བོད་རིགས་ན་གཞོན་རྩོམ་པ་པོ་ཨ་འཇམས་དབྱངས་ཚུལ་ཁྲིམས་སམ། ཨ་འཇམ་ལགས་ཀྱིས་བྲིས་པའི་བོད་ཁམས་ཉུལ་བ་ཞེས་པའི་དཔེ་དེབ་འདི་ནི། སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༡༠ བར་བོད་གཞུང་ཤེས་རིག་དཔར་ཁང་ནས་དཔར་སྐྲུན་བྱས་ཡོད་ལ། ཤོག་ངོས་ ༥༩༠ དང༌རྩོམ་ཡིག་གམ་ཟིན་བྲིས་ ༡༠༩ ཙམ་བསྡུ་སྒྲིག་བྱས་པའི་མི་སྒེར་གྱི་ལོ་རྒྱུས་སམ། གསང་བའི་འགྲུལ་བཞུད་ཐེངས་གཅིག་གི་བྱུང་རིམ་ཡིན།
དཔེ་དེབ་འདིའི་ནང་དོན་གཙོ་བོ་ཨ་འཇམ་ཁོང༌། སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༧ ཚེས་ ༥ ཉིན་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལ་ནས་མགོ་བརྩམས་ཏེ། གསང་སྟབས་ཀྱིས་བོད་ནང་དུ་འཛུལ་ཞིང༌། བོད་ཡུལ་མདོ་དབུས་ཁམས་གསུམ་རིག་པས་སྐོར་ཏེ། ལོ་དེའི་ཟླ་ ༡༡ ཚེས་ ༢༡ ཉིན་ཕྱིར་འཕགས་ཡུལ་ངྷ་རམ་ས་ལར་འབྱོར་བའི་བར། ལོ་རྒྱུས་རིང་བའི་རྒྱལ་ཁབ་ཅིག སྙིང་རྗེ་ཅན་གྱི་མི་རིགས། རིན་ཐང་ལྡན་པའི་རིག་གནས་ཤིག་གི་སྙིང་སྟོབས་ཀྱི་ཀོ་ཁྲབ་གྱོན་ཏེ། རླབས་ཆེན་གྱི་གསང་ཉུལ་བ་ཞིག་གི་རྡོག་ལམ་གྱི་མཐོང་ཐོས་མྱོང་གསུམ་ཟིན་ཐོར་བཏབས་པའི་གཏམ་བརྒྱུད་ཅིག་ཡིན།
དཔེ་དེབ་དེའི་མཇུག་གཏམ་དུ་རྩོམ་པ་པོ་ཨ་འཇམ་ལགས་ཀྱིས་བརྗོད་དོན། ངས་འདི་ལྟར་འབྲི་བ་ནི་རང་ཉིད་ལས་མགོ་རྩོམ་པའི་རྣམ་པ་ཞིག་ཡིན། ངས་འདི་ལྟར་འབྲི་བ་ནི་བོད་ཀྱི་རྩོམ་པ་པོ་དག་གིས་ཆེས་ཁ་དག་ཉེ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་མང་པོ་འབྲི་བར་རེ་བའི་ཐོག་མའི་སྐྱ་ཐིག་གམ་འབོད་སྐུལ་ཙམ་ཡིན། ངས་འདི་ལྟར་འབྲི་བ་ནི་མ་འོངས་པར་རྒྱུ་ཆ་ཞིག་གི་རིན་ཐང་མཁོ་སྤྲོད་ཙམ་བྱུང་ན་སྙམ་པ་ཡིན། ངས་འདི་ལྟར་འབྲི་བ་ནི་ཞི་བདེ་སྐྲུན་བྱེད་ཀྱི་རིག་གཞུང་ཞིག་དང་བྱམས་སྙིང་རྗེ་ལྡན་པའི་མི་རིགས་ཤིག་བོར་བརླགས་སུ་འགྲོ་བར་ཕངས་སེམས་ཆེ་བས་ཡིན།
ངས་འདི་ལྟར་འབྲི་བ་ནི་དབྱངས་གསལ་སོ་བཞིའི་འགྲུལ་བཞུད་ལས་གངས་རི་དཀར་བོ་མཐོང་བའི་ཐབས་སུ་ཡིན། ངས་འདི་ལྟར་འབྲི་བ་ནི་དམའ་རིམ་གྱི་མི་ལ་ཤ་དང་མཆིན་པའི་བར་ནས་གླེང་མོལ་བྱེད་པའི་གོ་སྐབས་ཤིག་ཏུ་འདོད་པ་ཡིན། ངས་འདི་ལྟར་འབྲི་བ་ནི་གངས་རིའི་ཕྱི་རོལ་ཏུ་འཚོ་བའི་བྲོས་བྱོལ་བ་རྣམས་ཀྱིས་ཀྱང༌། ཕ་ཡུལ་གྱི་ཕྱིར་དུ་ཅི་ཡང་བྱེད་ཕོད་པར་སྙམ་པ་ཡིན། ངས་འདི་ལྟར་འབྲི་བ་ནི་དུས་རབས་ཉེར་གཅིག་པའི་མཐོ་སྒང་བ་འཛམ་གླིང་དུ་དབོར་འདྲེན་བྱེད་ཕྱིར་ཡིན། ངས་འདི་ལྟར་འབྲི་བ་ནི་ཆུ་བོ་དང་རི་བོ་དེ་དག་མྱུར་དུ་མ་འཇིག་ན་འདོད་པས་ཡིན། ངས་འདི་ལྟར་འབྲི་བ་ནི་ཕ་མ་དང་བུ་ཕྲུག་རྣམས་མཉམ་དུ་འཛོམས་ཆེད་ཡིན། ངས་འདི་ལྟར་འབྲི་བ་ནི་རང་བྱུང་ཁམས་ཀྱི་བདེ་འཇགས་དང་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་ཕྱིར་དུ་ཡིན། ཞེས་བཀོད་ཡོད།
གྲོགས་པོ་ལགས།་་་་ང་འདི་ལྟར་ཁྱེད་དང་མཉམ་དུ་བོད་ཁམས་ཉུལ་དུས།་་་་ངས་གཞི་ནས་ང་རང་ཁྱེད་དང་ཤིན་ཏུ་ཐག་ཉེ་ས་ཞིག་ན་འཚོ་བཞིན་པ་ཚོར།།་་རིགས་ཀྱི་བུ་རྒོད་།་་་་བྲིས་ནོ་ཧ་ཅང་བཟང་གི་་་་་་ངས་ཁྱེད་ལ་དུས་གཏན་དུ་བསྟོད་པ་དང་ཡི་རངས་འབུལ་བཞིན་ཡོད།་་་་རེད་ཡ།་ཁྱེད་ཀྱི་སྤོབས་པ་དེ་དང་ཁྱེད་ཀྱི་ཆོད་་་སེམས་དེ།་་་་་ནམ་ཞིག་ལ་འུ་གཉིས་ལྷན་འཛོམས་བྱུང་སྟེ་སྙིང་ཉེ་བའི་གཏམ་འགའ་ཞིག་བཤད་ན་འདོད།།
གྲོགས་པོ་ལགས།
ངས་དེ་རིང་གཞི་ནས་ཁོང་གི་བོད་ཁམས་ཉུལ་བ་ཞེས་པའི་དཔེ་དེབ་དེ་བཀླགས་ཚར་དུས་
རང་ཉིད་ཅི་ཞིག་གིས་ནོངས་པ་མི་ཤེས་ཀྱང་ང་ཁོང་དང་མཇལ་འདོད་སྐྱེས་སོང་། ང་ཁོང་གིས་ཅི་ཞིག་བཤད་པར་ཉན་འདོད་སྐྱེས་སོང་། གཅིག་བྱས་ན། ངས་རིན་ཐང་གཞན་ཞིག་གི་རྙེད་པ་འདྲ།
དེབ་འདིའི་རྩོམ་པ་པོ་མཆོག་ལ་སེམས་གཏིང་ནས་དགའ་བསུ་ཡོད། རྗེས་ཕྱོགས་རྩོམ་པ་པོ་ཁོ་རང་ཡང་དུས་བབ་ཚང་གི་ཟིན་བྲིས་ནང་དུ་ཞུགས་པ་ཡིན་ན་གླེང་མོལ་མང་བོ་ཞིག་བྱེད་རྒྱུ་ལོས་ཡོད་འདོད་བྱུང་། གང་ཡིན་ཟེར་ན་དངོས་ཐོག་བདེན་འཚོལ་གྱི་ལམ་པུ་ནས་ཕན་ཚུན་ལ་དྲི་བ་རེ་དང་ལན་འདེབས་རེ་གནང་བ་ཡིན་ན་ནི། མི་མང་བོ་ཞིག་ལ་ཕན་པར་འདོད། གང་ལྟར། རྩོམ་པ་པོ་འདི་ལྟ་བུ་གང་ན་སུ་ཡོད་པ་དག་ལ་ལམ་ལྷོང་དང་བསམ་དོན་འགྲུབ་པར་ཤོག
ངས་དེབ་དེ་ད་དུང་བྐླགས་མ་ཐུབ་སྟབས་ག་ཚོད་ཡག་པོ་ཞིག་ཡོད་མ་ཤེས་མོད། ཁོང་སྤྱི་ཟླ་བདུན་པའི་ནང་ནས་མགོ་བཙུགས་ཏེ་རྡ་རམ་ས་ལ་ནས་བོད་ནང་དུ་འཛུལ་བ་དང་ལོ་དེའི་སྤྱི་ཟླ་བཅུ་གཅིག་པ་ལ་ཕྱིར་སླེབས་པར་བལྟས་ཚེ་ཕལ་ཆེར་བོད་ཁམས་དེ་ཙམ་ཞིབ་པོ་ཉུལ་ཐུབ་ཨེ་ཡོད་སྙམ་པའི་དོགས་པ་ཞིག་འདུག ཟླ་བ་བཞིའི་རིང་ལ་རྒྱ་གར་ནས་བོད་དུ་གསང་སྟབས་ཀྱི་བསྐྱོད་དགོས་ན་ལམ་དུ་ཡུན་རིང་ཙམ་འགོར་བ་ང་ཚོ་གསར་འབྱོར་ཕལ་མོ་ཆེས་ཤེས་བཞིན་པ་དེ་རེད། ཡུལ་གྲུ་རེ་རེ་བཞིན་ལྟ་སྐོར་ལ་གསང་སྟབས་ཀྱིས་འགྲོ་བ་དང་གནས་ཚུལ་རྒྱུས་ལོན་བྱེད་པ། གནས་ཞུལ་ཟིན་ཐོར་འདེབས་པ་དང་ཕྱིར་རྒྱ་གར་དུ་ཡོང་བ་བཅས་ཟླ་བ་བཞིའི་རིང་ལ་འགྲུབ་ཟེར་བ་དེ་རྩོམ་པ་པོ་དེས་གྲུབ་རྟགས་འདྲ་བསྟན་པ་མིན་ན་འགྲུབ་དཀའ་སེ་མི་འདུག་གམ། གང་ལྟར་ཕན་པ་མེད་ཀྱང་གནོད་པ་མེད་ཐག་ཅོད་ཡིན་སྟབས་མངོན་པར་བསྟོད་པར་འོས་སོ། །
སྐུ་ཞབས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་བྱ་བ་འདི་འདྲ་སྒྲུབ་པ་ནི་སླ་མོ་ཞིག་མ་རེད། དེས་ན་བོད་པའི་མི་རེ་རེས་འདི་ལྟ་བུའི་འགན་རེ་ཁུར་ན་བོད་པ་ཚང་ལ་མདུན་ལམ་ཡོད་ངེས་སོ། །
དེབ་དེ་ཐོག་མར་གྲོགས་པོ་ཞིག་གི་ས་ནས་མཐོང་བྱུང་ཡང་ཁོང་ས་གནས་གཞན་དུ་འགྲོ་རན་པར་བརྟེན་ཞིབ་ཕྲ་ཀློག་རྒྱུའི་གོ་སྐབས་ཐོབ་མ་བྱུང༌། མཐར་ཕྱི་ཟླ་དང་པོའི་ཚེས་ 9 ཉིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་དགེ་སློབ་རྣམ་པས་གོ་སྒྲིག་ཞུས་པའི་སྙན་ངག་གྱེར་འདོན་གྱི་མཛད་སྒོར་བཅར་སྐབས་རྩོམ་པ་པོར་ཆེད་དུ་རེ་ཞུས་བྱས་པ་་དེབ་ཅིག་པར་ཕུད་དུ་གནང་བྱུང་བས་ཞིབ་བཀླགས་བྱས་པ་ཡིན། ཁོང་གིས་སྐུ་ལས་ཚད་མེད་བསྐྱོན་འདུག་པས་རྗེས་སུ་ཡི་རངས་དང༌། ང་ཚོ་མི་རེས་འགན་འདི་ལྟ་བུ་རེ་ཁུར་ཐུབ་པ་ཡིན་ན་འགྲིག་འདུག་བསམ་པ་བྱུང༌།
ཚེ་རིང་རྒྱུ། ཟིན་ཐོ་འདི་དག་ཡག་པོ་ཞིག་བྲིས་འདུག