མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་སྐད་ཡིག་དང་རྩོམ་རིག་གི་ཚོཊ་འདུ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༣ ནས་ ༡༤ ཉིན་བར་པེ་ཅིན་ཀྲུང་དབྱིང་མི་རིགས་སློབ་གྲྭ་ཆེན་མོ་རུ། ༼ སྐབས་བརྒྱད་པའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་དང་རྩོམ་རིག་ཆེད་ལས་བྱ་བའི་གྲོས་ཚོགས ༽ ཟེར་བ་དེ་ཚོགས་ཡོད་ཅིང་། ཚོགས་འདུའི་སྐུ་མགྲོན་གཙོ་བོར་ཀྲུང་དབྱིང་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཤེས་རབ་ཉི་མ་དང་བོད་རིག་པའི་མཁས་པ་ཝང་ཡུའུ། བོད་རིག་པའི་ཞིབ་འཇུག་ཁང་གི་གཙོ་འཛིན་ཚེ་རིང་ཐར་སོགས་ཕེབས་ཡོད་འདུག་ལ། ཚོགས་བཅར་བའི་ཁྲོད་དུ་ཀྲུང་དབྱིང་མི་རིགས་སློབ་ཆེན་དང་བོད་ལྗོངས་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ཡུན་ནན་མི་རིགས་སློབ་ཆེན། ཟི་ཁྲོན་མི་རིགས་སློབ་གླིང་དང་མཚོ་སྔོན་དགེ་འོས་སློབ་གླིང་། མཚོ་སྔོན་གསོ་རིག་སློབ་གླིང་། ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་བཅས་ཀྱི་བོད་རིགས་སྐུ་ཚབ་འཐུས་མི་ཉི་ཤུ་ཙམ་ཚོགས་ཞུགས་གནང་ཡོད་འདུག

ཚོགས་འདུ་དེའི་སྟེང་། བོད་སྐད་ཡིག་གི་སློབ་ཁྲིད་ཁྲོད་ཀྱི་མིང་བརྡ་གསར་པ་ཁག་གཅིག་ཚད་ལྡན་དུ་བསྒྱུར་བཅོས་བྱས་ཡོད་འདུག་ལ། བརྡ་འཕྲིན་དང་བསྙན་སྦྱོར་སོགས་ཀྱི་དེང་རབས་ཅན་གྱི་སློབ་ཁྲིད་ཡོ་བྱེད་དག་བོད་སྐད་ཡིག་གི་སློབ་ཁྲིད་ཁྲོད་ཇི་ལྟར་བཀོལ་སྤྱོད་བྱེད་ཕྱོགས། ད་ལྟ་བོད་སྐད་ཡིག་སློབ་ཁྲིད་དང་རྩོམ་རིག་ཆེད་ལས་སློབ་ཁྲིད་ཁྲོད་ཀྱི་དཀའ་ངལ་རིགས་སེལ་ཐབས་བྱེད་ཕྱོགས་བཅས་ཀྱི་ཐད་བགྲོ་གླིང་གནང་ཡོད་ཅིང་། གཞུག་ཕྱོགས་ཐེངས་འདིའི་གྲོས་ཚོགས་མཚན་བྱང་བཅོས་བསྒྱུར་བྱས་ཏེ། ༼ རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སློབ་ཁྲིད་བྱ་བའི་གྲོས་ཚོགས ༽ ཞེས་གཏན་འབེབས་བྱས་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

མཆན། 3

  1. ནགས་མཚོ says:
    ལོ་ 12 སྔོན།

    དོན་ངོ་མ་་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྐོར་གྱི་ཚོགས་འདུ་ཞིག་ཡིན་ན་བཀྲིས་བདེ་ལེགས་ཡོད

    Reply
  2. མྱི་ལྟིག says:
    ལོ་ 12 སྔོན།

    ཀྲུང་དབྱང་འབྲི་སྟངས་ཨ་ཁུ་དམུ་དགེ་ཚང་གིས་དགོངས་པ་དང་འགལ་འདུག

    Reply
  3. ཉི་ཟླའི་མགྲོན་བདག says:
    ལོ་ 12 སྔོན།

    འདི་ལ་དོན་དག་ཡག་པོ་ཞིག་ངོས་འཛིན་ཐུབ་མ་སོང་།དགོངས་དག་ཞུ།

    Reply

Leave a Reply to ནགས་མཚོ Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist