མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རང་དབང་གཟེངས་རྟགས།

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་ལ་ཨ་རིའི་རྒྱལ་ཡོངས་སྤྱི་དམངས་ཐོབ་ཐང་འགྲེམས་སྟོན་ཁང་ནས་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་འབུལ་འཆར་ཡོད་འདུག

ཟླ་བ་འདིའི་ཚེས་ ༢༣ ཉིན་ཨ་རིའི་ལྷོ་ཤར་མངའ་སྡེ་ཊེ་ནེ་སིའི་གྲོང་ཁྱེར་མེམ་བྷི་སིར་ཡོད་པའི་རྒྱལ་ཡོངས་སྤྱི་དམངས་ཐོབ་ཐང་འགྲེམས་སྟོན་ཁང་གིས་༸གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་འབུལ་གཏན་འཁེལ་ཡོད་པ་དང་། ཐེངས་འདིའི་གཟེངས་རྟགས་འབུལ་བཞེས་ཀྱི་ལས་རིམ་ཆ་ཚང་ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་ལོ་སུ་ཨན་ཇེ་སུའི་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་ཐེབས་རྩ་ཁང་དང་ཚོགས་པ་བརྒྱའི་བོད་དོན་ཞེས་པ་གཉིས་མཉམ་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་འདུག་ལ། གཟེངས་རྟགས་འབུལ་བཞེས་ཀྱི་མཛད་རིམ་ཡོངས་སུ་གྲུབ་རྗེས་ཨ་རིའི་གཞས་པ་གྲགས་ཅན་ནེའེ་ཊ་ལི་ཁོལ་གྱིས་མཛད་སྒོའི་སྟེང་རོལ་དབྱངས་འདུ་འཛོམས་ཤིག་དབུ་འབྱེད་གནང་རྒྱུ་ཡིན་པ་མ་ཟད། ༸གོང་ས་མཆོག་ནས་མངའ་སྡེ་དེ་རུ་ཡོད་པའི་ཁེལ་ནེལ་ཅེས་པའི་སྒྱུ་རྩལ་འཁྲབ་སྟོན་ལྟེ་གནས་ཁང་དུ་ཡུལ་དེའི་མི་མང་ལ་ཞི་བདེའི་མཉམ་གནས་གོང་འཕེལ་གཏོང་ཐབས་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་པ་རེད།   དེ་བཞིན། ༸གོང་ས་མཆོག་འདི་ཟླའི་ ༨ ནས་བཟུང་ཉིན་གྲངས་གསུམ་རིང་སི་ལོ་ལྦ་ཀི་ཡའི་ནང་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག་ལ། ཐེངས་འདིའི་ཆིབས་བསྒྱུར་གྱི་དུས་སྐབས་དང་བསྟུན། ཡུལ་དེའི་ཇན་ལང་གོ་ཞེས་པའི་ཚོགས་པས་ཡུལ་དེའི་རྒྱལ་སའི་ཚོགས་ཁང་ཞིག་ཏུ་ཕྱི་ཚེས་ ༩ ཉིན་༧གོང་ས་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་ཀྱང་འབུལ་གནང་རྒྱུ་ཡིན་པ་རེད།

མཆན། 9

  1. རིག་པའི་རལ་གྲི། says:
    ལོ་ 13 སྔོན།

    བོད་ལ་ལོག་དྲན་ན། ལོག་པ་ལ་དཀའ་ངལ་ཞི་དྲག་མཐོང་གིན་མེད། ཡིན་ནའང་ལོག་ཟིན་པའི་སྐབས་སུ། ཤ་ཁྲག་ལུས་གསུམ་གྱིས་འཇལ་དགོས་ཕྲལ་འགའ་བཀལ་ནས། ནག་ཁུང་ཆེན་པོ་ཞིག་ཏུ། ཡུན་རིང་དུ་སྐྱིད་པོ་གཏོང་བཅུག་ཡོང་།

    Reply
  2. རིག་པའི་རལ་གྲི། says:
    ལོ་ 13 སྔོན།

    ནམ་མཁར་འཆར་བའི་འོད་ཟེར་སྟོང་ལྡན་གྱི་ཐུགས་རྗེའི་གཟི་ཟིལ་འོད་སྣང་འཛམ་གླིང་གང་སར་ཉེ་རིང་མེད་པར་ཁྱབ་པས། གཟེངས་རྟགས་དང་བསྟོད་བསྔགས་ཀྱི་མེ་ཏོག་ཕྱོགས་བརྒྱར་ནས་བཞད་པ་ནི། ཆོས་ཉིད་དུ་མངོན།

    Reply
  3. འཕྲིན་ལས says:
    ལོ་ 13 སྔོན།

    གཟེངས་རྟགས་ཁ་ཤས་༧གོང་གི་མཛད་འཕྲིན་ལ་བཟང་སྟོད་ཀྱི་ཆེད་དུ་འབུལ་གྱི་ཡོད་ལ། ཁ་ཤས་ཚོགས་པ་དེ་དང་དེའི་གཟེངས་རྟགས་སྐད་གྲག་ཏུ་འགྲོ་ཆེད་༧ཁོང་ལྟ་བུའི་མི་སྣ་རྣམ་ལ་འབུལ་གྱིན་ཡོད།
    མགོ་སེར་དེ་ཚོར་ལས་རྒྱུ་མང་།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    ༧བླ་མའི་གཟེངས་རྟགས་བཞེས་གྲངས་མེད་ཅིག།
    སློབ་མའི་ཁ་གཡང་བོས་པ་དེ་ལས་མང་།།
    ད་ནི་བུ་སློབ་ཚང་མ་བོད་ཡུལ་དུ།།
    ལོག་པའི་དུས་ཤིག་བྱུང་ན་སྐྱིད་པ་ལ།།

    Reply
  5. མིག་གསུམ་པ། says:
    ལོ་ 13 སྔོན།

    སྐྱབས་སུ་མཆི། ཁོང་གིས་ད་གཟེངས་རྟགས་མང་པོ་བཞེས་ཀི་རེད། ཡིན་ནའང་། འུ་ཚང་གི་ནང་ནས་གཟེངས་སུ་ཐོན་པ་ཉུང་ཉུང་རེད།

    Reply
  6. རིག་པའི་རལ་གྲི། says:
    ལོ་ 13 སྔོན།

    གོང་གི་མཛད་འཕྲིན་ཉི་འོད་སྟོང་གི་ཟེར།།
    གོ་ལའི་གངས་ཀྱི་རི་ལ་འཁྱུད་པའི་མདངས།།
    གང་དག་མཚན་བྱ་འུག་པས་མ་བཟོད་ནས།།
    གང་སར་ཁྱབ་པའི་འཁུ་བའི་འོ་འདོད་འབོད།།

    Reply
  7. རྭ་ལོ། says:
    ལོ་ 13 སྔོན།

    ཁྱོད་ཚོས་མཆན་ཚུན་ཆད་སྙན་ངག་གམ་ཚིགས་བཅད་ཀྱི་ལམ་ནས་འབྲི་གིན་འདུག བཙན་བྱོལ་ནང་གི་ཕོ་གསར་མོ་གསར་ཚོས་ཅི་གང་གོ་རྒྱུ་མི་འདུག་ཟེར།

    Reply
  8. ནད་པ says:
    ལོ་ 13 སྔོན།

    ཕན་པར་བཞེད་པ་ཟླ་བ་ཡི།།
    ཆ་ཤས་རྫོགས་པ་ལས་བྱུང་བ།།
    གངས་ཅན་ལྷ་གཅིག་ཕྱག་ན་པད།།
    སྲིད་ན་ཚད་མས་གཞན་མི་རྙེད།།

    ཁྱེད་ནི་འཛམ་གླིང་ཞི་བདེའི་དོན།།
    ཞལ་གྱི་དབུགས་ཙམ་སྨིན་གྱུར་ཅིང་།།
    གོ་ལ་ཧྲིལ་པོའི་འགྲོ་ཀུན་གྱིས།།
    རང་གར་བསྙེན་བཀུར་བརྗོད་མི་ལངས།།

    སྐུ་ཡི་མཚན་དཔེའི་དཀྱིལ་འཁོར་བཞད།།
    གསུང་གི་སྙན་དབྱངས་མཁའ་ལ་ལྡིར།།
    ཐུགས་ཀྱི་བྱམས་བརྩེའི་ཀློང་བརྡོལ་ཏེ།།
    གསང་གསུམ་མཛད་འཕྲིན་་དགེ་མཚན་ཤིས།།

    Reply
  9. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    གསལ་འགྱུར་ཡག་པོ་འདུག་ ང་ཚོ་དགའ་འོས་པ་ཞིག་རེད།

    Reply

Leave a Reply to ནད་པ Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist