མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངྷ་སར་བསྔོ་སྨོན་མཆོད་འབུལ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་བཞུགས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་ཞིག་གནང་འདུག

བཀའ་སྤྱི་གཉིས་ཐུན་མོང་གི་གོ་སྒྲིག་འོག་དེ་རིང་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་། བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ།རྣམ་རྒྱལ་གྲྭ་ཚང་མཁན་རིན་པོ་ཆེ་དབུས་པའི་ངྷ་ས་ཁུལ་གྱི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་དང་། དབུས་བོད་མིའི་སྒྲིག་འཛུགས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོས་པའི་གཞུང་ཞབས་ལས་བྱེད་ཆེ་ཕྲ་ཡོངས་དང་ས་གནས་མི་མང་ལྷན་འཛོམས་ཐོག ཁ་སང་ཁམས་རྟའུ་རྫོང་དགེ་ལྡན་ཆོས་གླིང་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས། བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་བཏང་བར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། བསྔོ་སྨོན་མཆོད་འབུལ་གཟབ་རྒྱས་ཤིག་གནང་སོང་ལ། དེའི་ཐད་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་ཀྱིས་བརྗོད་ན། མཆོད་འབུལ་སྨོན་ལམ་འདི་ནི་བོད་ནང་རང་མེར་བསྲེགས་བཏང་བའི་དཔའ་པོ་དཔའ་མོ་ཚོར་གདུང་སེམས་མཉམ་སྐྱེད་བྱས་པ་ཞིག་ཡིན་ལ། སྨོན་ལམ་མཆོད་འབུལ་ལས་རིམ་འདི་རིམ་བཞིན་གདན་ས་ཁག་གཙོས་པའི་དགོན་སྡེ་ཁག་ཏུ་གོ་སྒྲིག་ཞུ་འཆར་ཡོད་འདུག

རྟའུ་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ནི་ད་ལོར་བོད་ནང་བོད་མིས་རང་ལུས་མེར་བསྲེགས་བཏང་བ་ཐེངས་ ༡༡ པ་དེ་ཆགས་ཡོད་འདུག

 

གསར་འགོད་པ།  དཔལ་ལྡན།

མཆན། 3

  1. གངས་ཅན། says:
    ལོ་ 11 སྔོན།

    གསར་འགྱུར་འདི་གསར་འགོད་པས་ཉལ་ས་ནང་ནས་བྲིས་པ་འདྲ། སྨོན་ལམ་ཆུ་ཚོད་དགུ་བའི་སྟེང་འགོ་འཛུགས་བྱས་ཀྱང། འདིར་དགུ་དང་ཕྱེད་ཀ་བྲིས་འདུག ཆོས་རིག་བཀའ་བློན་གྱི་གསུང་བཤད་དང་འབོད་སྐུལ་རིམ་པ་ཞིག་གནང་སོང་ཡང་དེ་སྐོར་གཅིག་ཀྱང་བྲིས་མི་འདུག ཅི་འདྲ་འདྲའི་བསྡུས་འཕྲིན་ཞིག་རེད་འདུག

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    སྐབས་བབ་རྒྱལ་གཅེས་དཔའ་བོ་རེ་རེས་གཙོས་སྐུ་གཤེགས་དཔའ་རྒོད་ཚང་མ་ལ་བསྔོ་སྨོན་རྒྱ་ཆེར་གནང་དགོས། རྗེས་སུ་ཡི་རང་ངོ། མཆོག་གསུམ་བདེན་མཐུས་མི་བསླུ་རྗེས་སུ་འཛིན་ངེས། བདེ་བ་ཅན་དུ་སྐྱེ་བར་སྨོན། ཡང་བསྐྱར་བོད་དུ་སྐྱེས་ནས་སྡུག་བསྔལ་མྱོང་མི་དགོས་པ་ཤོག

    Reply
  3. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 11 སྔོན།

    བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
    མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།
    སྐྱེས་པ་ཉམས་པ་མེད་པ་ཡང་།།
    གོང་ནས་གོང་དུ་འཕེལ་བར་ཤོག།

    Reply

Leave a Reply to གངས་ཅན། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist