མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འདི་མུར་འདུག་རན་མིན་པ་འདྲ། སྤོབས་པ་མཐའ་ཡས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྤོབས་པ་མཐའ་ཡས།

ཁར་སང་སྐྱེ་རྒུ་མདོ་ས་ཁུལ་དུ་བློ་ཡུལ་དུ་མི་ཤོང་བའི་རྐྱེན་ངན་ཆག་སྒོ་འདི་འདྲ་ཞིག་བྱུང་འདུག རང་རེ་བཙན་བྱོལ་བོད་མི་ཚོས་བོད་ནང་རྒྱ་ཆེའི་མི་མང་གི་སྐུ་ཚབ་བྱེད་དགོས་ཟེར་གྱིན་འདུག ད་ནི་ངེས་པར་དུ་ཡང་བཙན་བྱོལ་བོད་མིའི་སྐུ་ཚབ་ཚོགས་ཆུང་ཞིག་རོགས་སྐྱོར་རྐྱང་བའི་ལས་ཀའི་ངོ་བོའི་ཐོག་ནས་ས་ཁུལ་དེའི་མི་མང་གི་མཐོང་སར་འབུད་དགོས་པ་རེད།
རྒྱ་ནག་གིས་གཅིག་བྱས་ན་དེར་ཆོག་མཆན་མི་སྤྲད་ཀྱང་སྲིད་མོད་གལ་སྲིད་མ་བཏང་ན་འགྱོད་པ་མེད་པ་རེད། ང་ཚོའི་ཕྱོགས་ནས་བོད་གཞིས་ལུས་རྒྱ་ཆེའི་མི་མང་གིས་སེམས་ཁུར་ཡོད་པ་དང་དངོས་སུ་རོགས་སྐྱོར་བྱ་འདོད་ཡོད་པའི་རྣམ་འགྱུར་ཞིག་སྟོན་མ་ཐུབ་ན་རྗེས་མར་ང་ཚོས་བོད་སྤྱི་པའི་དོན་ཅིག་ཅིག་མིག་མིག་ཟེར་བར་ངོ་ཡང་ཚ། ༢༠༠༨ལོའི་སི་ཁྲོན་གྱི་ས་འགུལ་ལ་རྒྱ་ནག་གཞུང་མང་གཉིས་གས་ཕྱི་ནང་གང་ས་ནས་རོགས་སྐྱོར་ལས་འགུལ་ག་ཚོད་ཅིག་བསླངས་སོང་། ང་ཚོའི་ཕྱོགས་ནས་བསྔོ་སྨོན་ཐུགས་གསོ་གཅིག་པོས་འགྲིགས་ཀྱི་མི་འདུག གནས་སྟངས་ཛ་དྲག་འདི་ལྟ་བུ་ཞིག་གི་སྒང་ལ་ཁ་འཐོར་གྱི་བཙན་བྱོལ་བོད་མིའི་ཁྲོད་དུ་ཞལ་འདེབས་བསྡུ་བ་སོགས་ཀྱི་ཁོམ་ལོངས་མེད། བཀའ་ཤག་ལྟ་བུ་ཞིག་གིས་འགན་ཁུར་ནས་གང་མགྱོག་གིས་བུ་ལོན་ལེན་དགོས་རུང་བླངས་ནས་ས་ཁུལ་དེའི་གནོད་འཚེ་ཐེབས་ཡུལ་ཚོར་རོགས་སྐྱོར་ཞིག་བྱེད་ཐུབ་ན་བུན་དངུལ་དེ་རྗེས་སུ་བཙན་བྱོལ་བོད་མིའི་ཁྲོད་དུ་ཞལ་འདེབས་བསྡུ་རུབ་བྱས་ན་ཡང་འགྲིགས་ལོས་འགྲོ།

མཆན། 18

  1. བསྟན་འཛིན་ཤེས་རབ། says:
    ལོ་ 12 སྔོན།

    བརྒྱ་ཆའི་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད། རྗེས་སུ་ཡི་རངས་ཞུ། གང་འགྱོགས་འགྱོགས་ཀྱིས་ལས་འགུལ་བརྩམ་དགོས་འདུག

    Reply
  2. བོད་ཀྱི་མཛེས་མ། says:
    ལོ་ 12 སྔོན།

    དེ་རིང་ཞོགས་པར་སྦི་སྦི་སི་དང་ཤིན་ཧའི་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན།་ས་ཡོམ་གྱི་གནོད་ཐེབས་འོག་མི་༡༡༤༤ཙམ་འདས་གྲོངས་ཕྱིན་འདུག་ཟེར།
    ཁ་སང་ནས་དེ་རིང་བར་ཤི་གྲངས་གསུམ་བརྒྱ་ལྷག་ཙམ་འཕར་འདུགའོན་ཀྱང་འདི་ནི་རྒྱ་ནག་གཞུང་གིས་སྦས་གསང་བྱས་པའི་འོག་ནས་བྱུང་པའི་གནས་ཚུལ་ཞིག་རེད།དངོས་ཡོད་གནས་ཚུལ་ཐོག་ནས་མི་ག་ཚོད་ཤིད་ཡོད་དམ།་སང་ཉིན་ཤི་གྲངས་ག་ཚོད་འཕར་འགྲོ་གིན་ཡོད་དམ།་ད་དུང་ཐེ་ཚོམ་རེད།
    ང་ཚོས་ལས་འགུལ་ཞིག་མ་སྤེལ་ཐབས་མེད་རེད་འདུག་
    འདུག་སེ་བསྡད་ན་རྩ་བ་ནས་འགྲིགས་ཐབས་མི་འདུག
    བྱུང་ན་བཙན་བྱོལ་གཞུང་གིས་༸གོང་ས་མཆོག་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་གདན་འདྲེན་ཞུུ་རྒྱུ་དང་མ་བྱུང་ན་སྐྱུ་ཚབ་ཚོགས་པ་ཞིག་མགྱོགས་མྱུར་བོད་དུ་འཚམས་གཟིགས་དང་འབྲེལ་རོགས་སྐྱོར་ཇི་དགོས་གཟིགས་རྟོགས་བྱེད་དུ་འགྲོ་དགོས་ཀྱི་འདུག་

    Reply
  3. Dhamchoe @Tommy Thokme says:
    ལོ་ 12 སྔོན།

    【多維新聞】西藏流亡政府高級官員16日說,達賴喇嘛有意願前往青海玉樹災區安慰災民并為他們祈福。 【相关專題:青海玉樹7.1級地震】

    西藏流亡政府首席部長桑東仁波切,4月16日在印度達蘭薩拉格爾地佛學院一個慶祝佛學刊物出版第100期的活動上說,達賴喇嘛有意前往玉樹災區安慰災民,并派藏人協助進行援救工作和提供物資援助。

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 12 སྔོན།

    བྱེད་ཡ་ནི་གང་ཡང་མི་འདུག་ལབ་ནས་སྨོན་ལབ་བཏོན་ནས་བསྡད་བསྡད་ན་འགྲིགས་གི་མ་རེད། བྱེད་ཡ་ལོས་ཡོད། རབ་ན་གཤིན་པོའི་རོ་འདོན་རོགས་དང་རྨས་མ་ཚོ་སྨན་ཁང་དུ་ཁྱེར་རོགས་བྱ་དགོས། ཐ་ན་ཤུལ་ལུས་ནང་མི་ཚོའི་མདུན་དུ་བུད་ནས་སེམས་གསོ་ཞིག་གཏོང་བ་ཡང་མཁོ་གལ་ཆེན་པོ་རེད། ད་ཐེངས་བོད་གཞུང་དང་བོད་ཅིག་ཅིག་མིག་མིག་ཟེར་ནས་མིང་ཆེན་པོ་ཁུར་འདུག་མཁན་ཚོས་རྒྱང་ནས་ལྟད་མོ་བལྟས་ནས་འདུག་པའི་དུས་ཚོད་མ་རེད། དངོས་གནས་བོད་མི་མང་གི་སྐྱིད་སྡུག་ལ་འགན་འཁུར་མཁན་གྱི་ཚོགས་པ་རེ་ཡོད་ན་གནོད་སྐྱོན་ཐེབས་པའི་ས་ཁུལ་དེའི་མི་མང་གི་མཐོང་སར་འབུད་དགོས་པ་རེད། ད་ལྟ་བར་དུ་ཆེ་ས་ནས་ཆབ་སྲིད་དང་འབྲེལ་བའི་བོད་གཞུང་དང་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ནས་ཆུང་ས་ནས་མི་སྒེར་རེ་རེ་ནས་བོད་མི་ག་ཚོད་མང་པོ་ཞིག་རྒྱ་ནག་ནང་དུ་འགྲོ་ཆོག་གི་ཡོད་ས་ནས་ད་ཐེངས་རོགས་སྐྱོར་ཁོ་ནའི་ཆེད་དུ་འགྲོ་མཁན་ཞིག་རྒྱ་ནག་གིས་འགོག་དོན་ཡོད་པ་མ་རེད། དེ་ང་ཚོ་ཚང་མས་དེ་ཤེས་ཀྱིན་ཡོད་རེད། མ་མཐའ་ཡང་འབད་བརྩོན་བྱེད་དགོས་པ་རེད། གལ་སྲིད་དངོས་གནས་རྒྱ་ནག་གཞུང་གིས་མ་བཏང་ན་དེ་ལུགས་ཁྱབ་བསྒྲགས་བྱེད་ཆོག་གི་རེད། རྗེས་མར་རང་གཞན་སུའི་ངོས་ནས་ཡི་ཆད་འགྱོད་པ་མེད་པ་རེད།

    Reply
  5. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 12 སྔོན།

    སྐུ་ཞབས་སྤོབས་པ་མཐའ་ཡས་གིས་གསུངས་དེ་དུས་ཐོག་ཆར་པ་རེད་ སྨོན་ལམ་རྒྱང་ནས་བཏབ་པ་ལས་ ཁ་ཡོད་ལགས་ཡོད་གི་རོག་རོམ་དངོས་གནས་ཞིག་གཞུང་སྒེར་སུའི་ངོའི་ནས་དགོས་ངེས་རེད

    Reply
  6. Dhamchoe @Tommy Thokme says:
    ལོ་ 12 སྔོན།

    སྤོབས་པ་མཐའ་ཡས la,

    You are right! Thank you and please try to ask Tibetan leaders in exile to do it. We are behind you.

    Reply
  7. རྨོག་རུ་བསྟན་པ། says:
    ལོ་ 12 སྔོན།

    This is an excellent idea you proposed and we should definitely go ahead with this idea. I earnestly request you to take this idea to the highest of the Tibetan leadership in exile, including TGIE officials, leaders of NGO and head of institutions, monasteries, nunerries and schools. I am firmly behind this idea. I am pretty sure many more appreciates and supports this move. I am sorry i don’t have Tibetan in the computer i am using. Good Luck!

    Reply
  8. བྱམས་རྒྱལ། says:
    ལོ་ 12 སྔོན།

    རྐྱེན་ངན་གྲོགས་ཤར་ཡོང་ལེ་ཆེ་ རིག་པ་བསྒྲིམ་རོགས་

    Reply
  9. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 12 སྔོན།

    ༄༅།།སྤོབས་པ་མཐའ་ཡས་ལགས་ཀྱི་གསུངས་པ་དེ།༡༠༠རེད
    སྐྱབས་བཅོལ་གཞུང་གི་ཀྱང་རྒྱ་ནག་གི་རྔ་རྡུང་མིན་ལ་ལ་ལྟོས་པར་གཞུང་རང་ངོས་ནས་གར་ཞིག་ཁྲབ་རེན་རེད་ཡ

    Reply
  10. མི་ཆུང་། says:
    ལོ་ 12 སྔོན།

    སྤུན་ཟླ་ཚོ།
    ད་ང་ཚོའི་སྨོན་ལམ་དང་གསོལ་འདེབས་རྐྱང་པས་གནོད་འཚེ་ཕོག་སའི་ས་གནས་རང་ལ་སྐབས་བབ་ཀྱི་གེགས་བར་སེལ་མི་ནུས། དེ་ལས་བཙན་བྱོལ་ནང་གི་བོད་རིགས་ཡོད་དོ་ཅོག་གིས་ས་གནས་སོ་སོའི་གོ་སྒྲིག་འོག་ཞལ་འདེབས་བསྡུ་དགོས།

    ཞལ་འདེབས་དེ་དག་ཕར་འཕྲོད་པར་བྱེད་པར། བཙན་བྱོལ་གཞུང་དང་བཙན་བྱོལ་མི་དམངས་ཀྱི་མིང་ཐོག་ནས་སླེབས་མི་ཐུབ་ཀྱང་། རྒྱལ་སྤྱིའི་ཚད་ལྡན་ཀྱི་ཐེབས་རྩ་ཚོགས་པ་དང་། དེ་མིན་གྱི་རོགས་ཚོགས་མང་པོ་ཡོད་པས། དེ་དག་གི་ཁ་བྱང་དང་ཁོང་ཚོར་སྤྲོད་དགོས། ཁོང་ཚོ་བརྒྱུད་ནས་ས་ཡོམ་བྱུང་སའི་ས་གནས་སུ་ངེས་པར་འཕྲོད་ཐུབ་ངེས།

    ད་ལྟའི་ཆར་ཕྱི་རྒྱལ་གྱི་རོགས་ཚོགས་མང་པོས་བོད་ཀྱི་ཆེད་དུ་ཞལ་འདེབས་བསྡུ་གི་ཡོད་ལ། དེ་ཡང་གཞུང་འབྲེལ་གྱི་ཐོག་ནས་བོད་དུ་སླེབས་ཀྱི་ཡོད། འདི་ནི་ང་ཚོས་ལག་ལེན་བསྟར་དགོས་པའི་ཐབས་ཇུས་ཤིག་ཡིན།

    གཞན་ཁ་ནས་སྙིང་རྗེ་དང་ཞལ་འདོན་རྐྱང་པར་ཕན་ཐོགས་དེ་ཙམ་མེད། ད་ལྟའི་ཆར་གཙོ་བོ་དཔལ་འབྱོར་རེད། འབྱུང་འགྱུར་ཡང་དཔལ་འབྱོར་གྱིས་སློང་དགོས་ཀྱི་ཡོད། ང་ཚོའི་ཞལ་འདེབས་འདི་ནི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་རེད།

    གཞན་དུ་ན། ཐེ་ཝན་གྱིས་ས་ཡོམ་གྱི་གནོད་འཚེ་ཕོག་སར་༸གོང་ས་མཆོག་གདན་དྲངས་པ་བཞིན། ང་ཚོས་ཀྱང་གོ་སྐབས་དེ་དང་བསྟུན་ནས་རྒྱ་གཞུང་ལ་འབོད་སྐུལ་ཞིག་ཞུ་དགོས། དེ་ཡང་གོ་སྐབས་ཤིག་རེད། ཕལ་ཆེར་འདི་འགྲུབ་མི་སྲིད་ཀྱང་། འདས་གསོན་གྱི་སྤུན་ཟླ་རྣམས་ཀྱི་སེམས་ཁྱད་རེད། གཉིས་ནས་ཆབ་སྲིད་ཀྱི་ཐབས་ཇུས་དང་འབྱུང་འགྱུར་གྱི་ལས་འགུལ་འཕེལ་ཕྱོགས་ཤིག་ཀྱང་རེད།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 12 སྔོན།

    ནམ་མཁའ་ལགས། ཡུལ་ཤུལ་དུ་ཐད་ཀར་རོགས་རམ་གྱི་ལས་འགུལ་སྤེལ་མཁན་རོགས་ཚོགས་ཁག་ཅིག་གི་ཁ་བྱང་ཁ་སང་ཉིན་གུང་ནས་དྲ་ངོས་ལ་བཞག་ཡོད། མདུན་གྱི་གསར་འགྱུར་གཉིས་པ་དེའི་མཆན་ནང་ལ་གཟིགས་རོགས།

    Reply
  12. ནམ་མཁའ་བསྟན་འཛིན། says:
    ལོ་ 12 སྔོན།

    ངས་ཁ་སང་ནས་གསལ་བསྒྲགས་འདི་བྲིས་བ་ཡིན་མོད་ཟིན་བྲིས་བ་འགས་མུ་འབྲེལ་ཟིན་བྲིས་སྤེལ་སྟབས་འདི་ལམ་སེང་ལྟག་རྒྱབ་ལ་སོང་འདུག་པས་མང་པོས་མཐོང་མེད་པ་འདྲ། རང་གཞུང་གིས་སྣེ་ཁྲིད་དེ་རོགས་སྐྱོར་གྱི་འགོ་བཙུགས་ན་ཡོ་རོབ་ཡུལ་གྲུ་ཁག་དང་དམིགས་བསལ་འཇར་མན་ནས་དུས་ཐོགས་ལྟར་ཞལ་འདེབས་བསྡུ་སློངས་ཀྱི་ལས་འགུལ་སྤེལ་ངེས་ཡིན།
    དེ་མ་གཏོགས་སྐབས་འཚོལ་བའི་ཕྱི་རྒྱལ་གྱི་ཚོགས་པ་འགས་ཞལ་འདེབས་བསྡུ་བཞིན་འདུག་ཀྱང་དེ་ནམ་ཞིག་ལ་བོད་དུ་འབྱོར་མིན་སུར་ཡང་ཐེ་ཚོམ་རེད།

    Reply
  13. ནམ་མཁའ་བསྟན་འཛིན། says:
    ལོ་ 12 སྔོན།

    ཁ་སང་གི་རང་བྱུང་ས་ཡོམས་ཀྱི་གོད་ཆག་འདི་ནི་ཤར་ལྷོ་ནུབ་བྱང་གི་ས་ཁུལ་གང་དུའང་བྱུང་སྲིད་པ་ཞིག་ཡིན་མོད། ང་ཚོའི་བོད་པར་མཚོན་ན་འདི་ནི་ནམ་ངན་སྒང་ལ་ཟླ་ལྷག་ཞིག་ལས་མ་འདས་བས། ཉིན་རེ་རེ་བཞིན་འདས་གྲོངས་སུ་ཕྱིན་པའི་མིའི་གྲངས་འབོར་ཀྱང་ལྡབ་བཞིན་འཕར་གྱིན་ཡོད་ཀྱང་། མྱུར་སྐྱོབས་སྨན་བཅོས་ཀྱི་རོགས་རམ་ཡང་དུས་ཐོགས་ལྟར་འབྱོར་གྱིན་མེད་སྟབས། ང་ཚོས་སྨོན་ལམ་ཞལ་འདོན་གཅིག་བུ་སྐྱོར་ཏེ་རྒྱང་བལྟ་བྱས་ན་བསྡོད་བཟོད་མ་མཆིས་བས། བཙན་བྱོལ་གྱི་གཞུང་ངམ་ཚོགས་པ་སྒྲིག་འཛུགས་ཚག་ཚུད་ཞིག་གིས་གང་མགྱོགས་ངང་རྒྱ་ནག་གཞུང་ལ་ཐད་ཀར་འབྲེལ་བ་བྱེད་པའམ་ཡང་ན་རྒྱལ་སྤྱིའི་རྒྱ་ཊམ་དམར་བོའི་ཚོགས་པ་ལྟ་བུ་ཞིག་བརྒྱུད་དེ་བོད་ནང་ལ་རོགས་དངུལ་གཏོང་རྒྱུ་ཁ་ཚ་དགོས་སྟུག་ཡིན་སྟབས། ལས་འགུལ་འདིའི་འགོ་སྐྱོང་བྱེད་མཁན་ཡོད་ན་འཇར་མན་ཁུལ་དུ་ས་ཁུལ་སོ་སོ་ནས་བོད་རིགས་ཚོས་དངས་བླངས་ཀྱིས་ཞབས་འདེབས་བསྡུ་བསློངས་བྱས་ཏེ་རོགས་དངུལ་གང་ཐུབ་དུས་ལྟར་གཏོང་ངེས་ཡིན་པས།

    གཞུང་སྒེར་ཚོགས་པ་སུས་སྣེ་ཁྲིད་ན་འཇར་མན་བོད་རིགས་ཚོར་འདིར་འབྲེལ་བ་གནང་རོགས་ཞུ།

    ནམ་མཁའ་བསྟན་འཛིན་ནས།

    Tele 0049-6134570620

    Mobile-0049-1726584725

    email-hortsang@hotmail.com

    Reply
  14. ཤིང་རྟ། says:
    ལོ་ 12 སྔོན།

    ཕྱི་རྒྱ་ཡུལ་གྲུ་འདྲ་མིན་ནང་བཞུགས་པའི་བོད་རིགས་སྤུན་ཟླ་འབྱོར་ལྡན་རྣམ་པ་ཚོ། སྐྱེ་དགུ་མདོ་ གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོར་བྱེད་པའི་དུས་ཡིན། ཞལ་འདེབས་གནང་བའི་དུས་ཡིན། གནང་ས་ནོར་མེད་ བོད་རིགས་སྤུན་ཟླ་ཡིན།
    དུས་ཚོད་ནོར་མེད་དཀའ་ངལ་ཆེ་བའི་སྒང་ཡིན། ག་ལེ་བྱེད་པའི་དུས་མིན་གང་མགྱོགས་བྱེད་པའི་དུས་ཡིན།

    Reply
  15. ཕུན་ཚོགས ། says:
    ལོ་ 12 སྔོན།

    འདི་ནི་ངོ་མ་དུས་ལ་བབ་ཅིང་གནད་ལ་ཁེལ་པའི་སྐད་ཆ་ཞིག་རེད།་དུས་བབ་འདི་ལྟ་བུའི་སྐབས་སུ་ང་ཚོ་བཙན་བྱོལ་བ་ཚོས་ལག་པ་རྐྱོང་མ་ཐུབ་པ་དང་།རེ་ཆད་ཨུ་ཐུག་གི་སྐབས་འདིར་དུས་ནམ་ཡང་ང་ཚོ་ཁོ་ཚོའི་རྒྱབ་རྩར་ལང་ཡོད་པའི་རྣམ་པཙམ་ཡང་བསྟན་མ་ཐུབ་ན།གཞིས་ལུས་མི་མང་གི་སེམས་པ་གསོད་རྒྱུ་ཡིན་པ་ཁོ་ཐག་རེད།

    Reply
  16. གནམ་ལྕགས། says:
    ལོ་ 12 སྔོན།

    སྤོབས་པ་མཐའ་ཡས་ལགས་ཀྱིས་གསུང་བར་བརྒྱ་ཆའི་བརྒྱ་ཐམ་པའི་རྒྱབ་སྐྱོར་ཡོད། གལ་སྲིད་དགྱ་ནག་གི་ཕྱོགས་ནས་ཀྱང་ཆབ་སྲིད་ཀྱི་གནད་དོན་ཐད་ནས་གྲོས་མོལ་གྱི་ཟོལ་འདྲ་ཞིག་བྱེད་ཀྱི་ཡོད་མོལ། མང་ཚོགས་ལ་འཚམས་འདྲིར་བསྐྱོད་པ་ལ་གཅིག་བྱས་ན་ཆོག་མཆན་རེག་འགྲོ་ཡི་རེད།

    Reply
  17. མཚོ་ཚང་བཀྲིས། says:
    ལོ་ 12 སྔོན།

    བཙན་བྱོལ་བོད་མི་ཚོ་ ཡར་ལོངས་ཤོག ང་ཚོས་ང་ཚོའི་ཤ་རུས་གཅིག་པའི་སྤུན་ཟླ་སྐྱོབ་ཏུ་འགྲོ་ འདུང་སེམས་མཉམ་སྐྱེ་བྱེད་ཏུ་འགྲོ ད་དུས་ལ་བབ་ཡོད་པ་འདྲ།

    Reply
  18. ཤིང་རྟ། says:
    ལོ་ 12 སྔོན།

    སྤོབས་པ་མཐའ་ཡས་ལགས་ཀྱི་གསུངས་པ་དེ། དངོས་གནས་རེད། རྒྱུ་མཚན་འདུག བོད་མི་སྐྱིད་སྡུག་མཉམ་མྱོང་རེད་འདུག་བསམ་བསམ་ཞིག་ང་ཚོས་དངོས་ཡོད་ཀྱི་རོགས་སྐྱོར་ཞིག་བཟོ་མ་ཐུབ་ན་ངོ་རེ་ཚ། བསྔོ་བ་སྨོན་ལམ་གནང་ཡ་བླ་སེར་རྣམ་པའི་འགན་ཡིན། དེ་མིན་འདི་ཕྱོགས་ཀྱི་བོད་མི་ཚོས་འདི་བྱས་དེ་བྱས་ཤིག་མེད་ན། གཞིས་ལུས་བོད་མི་ཚོ་ཐུགས་ཕམ་ངེས། བོད་སྤྱི་པའི་དོན་ཟེར་ཡ་དེ་ཁ་ཙམ་རེད་འདུག་བསམ་ངེས།

    Reply

Leave a Reply to ནམ་མཁའ་བསྟན་འཛིན། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist