མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་སྒོར་སྟེང་གི་རྒྱ་ནག

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་རིགས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་ཀྱིས་རྒྱ་ནག་མི་དམངས་ཡོངས་ཀྱིས་རྒྱ་གཞུང་གི་ནག་ཉེས་ཤེས་རྟོགས་ཡོང་ཆེད། རྒྱ་སྒོར་སྟེང་རྒྱ་གཞུང་གི་ནག་ཉེས་ཐེར་འདོན་གྱི་ཡི་གེ་འདྲ་མིན་བྲིས་ཏེ་བཀྲམས་ཡོད་འདུག

རྒྱ་གཞུང་གིས་ཕྱི་ལོ་ ༡༩༩༩ ལོ་ནས་ད་ལྟའི་བར་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་ལ་དྲག་གནོན་བཙོན་འཇུག་གི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་མ་ཟད། རྒྱ་ནག་ནང་གསར་འགྱུར་བརྒྱུད་ལམ་བཀག་སྡོམ་དང་། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ནི་སྤྱི་ཚོགས་ལ་གནོད་འཚེ་གཏོང་མཁན་གྱི་ལོག་ཆོས་ཤིག་ཡིན་སྐོར་གྱི་ལོག་འགྲེལ་རྒྱག་བཞིན་ཡོད་སྟབས། ཉེ་ལམ་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་ཀྱིས་རྒྱ་སྒོར་སྟེང་དུ་༼རྒྱ་གཞུང་ནི་མིའི་སྤྱི་ཚོགས་ལ་གནོད་འཚེ་སློང་མཁན་ཡིན་པས། སྤྱི་ཚོགས་བདེ་འཇགས་ཡོང་ཐབས་སུ་དམར་ཤོག་ཚོགས་པ་དང་ཐཱུན་ཚོགས་པ། ལོ་ཆུང་རུ་མིའི་ཚོགས་པ་གསུམ་ནས་ཕྱིར་འཕུད་བྱ་དགོས༽ ཞེས་པ་དང་། ༼དམར་ཤོག་ཚོགས་པ་ལས་ཕྱིར་འཕུད་ཀྱི་འབྲེལ་གཏུགས་ཁ་པར་ཨང་། ༠༠༡༥༡༤༣༤༢༡༠༢༣ ༽ཞེས་པ། ༼ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་འཛམ་གླིང་ཁྱོན་ལ་སྤེལ་ཏེ། དྲང་བདེན་དང་བརྩེ་བ། བཟོད་བསྲན་བཅས་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་དགོས༽སོགས་རྒྱ་གཞུང་གི་ཉེས་སྤྱོད་ཐེར་འདོན་གྱི་བརྗོད་ཚིག་སྣ་ཚོགས་བཀོད་དེ། མང་ཚོགས་ཁྲོད་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་བའི་ཐབས་ཤེས་བྱས་ཡོད་པ་རེད། 

 

གོང་གསལ་བརྗོད་ཚིག་དེ་དག་བཀོད་ཡོད་པའི་རྒྱ་གར་དག་གི་བརྗོད་ཚིག་ཡིག་འབྲུའི་ཁ་དོག་དང་། ཤོག་སྒོར་གྱི་མཚོན་མདོག་སྡེབ་སྒྲིག་སོགས་ཧ་ཅང་ཞིབ་ཚགས་ལྡན་པ་ཞིག་བཟོས་ཡོད་སྟབས། བལྟས་མ་ཐག་ཤོག་སྒོར་རང་སྟེང་ཐོག་མ་ནས་ཡོད་པ་ཞིག་ཏུ་སྣང་བར་བཟོས་ཡོད་འདུག   ཉེ་སྔོན་རྒྱ་ནག་པེ་ཅིན་དུ་ཡོད་པའི་དབྱིན་ཇིའི་དངུལ་རྩའི་གསར་ཤོག་གི་གསར་འགོད་པ་ཨན་ཌིར་ལེ་ནཱ་ཡིས། རང་ཉིད་ཀྱི་དྲ་ཐོག་ཟིན་བྲིས་ནང་དེའི་སྐོར་གྱི་གནས་ཚུལ་སྤེལ་བ་ལྟར་ན། ལས་འགུལ་དེ་ཐོག་མར་རྒྱ་ནག་པེ་ཅིན་དང་ཧྲང་ཧེ་གྲོང་ཁྱེར་གཉིས་ནས་བརྩམས་ཤིང་། ཐོག་མའི་དུས་སྐབས་སུ་ཤོག་སྒོར་སྟེང་སྨྱུ་གུས་བྲིས་ཏེ་བཀྲམས་ཡོད་པ་དང་། རྗེས་སུ་བརྗོད་ཚིག་དེ་དག་དཔར་ཤིང་ལ་བཏབས་རྗེས་ཤོག་སྒོར་སྟེང་ཐད་ཀར་དཔར་ཡོད་འདུག

རྒྱ་གཞུང་ལ་ཐེར་འདོན་གྱི་བརྗོད་ཚིག་དེ་དག་བཀོད་ཡོད་པའི་རྒྱ་སྒོར་དག་ནི། སྒོར་གྲངས་གཅིག་ཅན་དང་ལྔ་ཅན། བཅུ་ཅན། ཉི་ཤུ་ཅན་སོགས་ཡིན་འདུག    

གསར་འགོད་པ། ཚེ་རིང་རྒྱལ།

 

མཆན། 7

  1. ཅང་མེད། says:
    ལོ་ 11 སྔོན།

    སྤྱིར་བཏང་ན་ལས་འགུལ་འདི་སྤེལ་སྟང་ལེགས་པོ་འདུག ཡིན་ཡང་ང་ཚོ་བོད་པའི་འདིའི་རིགས་སྤེལ་མི་ཉན་་་་གང་ཡིན་ཟེར་ན་རྒྱ་ནག་རང་གི་མི་སེལ་དང་བོད་པ་གཉིས་མི་འདྲ།

    Reply
  2. ཐ་ཧྭར་སྐལ་བཟང་། says:
    ལོ་ 11 སྔོན།

    ལས་འགུལ་སྤེལ་སྟངས་འདི་དངོས་གནས་སྣང་བ་འགྲོ་སོང་། བོད་པ་ཚོས་ལས་འགུལ་འདི་དང་འདྲ་བའི་རིགས་ལམ་གསར་བ་རེ་བཏོན་ཐུབ་ན་བཟང་གི

    Reply
  3. ཁུགས་གཟར་དུག་མདའ། says:
    ལོ་ 11 སྔོན།

    ཆོས་ལུགས་པའི་སྤྱི་ཚོགས་དཀྲོགས་ཚར་འདུག

    Reply
  4. གྲགས་བསོད་ says:
    ལོ་ 11 སྔོན།

    དྲངས་བདེ་དང་ཐོབ་ཐོང་ཞི་བདེ་ལྷིང་འཇག་བཅས་ལ་དགའ་བའི་འཛམ་གླིང་སྟེང་ཡོད་ཚད་ཀྱི་རྩལ་རླུང་སྒོམ་སྒྲུབ་ཚོགས་པའི་བདེ་སྡུག་དང་ལས་འགུལ་ལ་རྒྱབ་སྐྱོར་བྱེད་དེ། དམར་པོའི་ལྟ་བ་མགོ་འཇུག་ལོག་སྟེ་བོད་རང་བཙན་མྱུར་དུ་ཐོབ་པ་ཤོག

    Reply
  5. ཇོ་བོ་རྣམས་གཉིས། says:
    ལོ་ 11 སྔོན།

    གོང་གི་ཐབས་ལམ་དེ་སྤྱད་ནས་བོད་དོན་དྲིལ་སྒྲགས་ཀྱང་བྱས་ཆོག་ས་རེད།
    དེ་མིན་དེ་དང་རིགས་འདྲ་བའི་ཐབས་ལམ་མང་དག་ཞིག་ཡོད་པས། བོད་མི་རྣམས་ཀྱིས་དོན་མེད་ཀྱི་ངལ་བ་སྤྱད་སྟེ་གཞན་ལ་རྩེད་མོ་དང་སྣོད་པ་མ་སྐྱལ་བར་ཐབས་ལམ་དེ་རིགས་བོད་དོན་དང་དེ་མིན་ཉེ་ཆར་ཨ་རུ་ན་ཅལ་དུ་བྱུང་བའི་གནས་ཚུལ་ཡ་ང་བ་དེ་ཀྱི་ཆེད་སྤེལ་ན་ཡག་པོ་ཡོད་ས་རེད།

    Reply
  6. བློ་བཟང་རྒྱལ་མཚན། says:
    ལོ་ 11 སྔོན།

    ཨོ་་་་ཡག་པོ་རེད་་་་་་ལས་འགོལ་འདི་ལང་ལྷོང་ཡོངས་བའི་རེད་ཡོཾད

    Reply
  7. གནས་ཚང་། says:
    ལོ་ 11 སྔོན།

    འདི་ནི་རིགས་ལམ་གསར་བ་ཞིག་རེད། བོད་མི་ཚོས་ཀྱང་ཐབས་ལམ་འདི་བེད་སྤྱོད་གཏོང་ཆོག་གི་རེད། རྩ་རླུང་བསྒོམ་སྒྲུབ་པ་ཚོར་ཐུགས་རྗེ་ཆེ།

    Reply

Leave a Reply to ཁུགས་གཟར་དུག་མདའ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist