མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིའི་འོས་བསྡུ་དང་ཐུཊ་གསོའི་འཚམས་ཞུ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་འགར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ་ ༢༠༡༠ ལོའི་བར་མའི་འོས་འདེམས་དེ་གནང་གིན་ཡོད་པ་ལྟར། ཐེངས་འདིའི་གྲོས་ཚོགས་འོག་མའི་འོས་ཁྲོད་དམངས་གཙོ་ཚོགས་པར་ཕམ་ཉེས་བྱུང་སྟེ། གྲོས་ཚོགས་ཀྱི་ཚོགས་གཙོ་ལྕ་སྐུ་ནན་སེ་པེ་ལོ་སི་ Nancy Pelosi ཡི་ཞབས་སྟེགས་ཤོར་ཡོད་ཅིང་། དེ་ལ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་མཚན་ཐོག་ནས་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་ཡོད་པའི་ནང་། ད་རེབ་ཀྱི་ཨ་རིའི་འོས་བསྡུའི་གྲུབ་འབྲས་དེ་ནི། མཐའ་མའི་འབྲས་བུ་ཞིག་ལ་ཁྱེད་ཀྱིས་དགོངས་པ་བཞེས་ཀྱི་མེད་པར་ཡིད་ཆེས་བྱེད་ཀྱིན་ཡོད། འོས་བསྡུའི་གྲུབ་འབྲས་དེ་ནི་ཨ་རིའི་མི་དམངས་ཀྱི་རྒྱལ་ཁ་ཡིན་པ་མ་ཟད། ཨ་རིའི་དམངས་གཙོའི་ཁྱད་ཆོས་ཀྱང་མཚོན་ཐུབ་ཀྱི་ཡོད།

ཁྱེད་ཀྱིས་ད་བར་ཨ་རིའི་མི་མང་ལ་གཟེངས་སུ་ཐོན་པའི་སྲི་ཞུ་བསྒྲུབས་པའི་ཐད་ང་ཚོས་ལྷག་བསམ་རྣམ་དག་གིས་ཡིད་རངས་དང་བསྔགས་བརྗོད་ཞུ་རྒྱུ་དང་། གོ་སྐབས་འདི་དང་བསྟུན་ཏེ། ཁྱེད་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་གྱི་དགོངས་གཞི་ལ་རྒྱབ་སྐྱོར་གནང་བ་དང་། བོད་ཀྱི་གནད་དོན་ཐོག་བོད་མི་ཚོར་རྒྱབ་སྐྱོར་མཚོན་ཆེད་ ༢༠༠༨ ལོར་བཞུགས་སྒར་ངྷ་རམ་ས་ལར་ཆེད་ཕེབས་གནང་བ་ང་ཚོའི་སེམས་སུ་གསལ་བོར་ཡོད། དེར་བརྟེན། ཁྱེད་ཀྱིས་བོད་དོན་ཐོག ལྷད་མེད་ཀྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

 

ཐེངས་འདིའི་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་ནང་། འབྱུང་འགྱུར་གྲོས་ཚོགས་ཀྱི་ཚོགས་མི་གསར་པ་ཁག་འོས་འདེམས་གནང་རྒྱུ་ཡིན་ཞིང་། སྲིད་འཛིན་ཨོ་བྷ་མའི་དམངས་གཙོ་ཚོགས་པར་ཐེངས་འདིེའི་འོས་བསྡུའི་ཁྲོད་མང་ཚོགས་ཀྱིས་དེ་ཙམ་རྒྱབ་སྐྱོར་ཐོབ་མེད་པར་མང་མོས་འཐོབ་དཀའ་པའི་གནས་སྟངས་ཤིག་ཆགས་ཡོད་ཀྱང་། གྲོས་ཚོགས་འཐུས་མིའི་ཁྲོད་ཨོ་བྷ་མར་རྒྱབ་སྐྱོར་ཤུགས་ཆེན་བྱུང་ཡོད་ཅིང་། ཐེངས་འདིའི་འོས་བསྡུའི་ཁྲོད་གྲོས་ཚོགས་འོག་མའི་ནང་འཐུས་མི་ ༤༣༥  ཡོད་པ་ལས་གྲོས་ཚོགས་གོང་མའི་འཐུས་མི་ ༡༠༠ ནས་ ༣༧ ཙམ་འོས་འདེམས་གནང་འཆར་ཡོད།

 

ཨ་རིའི་མངའ་སྡེ་ཁག་ ༥༠ ནས་འཐུས་མི་ ༣༧ ཙམ་འོས་འདེམས་གནང་རྒྱུ་ཡིན་འདུག དེར་བརྟེན། ད་ལྟའི་སྤྱི་མཐུན་ཚོགས་པས་མུ་མཐུད་གཞུང་འཛིན་རྒྱུར་གྲོས་ཚོགས་ཀྱི་འཐུས་མི་གྲངས་ ༣༩ ཐོབ་དགོས་ཤིང་། ད་ལྟའི་ཆར་སྤྱི་མཐུན་ཚོགས་པར་གྲོས་ཚོགས་གོང་མའི་འཐུས་མི་ ༤༦ དང་ གྲོས་ཚོགས་འོག་མའི་འཐུས་མི་ ༢༣༩  ཡི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། དམངས་གཙོ་ཚོགས་པར་གྲོས་ཚོགས་གོང་མའི་འཐུས་མི་ ༥༢ དང་གྲོས་ཚོགས་འོག་མའི་འཐུས་མི་ ༡༨༥ ལས་ཐོབ་མེད།

ཨ་རིའི་མི་དམངས་ཀྱི་མཐོང་ཚུལ་དུ་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་མེད་པ་དང་། ལས་མེད་བརྒྱ་ཆ་བཅུ་ལྷག་ལ་བསླེབས་ཡོད་པ། དེ་བཞིན་ཐེངས་འདིའི་འོས་བསྡུའི་སྐབས་གྲོས་ཚོགས་འོག་མའི་ནང་ཨོ་བྷ་མར་རྒྱབ་སྐྱོར་ཐོབ་མེད་པ་བཅས་ནི། ཨོ་བྷ་མ་སྲིད་འཛིན་དུ་བསྡད་ནས་ལོ་ ༢ ཡི་ནང་གི་ཞན་ཆ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་མ་ཟད། ཉིས་སྟོང་བཅུ་གཅིག་ལོའི་ཨ་རིའི་སྲིད་འཛིན་གྱི་སྲིད་སྟེགས་དེ་སྔ་ལོའི་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་གྱི་འོས་མི་ལྕམ་སཱ་ར་པ་ལཱེན Sarah Palin ལགས་ལ་འཐོབ་རྒྱུར་རེ་བ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

མཆན། 14

  1. ཁྲི་བྱང་རིན་པོ་ཆེ says:
    ལོ་ 12 སྔོན།

    ངའི་ལྟ་ཚུལ་ཡིན་ན་ ནན་སེ་པེ་ལོ་སི་ Nancy Pelosi ཡི་ཞབས་སྟེགས་ཤོར་བ་ཡག་པོ་བྱུང་འདུག གང་ཡིན་ཟེར་ན་ ཁོང་གིས་༧་གོང་ས་མཆོག་སྐུ་སྒེར་གིས་བསམས་ཚུལ་ལ་རྒྱབ་སྐྱོར་བྱེད་པ་ལས་བོད་མི་མང་གི་བདེ་སྡུག་གཟིགས་པ་གོ་མྱོང་ སྤྱིར་བཏང་ཁོང་འགྲོ་བ་མིའི་ཐོབ་བཏང་ཕྱོགས་ལ་བསམ་བློ་གཏང་ཟེར་བ་དེ་ཡང་རྫུན་མ་རེད།། ཁོང་སྤྲེལ་ལད་འཕྲབ་མཁན་མཁས་པ་ཞིག་རེད་ཡིན་ན་ཡང་ད་ཐེངས་ཁོང་ལམ་ལ་འགྲོ་མ་སོང་།།

    Reply
  2. དགྲ་འདུལ། says:
    ལོ་ 12 སྔོན།

    ལྕམ་ནན་སིས་པེ་ལོ་སིས་མཆོག་ནི་རང་རེའི་བོད་མི་ཡོངས་ལ་ཐུགས་བརྩེའི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པས་ཁོང་མོའི་བཀའ་དྲིན་ནམ་ཡང་བརྗོད་མི་སྲིད།

    Reply
  3. ལྗང་གཞོན། says:
    ལོ་ 12 སྔོན།

    དྲ་གྲོགས་དྲང་སྲོང་ལགས་ཀྱིས། ལྷ་སའི་རྒན་མོས་ལྷ་སའི་ཇོ་བོ་མ་མཐོང་། ཞེས་པའི་དཔེ་རུ་སོང་མེད་དམ་བསམ་པའི་ཚོར་བ་བྱུང་།
    གསར་འགོད་པས་ལྕམ ས་ར་པེ་ལཱེན་ལགས་ ༢༠༡༢་ལོའི་ཨ་རིའི་སྲིད་འཛིན་གྱི་སྲིད་སྟེགས་ལ་རེ་བ་རྒྱག་གི་འདུག་ཅེས་པ་རྒྱུ་མཚན་མ་གོ་པས་རེད་འདུག་ཟེར།
    ཐེངས་འདིའི་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་པར་ལྕམ་ས་ར་པེ་ལཱེན་གྱིས་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། དེ་བཞིན་ཨ་རིའི་ཆབ་སྲིད་ཚོགས་མིང་གྲགས་ཅན་ Tea party གྱིས་ཁོ་མོར་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་བཅས་ལ་བརྟེན། ༢༠༡༢ ལོའི་སྲིད་འཛིན་ལ་རེ་བ་ཡོད་ལུགས་ཆབ་སྲིད་དཔྱད་བརྗོད་པ་གང་མང་གིས་ལྟ་ཚུལ་བཏོན་ཡོད།
    LOS ANGELES (MarketWatch) — Roughly half the candidates endorsed by Sarah Palin during the 2010 election season ended up winning their races.

    Ms Palin is not running for any office but has hinted at a 2012 run for the presidency.- BBC News

    ……this deeper examination of the performance of Palin-endorsed candidates could come into play should she do as expected and make a run for the presidency in 2012. “She had a major impact on the primaries,”- The Wall Street Journal

    “She had a major impact on the primaries,” said Larry Sabato, director of the University of Virginia Center for Politics.
    གོང་གི་སྐད་ཆ་དེ་ཚོ་རྒྱལ་སྤྱིའི་གསར་ལམ་ཁག་ནས་ཐོན་པའི་གནས་ཚུལ་རིགས་ཅིག་ཡིན་ཞིང་། ཐེངས་འདིའི་འོས་བསྡུ་སྐབས་ཁོ་མོ་ཐོབ་པའི་རྒྱལ་ཁའི་མཚོན་རྟགས་དང་མ་འོངས་པའི་སྲིད་འཛིན་ལ་རེ་བ་རྒྱག་གི་ཡོད་པའི་དཔང་རྟགས་ཡིན།

    Reply
  4. ངས་པོའི་ལྷ་སྲས། says:
    ལོ་ 12 སྔོན།

    ལྕམ་ནན་སི་མཆོག་ཕམ་པ་དེར་བློ་ཕམ་ཡོད།
    ཡིན་ནའང་དེ་ཙམ་གྱི་བོད་ལ་གྱོན་འགུལ་རགས་པ་རེད་བསམ་གྱིན་མེད།
    ཨ་རིས་ད་ལྟ་བར་བོད་ཀྱི་ཆེད་དུ་ལས་དོན་བྱེད་མྱོང་མེད་པས་སོ།

    Reply
  5. དཀར་མཚོ་སྐྱིད། says:
    ལོ་ 12 སྔོན།

    ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་ཕོ་བྲང་དཀར་པོའི་སྲིད་སྟེགས་སུ་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀྱི་མི་སྣ་སུ་ཞིག་བསླེབ་ཀྱང་བོད་དོན་ཐོག་ལ་ཁྱད་པར་གང་ཡང་མེད་དེ། བོད་དོན་འདི་ཨ་རིའི་སྲིད་གཞུང་གིས་ཁོ་ཚོའི་དགོས་མཁོ་ཞིག་ཏུ་བེད་སྤྱོད་བྱེད་པ་ལས་དངོས་ཡོད་ཀྱི་དྲང་བདེན་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། དེར་བརྟེན། བོད་ཀྱི་རྒྱལ་ཁའི་ཆེད་དུ་སོ་སོས་ཧུར་བརྩོན་བྱེད་པ་ལས་གཞན་ལ་རེ་བ་མི་བྱེད་པར་མཁྱེན།

    Reply
  6. གནས་ཚང་། says:
    ལོ་ 12 སྔོན།

    ད་ཐེངས་སྐུ་ངོ་བཀའ་ཁྲི་མཆོག་གིས་ལས་ཀ་རླབས་ཆེན་ཞིག་གནང་འདུག མི་སྣ་འདི་དག་ལ་ཐུགས་གསོ་གནང་རྒྱུ་ནི་མི་སྣ་གསར་བ་ཁག་གི་རྒྱབ་བསྐྱོར་རིམ་པས་ཡོང་མིན་ལ་ཐུག་ཡོད།

    དེ་མཚུངས་སུ་སྐུ་ངོ་བཀའ་ཁྲི་སྐུ་རང་ཉིད་ནས་ཀྱང་གཞན་ལ་ཐུགས་གསོ་འཚམས་འཕྲིན་ཕུལ་བའི་དགོངས་དོན་གཞིར་བཞག་གིས་ལག་ལེན་གནང་མ་ཐུབ་པར་མ་འོངས་སྤྱི་འཐུས་ནང་ཡང་བསྐྱར་སླེབས་པ་ཡིན་ན། བོད་སྤྱི་དང་སྒོས་སུ་རབ་བྱུང་གི་སྡེ་ཡི་གསུང་མོལ་ལ་མ་འོངས་པར་རྒྱལ་སྤྱིའི་སྒང་ཡིད་ཆེས་མི་བརླག་པའི་ངེས་པ་མེད་པ་འཚམས་འཕྲིན་འདིས་བསྐྲུན་ཡོད་སྟབས། དེ་ལུགས་ལ་སྐུ་ངོ་བཀའ་ཁྲི་མཆོག་གིས་དགོངས་བཞེས་གནང་ཐུབ་ཡོད་པར་སྨོན་ལམ་འདེབས་དགོས་པར་མ་ཟད། བསྐུལ་འདེད་གནང་དགོས་ཐུག་ཡོད་པའང་གསལ་བོ་གསལ་རྐྱང་རེད།

    Reply
  7. བོད་པ་ says:
    ལོ་ 12 སྔོན།

    ལྕ་སྐུ་ནན་སེ་པེ་ལོ་སི་ Nancy Pelosi མཆོག་ནི་བོད་ཀྱི་བློས་ཐབས་ཀྱི་གྲོགས་པོ་ཡིན་པས་ཐུགས་གསོའི་འཚམས་འདྲི་གནང་བ་སྐུ་དྲིན་ཆེ། ཡིན་ནའང་འབྲོང་དྲེད་སེར་རྒྱབ་ན་ཁ་སེར་ཡོད་ཟེར་བའི་དཔེ་ལྟར་ཨ་རིའི་གྲོས་འཚོགས་ཀྱི་ཚོགས་གཙོ་རྗེས་མ་དེ་ཡང་སྐུ་ཞབས་ཇོན་བྷོ་ནར་John Boehnerནི་བོད་ཀྱི་གྲོགས་པོ་གལ་ཆེན་ཞིག་ཡིན།ཁོང་ནི་དེ་སྔོན་༧་གོང་ས་མཆོག་ལ་གསེར་གྱི་རྟགས་མ་འབུལ་སྐབས་མིག་མཐའ་ཆུ་མས་གང་ནས་མཛད་སྒོ་འདིའི་རྗེས་སུ་ང་ཚོ་ཚང་མ་ཡུལ་ལ་འགྲོ་ས་ཡོད་པ་རེད། ༧་གོང་ས་མཆོག་་ཡུལ་ལ་འགྲོ་ས་ཡོད་པ་མ་རེད། དེའི་ཕྱིར་ང་ཚོས་ཁོང་རང་ཡུལ་ལ་ཕེབས་ཐུབ་པ་ཞིག་བཟོ་དགོས་ཞེས་ཡིད་འགུགས་ཐེབས་པའི་གསུང་བཤད་གནང་མཁན་དེ་རེད། དེ་ཕྱེར་ང་ཚོས་སྐུ་ཞབས་ཇོན་བྷོ་ནར་John Boehnerལ་བཀྲ་ཤིས་ལེགས་ཞུ་འགྲིགས་ས་རེད། ཁོང་གི་ལོ་རྒྱུས་འདི་ན་་http://en.wikipedia.org/wiki/John_Boehnerའདུག

    Reply
  8. སྦྲ་ནག་ཚང་། says:
    ལོ་ 12 སྔོན།

    ལྕམ། གནམ་སྲས་ཕོ་ལྷ་མཆོག་གི་ཞབས་སྟེག་ཤོར་བ་དེ་བོད་ལ་ཀྱོང་གུལ་ཆེན་པོ་རེད་། ཨ་རི་མི་དམང་ལ་གསེར་ས་ཐོག་ན་ཡོད་ན་འོད་ནམ་འཁར་འཕྲོ་སྲིད་པས་སེམས་ཁྲལ་མི་འདུག། ཉི་མ་༣༦༠་ཞོག་པ་ཆུ་ཚོད་བདུན་པ་ནས་དགོང་མོ་ཆུ་ཚོད་བརྒྱད་པར་ཟོ་ཆེན་གྱི་མཆན་ལྟར་བར་མེད་དུ་ལས་ཀ་བྱེད་གིན་ཡོད་པས་། མི་སྒེར་དངོས་ནས་བསམ་ཚེ་རྩོལ་འདི་འདྲ་ཕུལ་ནས་གཞུང་སྒེར་གཉིས་ཀ་ཡར་རྒྱས་སུ་མ་སོང་ན་སེམས་ལ་འཕྲང་བ་གང་མེད།

    Reply
  9. ངག་དབང་ says:
    ལོ་ 12 སྔོན།

    ནན་སི་པོ་ལོ་སི་ནི་བོད་དོན་ཐོག་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཡོན་པས་ཁོང་འོས་སྡུས་ཤོར་བ་ལ་བློ་ཚབ་ཤིན་ཏུ་ཆེན་པོ་ཡོད་

    Reply
  10. ཁྲི་བྱང་རིན་པོ་ཆེ says:
    ལོ་ 12 སྔོན།

    ནན་སེ་པེ་ལོ་སི་ Nancy Pelosi ཡི་ཞབས་སྟེགས་ཤོར་བ་ཡག་པོ་བྱུང་འདུག་ སྤྱིར་གཏང་ཁོང་འགྲོ་བ་མིའི་ཐོབ་ཐང་དང་༧་གོང་ས་མཆོག་ལ་བརྒྱབ་སྐྱོར་བྱེད་མཁན་ཞིག་རེད་དེ་ཡིན་ན་ཡང་མི་ནག་Obamala སྤྲེལ་ལེབ་འཕྲབ་བགྱི་མང་དྲག་པའི་སྐྱོན་གྱིས་ད་ལྟའི་ཕོམ་ཁ་འདི་བྱུང་པ་རེད་ མ་གཞི་ཨ་རིའི་མངས་གཙོ་མཚོགས་པའི་འཐུས་མི་དེ་ཚོ་རང་ཚུགས་མེད་པ་མི་ལ་ངོ་དགའ་སྤྲེལ་ལེབ་འཕྲབ་མཁན་ཁོ་ན་མ་ཏོག་ལོང་ཕྱོགས་བརྟེན་པོ་དང་རྒྱལ་ཁབ་ཀྱི་་ཕུགས་རྒྱང་རིང་པོའི་བསམ་བློ་གཏང་མཁན་ཉུང་ཉུང་རེད་དེའི་རྐྱེད་གྱིས་འཇུག་འབྲས་འདི་བྱུང་པ་རེད་

    Reply
  11. བཀྲ་ཤིས་དོན་གྲུབ། says:
    ལོ་ 12 སྔོན།

    ལྕ་སྐུ་ནན་སེ་པེ་ལོ་སི་ Nancy Pelosi ཡི་ཞབས་སྟེགས་ཤོར་བ་དེ་ནི་ཨ་རིའི་མི་མང་གི་གྱོང་ཡིན་པ་མ་ཟད་དྲང་བདེན་ལ་དགའ་བའི་མི་སྤྱིའི་གྱོང་གུད་ཅིག་ཀྱང་རེད། བཀའ་ཤག་གིས་ཐུགས་གསོས་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ།

    Reply
  12. དྲང་སྲོང་། says:
    ལོ་ 12 སྔོན།

    ཉིས་སྟོང་བཅུ་གཅིག་ལོའི་ཨ་རིའི་སྲིད་འཛིན་གྱི་སྲིད་སྟེགས་དེ། སེ་ར་ཕེ་ལཱེན Sarah Palin ལ་འཐོབ་རྒྱུར་རེ་བ་བྱེད་ཀྱི་ཡོད་འདུག ཞེས་པ་དེ་ནི་རྒྱུ་མཚན་མ་གོ་བའི་སྐད་ཆ་ཞིག་རེད།
    དེ་གང་ཡིན་ཞེས་ན། ཉེས་སྟོང་བརྒྱད་ལོར་ ལྗོན་མག་ཁེན་ལ་ John McCain འོས་ཤོག་མང་ཤོས་ཐོབ་བཞིན་པའི་སྐབས་སྲིད་འཛིན་ཟུར་བ་ སེ་ར་ཕེ་ལཱེན Sarah Palin འདེམས་མ་ཐག་འོས་ཤོག་གིས་གྲངས་ཁ་ཆག་ཟིན་པ། ཨ་རིའི་གྲོས་ཚོགས་གོང་ནམ་རྒྱུན་གླེང་བཞིན་པ་ཞིག་རེད།
    ཝ་ཤིན་ཁྲོན་ནས་ Washington DC

    Reply
  13. ཇོ་བོ་རྣམས་གཉིས། says:
    ལོ་ 12 སྔོན།

    ཡིད་ཐང་མ་ཆད་དམངས་གཙོའི་ལྷ་མོ་ལགས། ཁྱེད་ཀྱི་རྒྱབ་ལ་དམངས་གཙོར་དགའ་བའི་བོད་མི་སྐོར་ཞིག་དུས་ནམ་ཡང་ཡོད་པས་མདུན་དུ་སྐྱོད་དང། དེ་ནི་ངའི་རེ་བ་ཡིན་ལ་དེ་མིན་ཁྱེད་ཀྱི་རྒྱབ་ལ་ཡོད་པ་གཞན་ཚོའི་རེ་བ་ཡང་ཡིན། གོམ་སྒྲ་ཆེ་རུ་དང་གོམ་གྲོས་འགྱོག་དུ་གཏང་ནས་དམངས་གཙོའི་ཞིང་ལ་ཕེབས་དང།

    Reply
  14. ནད་པ says:
    ལོ་ 12 སྔོན།

    ལྕམ་ནན་སི་པས་ལོ་མཆོག་ནི་༸ གོང་ས་མཆོག་དང་། བོད་གཞུང་། བོད་མི་རིགས་ཀྱི་ཞི་བའི་འཐབ་རྩོད་དེར་རྟག་ཏུ་ཐུགས་བརྩེའི་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་སྟབས་གང་ཉིད་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བའི་སྨོན་ལམ་ཞུ།

    བཀའ་ཤག་གིས་དུས་ཐོག་ཐུགས་གསོའི་འཚམས་འདྲི་གནང་བར་རྗེས་སུ་ཡི་རངས་ཞུ།

    Reply

Leave a Reply to དགྲ་འདུལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist