མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆང་ཕོར་དེ་ང་ལ་སྤྲོད་དང་།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཆང་དཀར་བཀང་དེ་མ་འཐུང་གོང་དུ
ངས་ཁྱེད་རང་ལ་སྐད་ཆ་ཞིག་བཤད་ཡ
ང་རང་ཆང་འཐུང་མཁན་གྱི་ཁྱེད་རང་ཡིན་ན
ངས་སྔ་མོ་ནས་གླུ་ཞིག་བླངས་ཡོད་ངེས་ཡིན་ལ
སུས་ཀྱང་གོ་ན་མི་འདོད་པའི་གཏམ་རྒྱུད་ཅིག
བསམ་བློ་གཏོང་འདོད་མེད་ཐག་ཆད་ཀྱང་ཆོག་པ་ཞིག
གང་ལྟར། དུས་ཚོད་ནི་ཧ་ཅང་འགྱུར་སླ་བས
ཆང་ཕོར་དེ་ཡི་ཆེད་དུ ང་མ་བཟི་གོང་དེར
འཐུང་མཁན་དེ་ནི་ཁྱེད་རང་གྱུར་བ་རེད

བཟི་བོ་ནི་སྙན་ངག་གི་གྲོང་ཚོ་ཡིན
སྐད་ཆ་ཚང་མ་སྐྱིད་པོ་རྐྱང་རྐྱང་ཡིན
ཏག་ཏག་ལ ཁྱེད་ཀྱི་ཚབ་དུ་ངས་ཆང་ཕོར་བཀང་བཏེགས་ནས
རྨི་ལམ་ཁྲོད་ཀྱི་ཞིང་ཁམས་ཤིག་ཉུལ་ཞོར་ཏུ
སྙིང་ཉེ་བའི་སྐད་ཆ་ལྷོད་པོ་ཞིག
གཤིས་དྲངས་པའི་རང་གཤིས་བརྟན་པའི་ཡིད་དུ་འོང་བའི་ཁྱེད་ལ
ཁ་དང་ཁོག་པ་མེད་པའི་སྙིང་གཏམ་དྲོན་མོ་ཞིག
ཆང་འཐུང་ཟིན་པའི་ཁྱེད་རང་གིས
ངའི་སེམས་པ་ཤེས་ཡོད་ན
ཆང་ཕོར་དེ་ག་ལེར་ང་ལ་སྤྲོད་སྲིད

དོ་ནུབ་ང་བཟི་སོང་ན་འདོད
དོ་ནུབ་ང་གཏན་ནས་བཟི་སོང་ན་རེད
དྲན་པ་འཐོར་བའི་ལོ་ངོ་དུ་མའི་གོང་གི་མི་དེ་བཞིན
བསམ་བློ་གཏོང་འདོད་མེད་པའི་སྲང་བར་གྱི་འཁྱམ་པོ་ལྟར
འགན་འཁུར་མི་ཤེས་པའི་ན་ནིང་གི་ཕ་རྒན་དེ་ཡི་བྱ་སྤྱོད་བཞིན
སྲང་བར་དུ་ལུས་པོ་ཁྲོམ་རྫས་སུ་བཞག་པའི་བུད་མེད་ལྟར
ཉོ་ལ་བྲེལ་བའི་ཕོ་ཧྲེང་མཇེ་སྐམ་ཁ་ཤོམ་རྒྱགས་མཁན་བཞིན
གནའ་བོའི་རི་གྲོང་གི་ཁྱི་རྒན་ལོ་ལོན་ལྟར
ང་བཟི་རུ་བཅུགས
གཏན་ནས་བཟི་སོང་ན
དངོས་ནས་བཟི་བོ་སྐྱིད་ལ
བཟི་བོ་ཉོག་དྲའི་རྩ་བ་ཡིན་པ་བདེན་ནམ་ཅི

མཆན། 13

  1. chentsasopa says:
    ལོ་ 12 སྔོན།

    ང་ཚོ་ཆུང་དུས་ལེགས་བཤད་འདི་འདྲ་རེ་བློར་བཟུང་མྱོང་བ་མ་ཡིན་ནམ།
    ༼ཉི་མ་རེ་ལ་ཚིག་རེ་བཟུང་།།
    གང་ཞིག་ཉིན་བརྒྱ་སོང་བ་ན།།
    ཚིག་བརྒྱ་མ་ལུས་ཁོང་དུ་ཆུད།།༽
    ད་ངས་འདི་ནས་ཁྱོད་ལ་ལེགས་བཤད་གསར་པ་ཞིག་འབྲི།
    ༼ཉི་མ་རེ་ལ་རྩོམ་རེ་ཕྲིས།།
    གང་ཞིག་ཉིན་བརྒྱ་སོང་བ་ན།།
    རྩོམ་བརྒྱ་ལོངས་པའི་དེབ་གཅིག་ཡོད།།
    དེ་ལྟར་ལོ་རེར་དེབ་གསུམ་ཕྲིས།།
    ལོ་བཅུའི་རིང་ལ་སུམ་ཅུ་ཡོད།།
    ཉི་ཤུ་འགོར་ཚེ་དྲུག་ཅུ་ཡོད།།
    ཚེ་མཇུག་དེབ་བརྒྱའི་གོང་ན་ཡོད།།
    ཉིས་བརྒྱ་སུམ་བརྒྱའང་ཕྲིས་ན་ཐང་།།
    དེ་བས་འབྲི་ཤུགས་མ་ཉམས་ལགས།།༽
    ཧ་ཧ་ཧ། རྩེད་མོ་ཡིན་ལ་དོན་དངོས་ཀྱང་ཡིན་ལགས།

    Reply
  2. sha tak ri sim says:
    ལོ་ 12 སྔོན།

    ནཱ་གྷཱ་རཀྵ་ལགས། རྒྱུན་ལྡན་ལྟར་ངེད་ཚང་དུ་འབྱོར་འདུག་པ་དགའ་ནས་ཡོད། ངས་ཉིད་ཀྱིས་རེ་སྐུལ་དེ་སེམས་སུ་འཛིན་ཡ་་

    དེ་རིང་གསར་འགྱུར་ཆེ་ཤོས་ཤིག་ཡོད་པ་དེ་ནི་རྒྱ་རིགས་རྩོམ་པ་པོ་ལེས་ཞོ་པང་ལ་ཞི་བདེ་གཟེངས་རྟགས་ཐོབ་པ་དེ་རེད། ཁྱེད་རང་གིས་དེ་ཡི་སྐོར་ལ་ལྟ་ཚུལ་གང་ཡོད་དམ།

    Reply
  3. lingkalsang says:
    ལོ་ 12 སྔོན།

    བོད་ཤ་ཁྲག་ལགས། སྙན་རྩོམ་ཆ་ཚང་བཀླགས་པ་ཡིན། ཁོམ་པ་ཡོད་ན་ཚིགས་བཅད་རེ་འབྲི་རོགས། རང་མོས་སྙན་ངག་རེ་བྲིས་ཡོང་དུས་ངའི་མགོ་ལ་རྡོ་ཡིས་བཞུས་པ་དང་འདྲ་བྱུང་། ལྷག་པར་དུ་ཆང་འཐུང་གི་གཏམ་དང་ཉིད་གོང་གི་སྟུག་དྲི་གཉིས་ལ་ཆ་འཇོག་བྱེད་ཐབས་བྲལ། རྩོམ་འདི་ཁྱེད་རང་གིས་གྲོགས་པོ་ཞིག་གི་ཚབ་བྱས་ནས་བྲིས་པ་ཡིན་ན་དེ་ལ་གཏམ་འདི་བཤད་རོགས་གནང་།

    Reply
  4. sha tak ri sim says:
    ལོ་ 12 སྔོན།

    གནམ་ལྕགས་ལགས། ཉིད་ནས་རང་གི་མྱོང་ཚོར་ཞིབ་དུ་གསུངས་པ་དེ་ནི་དངོས་ནས་བསྟོད་འོས་པ་རེད། ཁྱེད་ཀྱི་ཤེས་གསལ་ལྟར། ངས་ཆང་བཞག་པའི་ཉིན་མོ་དེ་ནི་འུ་གཉིས་གཅིག་མཚུངས་ཡིན། རེད་དེ། ཉིད་ནས་ཉིན་མོ་དེ་ནས་བཟུང་དེ་ཆང་འཐུང་གི་ཡོད་མེད་མི་ཤེས། རེ་བ་ལ་ཉིད་ཀྱིས་འཐུང་མི་མེད་བཞག་ཡིན། དེ་ཙམ་མོ། ནམ་ཁོམ་དུ་ཡོང་གི་བསྡོད།

    Reply
  5. sha tak ri sim says:
    ལོ་ 12 སྔོན།

    ཉི་ཟླའི་མགྲོན་བདག་ལགས། ཉིད་ནས་བསྟོད་བསྔགས་བྱས་པ་དེར་དགའ་ནས་ཁ་ཡང་བཙུམ་མ་ཐུབ་པར་བསྡད་ཡོད། ཨ་ལ་ཀུ་རེ་ཡིན། དུས་རྒྱུན་ནས་ཡོང་གི་བསྡད་པ་དེར་དགའ་ནས་ཡོད། བསམ་ཚུལ་གང་ཡོད་རྗེས་ཕྱོགས་གསུང་རྐྱང་བྱོས།

    Reply
  6. sha tak ri sim says:
    ལོ་ 12 སྔོན།

    ཆུ་སྐྱེས་སྒྲོལ་མ་ལགས། ཡུན་རིང་གི་རྗེས་སུ་ཁོམ་ཞིག་བྱུང་ནས་འདིར་ཕེབས་པ་དགའ་ནས་ཡོད། ང་རང་དེང་སང་ཆང་འཐུང་ནི་མིན། ངས་ཆང་འཐུང་མཁན་གྱི་གྲོགས་པོ་ཞིག་གི་ཚབ་དུ་བྲིས་པ་དེ་ཙམ་མོ།

    Reply
  7. sha tak ri sim says:
    ལོ་ 12 སྔོན།

    བདག་གི་སྙིང་ནས་བརྩེ་བའི་སྤུན་མཆེད་སྐལ་བཟང་ལགས། ཉིད་རང་དུས་རྒྱུན་འདིར་སྐོར་གཡེང་དུ་ཕེབས་པ་དགའ་ནས་ཡོད། རེད་དེ། ཉིད་ནས་ངས་ཆང་འཐུང་ནས་རྐང་ལམ་ནང་དུ་གཅིན་མ་གཏོང་ཟེར། དེང་སང་གཅིན་མ་ཕར་ཞོག མཚམས་རེར་སྐྱག་པ་ཡང་གཏོང་ན་འདོད་ཀི ཨ་ལ་ཀུ་ལ་རེ་ཡིན། ཆང་མ་འཐུང་བར་མི་ལོ་ཧྲིལ་བོ་ཁ་ཤས་ཤིག་འགྲོ་བཞིན་ཡོད། སེམས་ཁྲལ་མེད། སྙན་ངག་ནི་ཆང་འཐུང་བའི་སྐབས་ཀྱི་སྙན་ངག་ནི་མིན། སེམས་བཟི་བའི་སྐབས་ཀྱི་སྙན་ངག་ཡིན། ཡག་ཉེས་ངས་མི་ཤེས། ཁྱེད་རང་གིས་བལྟས་ཤིག

    Reply
  8. kkalsang says:
    ལོ་ 12 སྔོན།

    ཆང་འཐུང་གིན་འཐུང་གིན་སྙན་ངག་བྲིས་ཟེར་བ་དེ་ཕྱོགས་གཅིག་ནས་བདེན་པའི་ཆ་ཞིག་ཡོད་ངེས་ཀྱང་། བདག་ལ་མཚོན་ན་ཆང་གིས་ར་རོ་བའི་སྐབས་ཀྱི་སྙན་ངག་དག་ཚད་གཞི་མ་ལོན་པའི་སྙན་ངག་འབའ་ཞིག་ཏུ་མཐོང་གི་ཡོད། ཡིན་ནའང་ར་བཟི་བའི་སྐབས་ཀྱི་འཆར་ཡན་དེ་སྙན་ངག་ཏུ་བསྡེབས་ཚེ་སྙན་ངག་ཏུ་འདོད་པ་རེ་འགའ་ཡང་ཡོད་ངེས་ཡིན་ཡང་། གཙོ་བོ་རིག་པ་དྭངས་ཤིང་གསལ་བའི་སྐབས་ཀྱི་ཚོར་བ་དང་དེའི་སྙན་ངག་དག་ནི་ཚད་གཞི་ངེས་ཅན་ཞིག་ལ་སླེབས་པར་ངེས་འཛིན་ཆོག

    གང་ལྟར་མི་ཚང་མའི་ཁྱད་ཆོས་མི་འདྲ་སྟབས། ངས་རང་གི་མྱོང་བའི་སྒང་ནས་བཤད་པ་ཙམ་ཡིན། སྔོན་མར་ངས་ཀྱང་ར་རོ་བའི་བྲིས་མྱོང་ལ། ར་བཟི་བའི་སྙན་ངག་གཞན་ཀྱང་བཀླགས་མྱོང་། དེ་ཙམ་ཡིན།

    Reply
  9. chok zyl says:
    ལོ་ 12 སྔོན།

    དྲ་གྲོགས་ལགས་སྙན་རྩོམ་ངོ་མ་ཡག་པོ་སྤེལ་འདུག
    ཀློག་ཟིན་ཡིན།འོན་ཀྱང་བསམ་ཚུལ་དམིགས་གསལ་བརྗོད་ཐུབ་མ་སོང་དགོངས་དག་ཞུ་ཆོག

    Reply
  10. chokey says:
    ལོ་ 12 སྔོན།

    དྲ་གྲོགས་ལགས།
    སྐུ་ཁམས་བཟང༌།
    དེང་སང་ཆང་བཏུང་ནས་སྙན་ངག་འབྲི་རྒྱུའི་དར་སྲོལ་བྱེད་ཀྱི་ཡོད་དམ། ཚང་མས་ཆང་འཐུང་གི་སྐོར་རྐྱང་བཤད་ཀྱི་འདུག ཡ་ད་རྗེས་ཕྱོགས་རིམ་གྱིས་ཁ་བརྡ་བྱེད།

    Reply
  11. karmadentse says:
    ལོ་ 12 སྔོན།

    ཁྱོད་ཀྱི་རྩོམ་ཡིག་བཀླགས་པ་ཡིན། བཟང་ངན་གྱི་བསམ་ཚུལ་བཤད་པའི་ལྕེ་དེ་མི་འདུག ར་ཁུ་འཐུང་བཏང་ནས་རྐང་རྣམ་ནང་ལ་གཅིན་མ་གཏོང་། དེ་རྩེ་མོ་ཡིན།

    Reply
  12. sha tak ri sim says:
    ལོ་ 12 སྔོན།

    རྒན་པོ་ཟ་ལེ་རྒྱལ་ཡང་སླེབས་ཐག་ཟིག་ཨ་སླེབས་འདུག ཆང་ཁྱེད་ཀྱིས་འཐུང་། ཆང་གི་སྐོར་ངས་འདྲི་ཡ ཧཧཧཧ དེ་ར་མ་རེད། དངོས་ནས་ཆང་འཐུང་ཞོར་དུ་བྲིས་ཟེར་ན་དེ་ཚོ་གཞུག་ནས་བལྟས་དུས་དངོས་ནས་དགོད་སྤྱད་རྐྱང་རྐྱང་ལས་དོན་དག་མེད་ཁོ་ཐག་རེད། ཡིན་ཡང་། མཚམས་རེར་ཡག་པོ་ཁ་ཤས་རེ་ཡོང་རྒྱུ་ཡང་ཡོད་རབས་ཡོད་པ་རེད། གང་ལྟར། དོ་ནུབ་ཆང་ཚབ་དུ་ཁྱེད་རང་ཡོང་བ་དགའ་ཡོད།

    Reply
  13. salygyal says:
    ལོ་ 12 སྔོན།

    ངས་ར་ཆང་འཐུང་བཞིན་སྙན་ངག་ཡིན་བསམ་པ་མང་བོ་བྲིས་ཀྱང་བཟི་དྭངས་དུས་ཚང་མ་ཉོག་བཤད་དག་དག་རེད། དེ་བས་ངས་ཆང་འཐུང་གི་མེད། ཡིན་ནའང་ཁྱོད་ཀྱི་འདི་ཉོག་བཤད་རེད་ཅེས་བ་མིན།

    Reply

Leave a Reply to karmadentse Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist