བུར་བའི་རྐྱེན་དེའི་འདས་པོ་དེ་ལ་རྐྱེན་མ་བྱས། མིང་དང་སྙན་གྲགས་གང་ཡང་མེད་པར་མེ་ལྕེ་དྲག་པོའི་དེའི་ནང་དུ་སྡུག་བསྔལ་ག་འདྲ་ཞིག་མྱོང་ཡོད་དམ། བླ་མ་དཀོན་མཆོག་མཁྱེན། སྐྱེ་འགྲོ་སུ་ཡིན་ན་ཡང་འདི་འདྲ་དང་གདོང་ཐུག་མི་རྒྱག་པར་སྨོན། སྐྱེ་ན་གཅིག་བུར་སྐྱེ་བ་ཡིན།། འཆི་ན་གཅིག་བུར་འཆི་བ་ཡིན།། ཡིན་ཡང་འཆི་སྟངས་དེ་ནི་ཅི་འདྲའི་ཡ་བ་ཞིག་རེད།

    Reply
  3. སྒྲོལ་མ། says:
    ལོ་ 14 སྔོན།

    ངོ་མ་སེམས་སྐྱོ་བ་ལ། འདས་པོ་ལས་ཤུལ་དུ་ལུས་པའི་ཁྱིམ་བདག་ཚོ་སྙིང་མ་རྗེ། ཡུལ་གྱར་སྤུན་ཟླའི་འཚོ་གནས་ལ་མེ་ཡི་འཇིགས་པ་རབས་དང་རིམ་པ་བྱུང་ཡོད། ཉེ་སྔོན་ཁྲོམ་ར་ཞིག་ལ་མེ་སྐྱོན་བྱུང་བ་དང་། སྔོན་མའང་མེ་སྐྱོན་རབས་དང་རིམ་པ་བྱུང་བ་རླུང་འཕྲིན་ལས་ཐོས།

    Reply
  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    དེ་རིང་འཛིན་གྲྭ་གྲོལ་ཏེ་ཉལ་ཁང་དུ་སླེབས་རྗེས་གློག་ྐླད་ཀྱི་སྒོ་ཕྱེས། ཡིད་སྐྱོ་བའི་གནས་ཚུལ་ཞིག་བཀོད་འདུག
    འདས་བོ་གང་ཉིད་དག་ཞིང་ནས་སྐྱེས་བར་ཤོག
    ད་དུང་ངེད་ཀྱི་སེམས་པ་གཅིག་སྐྱོའི་སྒང་ལ་ཉིས་སྐྱོ་ཆགས་སོང་། གསར་འགོད་པས་གནས་ཚུལ་བཀོད་པ་ལྟར་ན།
    ཆུ་ཚོད་༢དངསྐར་མ་༥༠ཙམ་ལ་རྒྱ་གར་མེ་གསོད་རུ་ཁག་སླེབས་ཀྱང་ཁང་མིག་གསུམ་ཀ་མེ་ཡིས་ཚིག་ཚར་འདུག་ཟེར།
    སྟབས་ཉེས་བ་ཞིག་ལ་རྡ་ས་ས་གནས་འགོ་འཛིན་ཚེ་རིང་ཕུན་ཚོགས་ལགས་ལ་ཆུ་ཚོད་༣པ་ཙམ་ལ་བདེ་སྲུང་བཀའ་བློན་གྱི་ཁ་པར་སླེབས་སོང་ཟེར།
    གཞན། དཔེ་མཛོད་ཁང་གིས་ཀྱང་མཁས་དབང་རྒན་པ་ཚོ་བེད་སྤྱད་པ་ནང་བཞིན་མ་འོངས་བར་རྒན་ཆོས་མཛད་དབང་རྒྱལ་ལགས་དང་དགེ་བཤེས་བསོད་ནམས་རིན་ཆེན་གཉིས་ཀྱི་སྡོད་ཤག་ཚུན་ནས་བལྟ་རྟོག་ཡག་པོ་གནང་རོགས་མཁྱེན།

    Reply
  5. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    ས་ཆུ་མེ་ཡི་འཇིགས་ལས་སྐྱབས་ཏུ་གསོལ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། དག་པའི་ཞིང་དུ་སྐྱེ་བར་ཤོག

    Reply
  6. ཨ་རིག་འགྱུར་མེད། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply

Leave a Reply to ཨ་རིག་འགྱུར་མེད། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist