མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་མཚན་ནོར་བུ་ལྷོ་ཁ་ན་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་པན་ཆེན་ཆུང་སྲིད་ལ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུས་ད་སྐབས་ལྷོ་ཁར་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་བཞིན་ཡོད་འདུག

ཕྱི་ཚེས་ ༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་ ༧ ཉིན་རྒྱལ་མཚན་ནོར་བུ་ལྷོ་ཁ་ས་ཁུལ་དུ་ཕེབས་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་བཞིན་འདུག་ལ། སྐབས་དེར་བོད་མི་སྟོང་ཕྲག་བརྒལ་བས་ཁོང་གི་མདུན་ནས་ཆོས་ཀྱི་བྱིན་རླབས་ཞུས་ཡོད་འདུག

འདི་ནི་རྒྱལ་མཚན་ནོར་བུ་གསེར་ཁྲིར་བཞུགས་རྗེས་ལྷོ་ཁར་ཕེབས་པ་ཐོག་མ་དེ་ཆགས་ཡོད། བོད་ལྗོངས་ལྷོ་ཁ་ནི་རྒྱ་དཀར་ནག་གཉིས་ཀྱི་ཚོར་ཤུགས་རྣོ་བོའི་ས་ཁུལ་ཞིག་ཡིན་ལ་དེའི་ཆ་ཤས་ཤིག་ད་ལྟ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ཁོངས་སུ་གནས་ཡོད། ཕྱི་ལོ་ ༡༩༦༢ ལོར་ཡུལ་གཉིས་བར་ས་མཚམས་རྩོད་རྙོག་གི་རྐྱེན་པས་དམག་འཁྲུག་ཆེན་པོ་ཞིག་བྱུང་ཡོད་པ་རེད།

ཆོས་ལུཊ་ཀྱི་བྱེད་སྒོ་དེའི་ཐད་རྒྱལ་མཚན་ནོར་བུ་ལགས་ཀྱིས། ཁོང་གིས་དུས་རྒྱུན་དུ་ལྷོ་ཁར་ཡོང་སྟེ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཐུབ་ན་བསམ་བསྡད་ཡོད།  ད་ཐེངས་རང་གི་བསམ་དོན་དངོས་སུ་མངོན་འགྱུར་བྱུང་སོང་བས་སེམས་པ་ཧ་ཅང་སྐྱིད་པོ་འདུག་ཅེས་གསུངས་ཡོད། དེ་བཞིན་ཁོང་གིས་ས་ཁུལ་དེའི་བོད་ཀྱི་གནའ་རབས་ཆིན་གྲོ་དགོན་པར་རྟོག་ཞིབ་གནང་ཡོད་ལ། དགོན་པ་དེར་རྒྱ་བཟའ་ཀོང་ཇོའི་ན་བཟའ་ཡང་ཉར་ཚགས་བྱས་ཡོད་ཚུལ་འདུག 

ཐེངས་འདིར་ཁོང་གིས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་ཡོད་ནའང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་བཅར་རྒྱུར་འབད་བརྩོན་གང་ཡང་གནང་མི་འདུག ན་ནིང་ལོར་༧གོང་ས་མཆོག་ཨ་རུ་ན་ཅལ་གྱི་རྟ་དབང་ཁུལ་དུ་ཕེབས་པ་དེས་རྒྱ་གཞུང་ལ་ཁོང་ཁྲོ་ཆེན་པོ་ཞིག་བསླངས་ཡོད།  རྒྱ་གཞུང་གིས་བྲིས་པའི་ས་ཁྲ་ལྟར་ན། རྟ་དབང་ནི་རྒྱ་གཞུང་གིས་ཐེ་བྱུས་བྱེད་པའི་ལྷོ་ཁའི་ཆ་ཤས་ཤིག་ཡིན་པ་རེད། རང་ལོ་ ༢༠ ལ་སོན་པའི་རྒྱལ་མཚན་ནོར་བུ་ལགས་ནི་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱ་ནག་རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོཊ་གཙོ་གཞོན་པ་བཅས་ཡིན་འདུག

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

མཆན། 10

  1. གངས་ལྷ་མེ་ཏོག says:
    ལོ་ 12 སྔོན།

    གང་ལྟར་ཀྱང་རྒྱ་མིའིཔན་ཆེན་གྱིས་བོད་ཀྱི་རིགས་་གཞུང་ལ་ཕན་ཐོགས་མཁན་
    ཞིག་དང་ལུང་རྟོག་ཀྱི་བསྟན་པ་འཛིན་མཁན་ཞིག་བྱུང་ན་པན་ཆེན་ཞེས་བརྗོད་ན
    འགྲིགས་རྒྱུ་རེད།

    Reply
  2. ནད་པ says:
    ལོ་ 12 སྔོན།

    པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་དང་། ཆོས་ཀྱི་རྒྱལ་པོ་གཉིས་ནི་རྩོད་གཞི་ཡོད་པའི་པཎ་ཆེན་བླ་མ་རིམ་བྱོན་གྱི་གནས་བབ་ལ་ཐུག་ཡོད།

    དགེ་འདུན་ཆོས་ཀྱི་ཉི་མ་ནི་ལོ་རྒྱུས་དཀྱོགས་མཚམས་འཁྲོད་དུ་ཕམ་ཉེས་ཚབས་ཆེན་ཤོར་བའི་པཎ་ཆེན་ཞིག་ཆགས་ཡོད་ལ་ཐ་ན་ཤི་གསོན་གང་ཡིན་ཆ་མ་འཚལ་བའི་རྣམ་དབྱེ་དང་པོ་དོན་གྱི་ངོ་ཙམ་སྟོན་པའི་པཎ་ཆེན་ཞིག་ལས་ཅི་ཡང་མིན།

    པཎ་ཆེན་ཨི་ཏི་ནི་ཆོས་ཀྱི་རྒྱལ་པོར་འཐོབ་དགོས་མིང་དང་། གོ་ས། གནས་བབ། གོ་སྐབས། ཤེས་ཡོན། དགོན་པ། སྲུང་སྐྱོབས་སོགས་ཡོད་ཚད་ཐོབ་པའི་རྣམདབྱེ་བཞི་པ་བྱ་བའི་ཡུལ་ལ་བྱ་བ་བྱེད་བ་གཙོ་བོར་སྟོན་པའི་པཎ་ཆེན་ཞིག་ཆགས་ཡོད།

    དངོས་ཐོག་བདེན་འཚོལ་གྱི་ལམ་དུ་སོང་ནས་དཔྱད་ཞིབ་གཟབ་མོ་བྱས་ན་བོད་མི་རིགས་དང་། བོད་ཀྱི་སྐད་ཡིག རིག་གཞུང་། བོད་བརྒྱུད་ནང་བསྟན་བཅས་ལ་བྱས་རྗེས་ཆེན་པོ་འཇོག་ཐུབ་མཁན་ནི་པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་ཆགས་ཡོད།

    Reply
  3. གངས་ལྷ་མེ་ཏོག says:
    ལོ་ 12 སྔོན།

    གང་ལྟར་ཀྱང་རྒྱ་གཞུང་གི་པན་ཆེན་རྒྱལ་མཚན་ནོར་བུས་བོད་ཀྱི་རིགས་གཞུངས་ཕན་ཐོགས་མཁན་ཞིག་བྱུང་ན་པན་ཆེན་ཞེས་བརྗོད་ན་མི་འགྲིག་གམ།

    Reply
  4. norbu says:
    ལོ་ 12 སྔོན།

    བླ་མ་ཡོད་ཚད་ལ་རེ་བ་བརྒྱབ་ན་ ངེད་ཅག་ཚར་སོང་བའི་རྟགས་རེད་ རྒྱལ་མཚན་ནོར་བུ་ཡོད་ཀྱང་རུང་མེད་ཀྱང་རུང་ བོད་པའི་ལས་དབང་བླ་མར་བཅོལ་བ་སྒྱིད་ལུག་གི་རྟགས་རེད་ བླ་མ་ཚོར་རེ་བ་བརྒྱབས་པས་ངེད་ཅག་ཚད་འདི་ལ་བསྐྱེལ་བ་རེད་ རང་གིས་རང་ཡིད་ཆེས་བྱས་ན་ ད་གཟོད་གཞན་ལས་རྣམ་པར་རྒྱལ་བ་ཁོ་ཐག་རེད་ ཧ་གོ་སོང་ངམ་ གླན་རྟགས་ཚོ།

    Reply
  5. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    འདི་ནི་ན་ནིང་༸གོང་ས་མཆོག་ཨ་རུ་ན་ཅལ་ནང་ཕེབས་པ་དེ་ལ་རྒྱ་གཞུང་གིས་
    ཡ་ལན་སྤྲད་པ་ལྟ་བུ་ཞིག་ལས་དོན་དམ་གྱི་ཆོས་འབྲེལ་ཞིག་ཡིན་མི་སྲིད།

    Reply
  6. ཆུ་ཤུར་མིག་དམར་ says:
    ལོ་ 12 སྔོན།

    རྒྱལ་མཚན་ནོར་བུར་རྒྱ་མིས་ཞལ་ལག་ཡག་པོ་བཀྱག་གི་འདུག
    འོན་ཀྱང་༧ཀུན་གཟིགས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡིན་མིནགྱི་གནས་ཚུལ་ཙམ་ཞིག་ཐོས་རྒྱུ་མེད་འདུག་ངོ་མ་སེམས་ཀྱི་དཀྱིལ་དུ་ན་ཐིང་ངིར་་་་་་་་་་་་་་་་་་་་་

    Reply
  7. ཟིལ་ཁྲོམ། says:
    ལོ་ 12 སྔོན།

    རྒྱལ་མཚན་ནོར་བུ་བོད་ཀྱི་མི་དངོས་མ་ཞིག་ཡིན་པའི་ཆ་ནས། རང་མི་རིགས་འདི་ལ་ཕན་ཐོག་ཆེན་པོ་ཞིག་ཡོད་ངེས།
    དེ་རིང་གསར་འགྱུར་འདིའི་ཁ་བྱང་འབྲི་ལུགས་འདི་འདྲ་རྗེས་སུ་མ་བྲིས་བཟང་། རང་རིགས་སྤུན་ཟླ་ལ་དངོས་ཤུགས་བརྒྱུད་གསུམ་ནས་བརྩི་བསྐུར་བྱེད་དགོས།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ༸གོང་ས་མཆོག་གིས་པན་ཆེན་འདིར་ལུང་རྟོགས་ཀྱི་བསྟན་པ་འཛིན་ཐུབ་ངེས་ཤིག་བྱུང་ན་སྐྱོན་མི་འདུག་གསུངས་པ་དེ་མ་བརྗེད་གྱིས།

    Reply
  9. རིག་འཛིན། says:
    ལོ་ 12 སྔོན།

    རྒྱལ་མཚན་ནོར་བུ་མི་ཡག་པོ་འདུག་ད་་་་་

    Reply
  10. སྨར་དྷཱིཿཟེར། says:
    ལོ་ 12 སྔོན།

    གོང་ས་མཆོག་གིས་པན་ཆེན་འདིར་ལུང་རྟོགས་ཀྱི་བསྟན་པ་འཛིན་ཐུབ་ངེས་ཤིག་བྱུང་ན་སྐྱོན་མི་འདུག་གསུང་པ་དེར་ཁཽང་གིས་ཐོས་ཡོད་དངོས་ཉིད་བོད་མི་རིགས་ལ་སེམས་ཤུགས་གཏན་གཏན་ཡོད་ངེས།

    Reply

Leave a Reply to norbu Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist