མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སློབ་མ་ཕྱིར་ཕུད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་རྨ་ཆུ་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་ཚོས་ཡུལ་ཁྲིམས་སྲུང་བརྩི་མ་བྱས་པའི་ཉེས་མིང་འོག བོད་རིགས་སློབ་འབྲིང་གི་སློབ་མ་ངག་དབང་ལྷ་མོ་དང་རྨ་ཆུ་རྫོང་ཆུ་ཁ་མ་ཞང་ནས་ཡིན་པའི་སློབ་མ་བུ་ཞིག་བཅས་སློབ་གྲྭ་ནས་ཕྱིར་ཕུད་བཏང་ཡོད་འདུག རང་ལོ་ ༡༦ ཡིན་པའི་ངག་དབང་ལྷ་མོ་ནི་རྨ་ཆུ་རྫོང་མུར་བྱེ་ནས་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༣ ཉིན་རྨ་ཆུ་རྫོང་ཁྲིམས་ལུགས་སློབ་གསོའི་བསམ་འཆར་བསྡུ་ལེན་ཞེས་པའི་ཚོགས་ཐོག་ཏུ། ཁོ་མོས་སྲིད་གཞུང་གིས་དྲང་བདེན་ཐོག་ཁྲིམས་ལུགས་ལག་བསྟར་བྱེད་ཀྱིན་མེད་སྐོར་དང་། འདི་ལོའི་སློབ་མའི་རྔམ་སྟོན་ཁྲོམ་སྐོར་ལ་རྐྱེན་བྱས་ཏེ་སློབ་གཙོ་དང་དགེ་རྒན་ཁག་ཅིག་ཕྱིར་ཕུད་བྱས་པ་དེ་ཁྲིམས་མཐུན་མིན་པར་གཉོམ་ཆུང་མི་རིགས་ལ་བཙན་གནོན་བྱས་པ་ཞིག་ཡིན་པའི་སྐོར་གྱི་གནས་ཚུལ་སོགས་ཞུས་ཡོད་སྟབས། ཕྱིས་སུ་ཉེན་རྟོག་པས་ཁོ་མོར་ཐེངས་མང་འདྲི་བརྩད་བྱས་རྗེས། འདི་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢ ཉིན་སློབ་གྲྭ་ནས་དངོས་སུ་ཕྱིར་ཕུད་བྱས་པའི་ཁྱབ་བསྒྲགས་དང་། ད་ལྟའི་ཆར་ཁོ་མོ་གཙོ་བྱས་པའི་གནས་དབྱུང་བཏང་བའི་སློབ་མ་ཁག་ས་གནས་གཞན་དང་སློབ་གྲྭ་གཞན་དུའང་སློབ་ཞུགས་ཀྱི་གོ་སྐབས་མེད་པའི་བཀའ་བཏང་ཡོད་འདུག

གསར་འགོད་པ། དོན་གོ

 

མཆན། 8

  1. ཀླུས་ says:
    ལོ་ 12 སྔོན།

    རེད། ངག་དབང་ལྷ་མོ་ཁོ་མོའི་འདྲ་པར་དང་བཅས་གནས་ཚུལ་ཞིབ་ཕྲ་ཨེ་རླུང་དྲ་ཐག་ན་ཡོད་་
    http://www.rfa.org/tibetan/chediklaytsen/amdolaytsen/amdo-stringer/tibetan-students-expelled-from-school-09112010130031.html

    Reply
  2. པུར་རྒྱ། འོད་གསལ་ལྷ་མོ། says:
    ལོ་ 12 སྔོན།

    ང་ཧ་ཅང་གི་སེམས་ཕམས་ཡོད།
    གང་ཡིན་ཟེར་ན། རྒྱ་མི་དམར་པོ་དེས་དུས་ནམ་ཡང་བོད་ལ་དྲང་བདེན་དང་།
    གནས་ལུགས་ལྡན་པའི་བྱ་བ་མི་སྒྲུབ་པ་འདི་ཚོད་རེད།
    ཧ་ཅང་གི་སེམས་ཕམས་ཡོད།

    Reply
  3. ནཱ་གྷཱ་རཀྵ། says:
    ལོ་ 12 སྔོན།

    ངག་དབང་ལྷ་མོ་ལགས་སློབ་གྲྭ་ནས་ཕྱིར་ཕུད་བྱས་པས་མ་ཚད་སློབ་གྲྭ་གཞན་ལ་འཛུལ་བཞུག་བྱ་མི་ཆོག་པའི་བཀའ་བཏང་བ་ནི་བློ་ཕམ་པའི་གནས་རེད།

    Reply
  4. ཇ་མ་ says:
    ལོ་ 12 སྔོན།

    དེང་སང་ཕྱི་སྡོད་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོད་བྱས་ན་ཟམ་གདོང་བླ་མའི་སྲོག་འཆད་ཀྱི་རེད། དེ་བས་རྒྱ་ནག་འོག་བོད་མི་རྣམས་གཉའ་སྒུར་ནས་སྡད་ན་དགའ་གི་རེད། རྒྱ་གཞུང་གིས་བོད་མི་རྣམས་རྩ་མེད་བཟོས་ན་བློ་འགྱོད་ཡོད་པ་མ་རེད།

    Reply
  5. སེར་ཆེན་ says:
    ལོ་ 12 སྔོན།

    ད་ཡིན་ན་རྒྱ་གཞུང་གིས་བོད་རིགས་ཤེས་འཇོན་ཅན་ཚང་མ་རྒྱ་གཞུང་གིས་མེད་པར་བཏང་ཚར་བའི་ངོ་མ་ཡིད་སྐྱོ་བ་ཞིག་རེད་ཡ།སྤུན་ཟླ་ཚོ།ཡར་ལངས་རན་རེད།

    Reply
  6. གཅེན་པོ། says:
    ལོ་ 12 སྔོན།

    སེམས་ཤུགས་ཅན།
    གཅིག་རེ་གཉིས་རེ་བྱས་ནས་ཚར་བཅད་ནས།
    ཕན་མེད་གནོད་མེད་འགའ་ལ་གོ་གནས་ཞིག་སྤྲད་སོང་།
    འདི་ནི་ང་ཚོའི་ཕམ་ཤོར་རེད་ལ།
    འདི་ནི་རྒྱ་ནག་གི་རྒྱལ་ཁ་རེད།
    འདི་ནི་རྒྱ་ནག་གི་སྲིད་ཇུས་རེད་ལ།
    འདི་ནི་བོད་པས་མི་འཇོན་པའི་ཞི་བདེ་རེད།
    བོད་པ་ཞི་བདེར་ཞེན་ཆགས་ཆེ་བའི་དབང་གིས་མི་གཞན་གྱི་ཐུགས་སེམས་དཀྲུགས་ཀྱི་མ་རེད།
    ལྷག་པར་དུ་བཙན་བྱོལ་བ་ལམ་དབུ་མར་བཞུགས་ཡོད་ཙང་གཞིས་བཞུགས་ཀྱི་སྤུན་གྲོགས་དང་ལག་དམར་བ་རྒྱ་དམར་གཉིས་ལ་ཞལ་ངོ་གཅིག་པ་བསྟན་གྱི་རེད།
    བློ་འཕངས་པ་ཞིག་ལ་ངའི་གཞིས་ལུས་ཀྱི་སྤུན་ཟླ།
    ངའི་ཕུ་ནུ་མིང་སྲིང་།
    ཁྱེད་རང་རྣམས་རྒྱ་ནག་གི་འོག་ནས་རང་ཁ་རང་གསོ་གནང་ནས་བཞུགས་ན།
    ད་གཟོད་ཁྱེད་རང་རྣམས་སྡུག་བསྔལ་དེ་འདྲ་མྱོང་དགོས་མེད།
    འདི་ཕྱོགས་ནས་ཀྱང་རྒྱ་དམར་གྱི་མངའ་འོག་ཏུ་བསྡད་འདོད་ཤིན་ཏུ་ཆེན་པོ་འདུག
    དེ་སྔོན་ང་རང་ཚོས་བསམ་ཞིང་རེ་བ་བྱེད་སའི་རང་དབང་རང་བཙན།
    བོད་རང་དབང་རང་བཙན་ཞེས་པའི་མིང་ཚིག་དེ་འདི་ན།
    བྱེས་འབྱོར་གྱི་སྟེ་གནས།
    ངེས་མེད་རྒྱལ་ཁབ་ཁག་ཏུ་བཞུགས་པའི་སྤུན་གྲོགས་རྣམས་ཀྱི་ཕལ་ཆེར་རྣ་བར་མི་འགྲོ་བའི་མིང་ཚིག་ཞིག་ལ་གྱུར་ཚར་འདུག
    ངའི་གཞིས་ལུས་ཀྱི་སྤུན་ཟླ།
    ད་ནི་བོད་མི་རིགས་ཀྱི་ངོ་བོ་ཕལ་ཆེར་འགྱུར་དགོས་པའི་དུས་ལ་སླེབས་པ་འདྲ།

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 12 སྔོན།

    ཡ་ཡ་དྲྭ་གྲོགས་ཚོ།ཡར་སྔོན་ཞིག་ལ་མ་སུ་རིའི་སློབ་བུ་འགའི་ཆེད་དུ་ས་མཆོང་གནམ་མཆོང་བྱས་པ་རེད
    ད་ཅི་ཞིག་བྱེད་།་

    Reply
  8. ཤེལ་དཀར་བློ་བཟང་། says:
    ལོ་ 12 སྔོན།

    ངོ་མ་སེམས་ཕངས་པ་ལ། ན་ཆུང་སློབ་མ་གཉིས་ཀྱི་མི་ཚེའི་མདུན་ལམ་ལ་དོ་ཕོག་བཟོས་པ་རེད། དངོས་གནས་རྒྱ་མིས་ཁྲིམས་མེད་ལུགས་མེད་བྱེད་ཀྱི་འདུག་སློབ་ཕྲུག་འདི་གཉིས་ལ་ཁྲིམས་བཅད་གཏོང་བའི་ལོ་ན་སོན་མི་འདུག།

    Reply

Leave a Reply to སེར་ཆེན་ Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist