བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་མངའ་ཁོངས་ཀྱི་འབར་ཁམས་རྫོང་དང་སྤྱི་ལེ་༨༠ ལྷག་གི་སར་ཡོད་པའི་རྒྱ་རོང་ཚོ་བདུན་ཏེ། ཀིརྟི་དགོན་པའི་ཉེ་འགྲམ་གྱི་ཚོ་བདུན་སྡེ་བ་དང་ཀ་ཉེ་གྲོང་ཚོ་གཙོས་པའི་སྡེ་བ་འགའི་ཁྱིམ་ཚང་ ༢༠༠ ལྷག་འདུས་སྡོད་ཀྱི་ས་ཁུལ་ཏུ་རྒྱལ་མོ་རྔུལ་ཆུའི་ཆུ་བཀག་ཏེ་གློག་འདོན་ཆུ་མཛོད་ཅིག་རྒྱག་འཆར་ཡོད་པ་དང་། ཉེ་ལམ་ལས་གཞི་དེའི་ཐོག་ཞིང་ཆེན་དང་རྫོང་རིམ་པའི་དཔོན་རིགས་ཁག་ཅིག་སྡེ་བའི་ནང་ཡོང་སྟེ། སྡེ་བ་ཁག་གི་མི་མང་བསྡུ་སྐོང་བྱས་ཏེ་གཞུང་གི་ཐག་གཅོད་ལྟར་ཡུལ་མི་རྣམས་ས་གནས་གཞན་ལ་གནས་སྤོར་བྱ་དགོས་ཚུལ་དང་། གལ་སྲིད་མི་མང་ལ་འདོད་མོས་བྱུང་ཚེ། མ་འོངས་པའི་ལོ་ ༡༥ ནས་ ༢༠ བར་གཞུང་ཕྱོགས་ནས་འཚོ་བའི་ཁ་སྣོན་ཐད་རོགས་སྐྱོར་བྱ་རྒྱུ་ཡིན་སྐོར་ཡང་བརྗོད་ཡོད་འདུག
འོན་ཀྱང་རྒྱ་གཞུང་གི་ལས་འཆར་དེའི་ཐད། ས་གནས་མི་མང་ཚོས་མོས་མཐུན་གནང་མེད་པ་དང་། དེ་ནི་ས་གནས་དེ་དག་གི་འཚོ་རྟེན་གཙོ་བོ་ས་ཞིང་ཡིན་པ་དང་། མ་འོངས་པར་ས་ཞིང་གཞན་ལག་ནས་ཕྱིར་ཐོབ་ཐབས་མེད་པའི་དཀའ་ངལ་འཕྲད་སྲིད་པ་དང་། ལྷག་པར་དུ་རྒྱ་རོང་ཚོ་བདུན་ཀིརྟི་དགོན་པ་དང་ཁ་བྲལ་ཏེ་གནས་སྤོར་བྱ་འདོད་རྩ་བ་ནས་མེད་ཚུལ་བཤད་ཡོད་འདུག ཐེངས་འདིའི་གློག་འདོན་ཆུ་མཛོད་རྒྱག་འཆར་ཡོད་པའི་ས་ཁུལ་དེར་སྡེ་བ་བདུན་ཙམ་ཡོད་འདུག་ལ། དེ་དག་ལས་ཚོ་བདུན་སྡེ་བར་ཁྱིམ་ཚང་ ༡༠༠ ལྷག་དང་ཀ་ཉག་གྲོང་ཚོར་ཁྱིམ་ཚང་ ༢༠ ། གྲ་ཞང་གྲོང་ཚོར་ཁྱིམ་ཚང་ ༥ ། སྣ་འདུས་གྲོང་ཚོར་ཁྱིམ་ཚང་ ༡༠ ། པ་རི་གྲོང་གསེབ་ལ་ཁྱིམ་ཚང་ ༡༡ བཅས་བསྡོམས་ཁྱིམ་ཚང་ ༢༠༠ ལྷག་གནས་སྤོར་གྱི་ཁོངས་སུ་ཚུད་ཡོད་འདུག
གསར་འགོད་པ། དོན་གོ
བོད་མིའི་ལས་དབང་འདི་ཅི་འདྲའི་སྐྱོ་བ་ལ།
རྒྱ་ནག་གཞུང་གི་ང་ཚོ་མུ་ཐུད་ཏེ་གྲང་ཉུང་མི་རིགས་ལ་ཐུབ་རྩོད་དང་སྲིད་ཇུས་དེ་ང་ཚོའི་དུས་ནམ་ཡང་འཁུར་མི་ཐུབ་ དེ་ནི་ང་ཚོའི་དེ་རིང་རྒྱ་ནག་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོར་བྱེད་དགོས་
རྒྱ་ནག་གི་ལས་སྟེང་འདི་རང་སྣང་གང་དྲན་ཞིག་ཡིན་པའི་དབང་གི་རེད་་་་་་་་་་་་་་་་་་་་་་་་་་་་་
་་གནས་ལུགས་མི་འདུག