མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཉི་ཧོང་དུ་ཆིབས་སྒྱུར།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

 

ཉི་ཧོང་ཛིན་ཁོ་ཇི་དགོན་པའི་གདན་ཞུ་བཞིན་ཚེས་ ༢༠ ཉིན་༧གོང་ས་མཆོག་ཉི་ཧོང་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག

ཉི་ཧོང་ནཱ་གྷ་ནོ་ Nagano གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཛིན་ཁོ་ཇི་ Zenkoji དགོན་པའི་མཁན་པོ་སོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཟླ་འདིའི་ཚེས་ ༢༠ ཉིན་༧གོང་ས་མཆོག་ཡུལ་དེར་ཆིབས་སྒྱུར་གྱིས་མི་མང་ལ་བཀའ་སློབ་གནང་རྒྱུ་རེད། ཐེངས་འདིའི་ཆིབས་སྒྱུར་སྐབས་༧གོང་ས་མཆོག་གིས་དགོན་པ་དེའི་མཁན་པོ་གཉིས་ལ་མཇལ་འཕྲད་གནང་རྒྱུ་དང་། དམིགས་བསལ་རྗེས་དྲན་གྱི་བཀའ་སློབ། ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་ཁུལ་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་ཐབས་སྐོར་ལ་བཀའ་སློབ་གནང་རྒྱུ། དེ་བཞིན་ཚོགས་བཅར་བ་མི་མང་ ༧༠༠༠ ཙམ་ལ་དེང་དུས་ཀྱི་ལམ་སྟོན་བཟང་པོའི་འོད་སྣང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ཀྱང་གནང་རྒྱུ་ཡིན་འདུག

ཛིན་ཁོ་ཇི་ཞེས་པའི་དགོན་པ་དེས་ ༢༠༠༨ ལོར་ཨོ་ལིམ་ཕིག་དཔལ་འབར་ས་ཁུལ་དེར་སྐོར་བསྐྱོད་བྱེད་དུ་མ་བཅུག་པས་རྒྱལ་སྤྱིའི་ཐོག་གདེང་འཇོག་ཆེན་པོ་ཞིག་ཐོབ་ཡོད་ལ། སྐབས་དེར་དགོན་པ་དེའི་མཁན་པོས། ང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་གཅིག་པ་ཡིན་པའི་ཆ་ནས་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་གཞུང་གི་སྲིད་བྱུས་དེར་ངོས་ལེན་བྱ་ཐབས་མི་འདུག་ཅེས་འགྲེལ་བརྗོད་ཀྱང་བྱས་ཡོད། གཞན་ཡང་ཐེངས་འདིར་༧གོང་ས་མཆོག་སི་ཧོ་རྗེ་  Saihoji དགོན་པར་ཕེབས་ཏེ་དགེ་འདུན་པ་ཚོར་བཀའ་སློབ་གནང་རྒྱུ་དང་། གསར་དུ་བཞེངས་པའི་མཐོ་ཚད་ཕི་ཊི་ ༨ ཅན་གྱི་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་བརྙན་དེར་རབ་གནས་བཅས་གནང་རྒྱུ་ཡིན་འདུག

ཚེས་ ༢༦ ཉིན་ཉི་ཧོང་གི་རྒྱལ་ས་ཊོག་ཀྱོའི་  Pacifico Yokohama འགྲེམ་སྟོན་ཁང་དུ་རྟེན་འབྲེལ་བསྟོད་པ་དང་སེམས་བསྐྱེད་ཀྱི་བཀའ་ཆོས་གནང་རྒྱུ་དང་། ཕྱི་དྲོ་མང་ཚོགས་ལ་བདེ་སྐྱིད་སྙིང་པོ་དང་། འཆམ་མཐུན་ངང་འཚོ་ཐབས་ཞེས་པའི་བརྗོད་གཞིའི་སྟེང་བཀའ་སློབ་སྩོལ་རྒྱུ་ཡིན་འདུག ཐེངས་འདིའི་གསུང་ཆོས་སྐབས་ཀོ་རི་ཡ་དང་། སོག་པོ། ཨུ་རུ་སུ་བཅས་ནས་ནང་ཆོས་དོན་གཉེར་བ་གང་མང་ཞིག་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

མཆན། 9

  1. ངག་དབང་ལྷ་མཆོག says:
    ལོ་ 12 སྔོན།

    དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བར་ཤོག

    Reply
  2. ཚེ་བརྟན་ says:
    ལོ་ 12 སྔོན།

    ང་ཚོ་བོད་མི་ཚོར་ཁོང་ལྟ་བུའི་དབུ་ཁྲིད་ཞིག་ཡོད་པ་དེ་ང་ཚོའི་བསོད་ནམས་རེད།

    Reply
  3. ཚེ་བརྟན་ says:
    ལོ་ 12 སྔོན།

    ང་ཚོ་བོད་མི་ཚོར་ཁོང་ལྟ་བུའི་དབུ་ཁྲིད་ཞིག་ཡོད་པ་དེ་ང་ཚོའི་བསོད་ནམས་རེད།

    Reply
  4. སེར་གཙང་འཇམ་དབྱངས། says:
    ལོ་ 12 སྔོན།

    ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་པར་ཤོག།།

    Reply
  5. སེར་གཙང་འཇམ་དབྱངས། says:
    ལོ་ 12 སྔོན།

    ཁ་སྔོན་ཨ་རི་ནང་ལ་བྱུང་བའི་གནས་ཚུལ་ངན་པ་འདི་རིགས་ཙ་ཉིད་
    མི་ཡོང་བ་ཤོག། དེ་དང་ཆབས་གཅིག་སྐུ་སྒེར་ཡིག་ཚང་ནང་ལས་ཀྱིས་སྣེ་མོར་གཏོགས་པའི་
    ལས་བྱེད་ཡོངས་ལ་ཞུ་རྒྱུར་ལ་༧རྒྱལ་བ་རིན་པོ་ཆེ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་འཕེལ་སྐབས་མཛད་རིམ་གང་ཉུང་ཡོང་བའི་རེ་སྨོད་བཅས།།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཆིབས་བསྒྱུར་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ། །

    Reply
  7. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    ད་ཐེངས་ཁོང་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་མཁན་རེ་བདོག་ཚེ། ཨ་རི་ནང་་་་་
    བཞིན་མི་ཡོང་བར་ཤོག

    Reply
  8. མི་རྐྱང་སྨྱོན་པ། says:
    ལོ་ 12 སྔོན།

    ཁོང་གི་སྐུ་ཚེ་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་པར་གྱུར་ཅིག

    Reply
  9. སྣང་རྒྱལ་ཤེར་དགེ says:
    ལོ་ 12 སྔོན།

    ཆིབས་བསྒྱུར་གྱི་བརྒྱུད་རིམ་ཁྲོད་རྒྱ་ནག་གིས་འགོག་རྐྱེན་ཡོང་མ་ཐུབ་པ་དེ་ཡང་ང་ཚོའི་རྒྱལ་ཁ་ཞིག་རེད།

    Reply

Leave a Reply to མི་རྐྱང་སྨྱོན་པ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist