མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྡི་ལིར་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་ལྡི་ལི་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་པ་ཤེས་རབ་ལགས་གཅིག་པུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཕྱིན་ཏེ་རང་ལུས་མེར་བསྲེགས་བཏང་འདུག

ད་ལྟ་རང་ལྡི་ལི་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་དབང་ཕྱུག་ལགས་བརྒྱུད་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། རང་ལོ་ ༢༦ ཡིན་པའི་ལྡི་ལི་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་པ་(ཟུང་དྲུང་)ཤེས་རབ་ཁོང་གཅིག་པུ་དེ་རིང་ཞོགས་པ་ཆུ་ཚོད་ ༡༠ ཡས་མས་ཤིག་ལ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཕྱིན་ཏེ། བོད་ནང་གི་གནས་བབ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་ཀྱིན་པར་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་བཏང་ཡོད་འདུག སྐབས་དེར་རྒྱ་གར་ཉེན་རྟོག་པ་རྣམས་ཀྱིས་མེ་བསད་རྗེས་རྒྱ་གར་སྨན་ཁང་ Ram Manhor Lhoiya Hospital. ཞེས་པར་ཏུ་མྱུར་སྐྱོབ་བྱེད་དུ་ཁྲིད་ཡོད་འདུག

ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་དབང་ཕྱུག་གིས་བརྗོད་པ་ལྟར་ན། ད་ལྟ་རང་ལུས་མེར་བསྲེག་གཏོང་མཁན་ཤེས་རབ་ལགས་རྒྱ་གར་སྨན་ཁང་དུ་ཡོད་པ་དང་། སྨན་པས་ཁོང་གི་རྐང་པ་གཡོན་པའི་བརྒྱ་ཆ་ ༡༥ ཙམ་མེར་བསྲེགས་ཤོར་པ་ལས། དེ་ལས་གཞན་ལུས་པོར་མེར་སྐྱོན་ཚབས་ཆེན་བྱུང་མེད་སྐོར་བརྗོད་ཡོད་འདུག

ཤེས་རབ་ལགས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མ་ཕྱིན་གོང་ངོ་དེབ་དྲ་རྒྱའི་སྟེང་འཕྲིན་ཐུང་ཞིག་བྲིས་ཡོད་འདུག་ལ། འཕྲིན་ཐུང་དེའི་ནང་དེ་རིང་དང་འདས་པའི་ལོ་འགའི་རིང་ཁོང་གིས་ལས་འགུལ་གང་བྱས་པ་ཚང་མ་བོད་ཀྱི་རྩ་དོན་དང་༧གོང་ས་མཆོག་གི་དོན་དུ་ཡིན་པ་དང་། འདས་པའི་ཁོང་གི་མི་ཚེའི་ནང་ནོར་འཁྲུལ་གང་བྱས་ཡོད་པ་དག་ལ་ཚང་མས་བསམ་ཤེས་བྱ་བའི་རེ་བ་ཡོད་ཅེས་དང་། ཁོང་བསྐྱར་དུ་བོད་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེ་པར་ཚང་མས་སྨོན་ལམ་འདེབས་རོགས། རང་ཉིད་བསྐྱར་དུ་བོད་མི་ཞིག་གི་སྐྱེ་བ་བླངས་ཏེ་བོད་ཀྱི་རྩ་དོན་འཐབ་རྩོད་ལ་རྒྱུན་འཁྱོང་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་གཞུང་གིས་རྡོག་རོལ་བཏང་པར་ངོ་རྒོལ། ལྷག་པར་དུ་༧གོང་ས་མཆོག་ཕྱིར་བོད་དུ་གདན་འདྲེན་ཞུ་རྒྱུ་བཅས་ཡིན་པ་བཀོད་འདུག

 

གསར་འགོད་པ།བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

ཆུ་ཚོད་ ༩ སྔོན་ལ།
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

ཆུ་ཚོད་ ༩ སྔོན་ལ།
པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢

མཆན། 33

  1. ཨ་མའི་བུ། says:
    ལོ་ 12 སྔོན།

    རྒྱལ་གཅེས་དཔའ་བོ་ཁོང་ལ་སྔགས་བརྗོད་ཀྱི་མེ་ཏོག་ཏོར་བཞིན་ཡོད། ཁོང་གང་མྱུར་བདེ་ཐང་ཡོང་བའི་སྨོན་འདུན་གྲངས་མེད་ཡོད། ཐུགས་རྗེ། ང་ཚོ་ཁྱེད་དང་མཉམ་དུ་ཡོད།

    Reply
  2. བཙན་བྱོལ་བ་ says:
    ལོ་ 12 སྔོན།

    རུ་གསར་ཚང་ལགས། གལ་ཆེ་ཤོས་ནི་ཁོང་གི་མཛད་རྗེས་ལ་བསྔགས་བརྗོད་ཞིག་ཡིན་པ་ལས། རང་ངོས་ནས་ཀུན་སློང་ལ་སྐྱོན་གང་ཡང་མེད། ནོར་འཁྲུལ་ཡོང་སྲིད། གལ་སྲིད་ཁྱེད་རང་ལ་སྣང་ཚུལ་མི་འདྲ་བ་བྱུང་ཡོད་ན་དགོངས་སེལ་ཞུ་རྒྱུ། དེ་ཙམ་ཡིན།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 12 སྔོན།

    འདིར་དཔའ་བོ་ཁོང་གི་མཚན་ལ་ཤེས་རབ་ཞེས་བཀོད་ཡོད་པ་དང། ནོ་ཝེར་རླུང་འཕྲིན་ནས་དཔའ་བོ་ཁོང་གི་མཚན་ལ་མིག་དམར་ཚེ་རིང་ཞེས་གསར་བསྒྲགས་གནང་བཞིན་འདུག འོན་ཀྱང་སྤྱིར་དཔའ་བོ་ཁོང་ལ་མཚན་མང་པོ་ཡོད་སྲིད་ཀྱང་གསར་འགྱུར་ཁང་ཁག་ནས་མཚན་གཅིག་བེད་སྤྱོད་གནང་བ་ཡག་ཀ་མེད་དམ་བསམ་བྱུང་།

    Reply
  4. རུ་གསར་ཚང་། says:
    ལོ་ 12 སྔོན།

    དངོས་གནས་རྒྱལ་གཅེས་པ་ཁོང་གི་བྱས་རྗེས་ལ་བསྔགས་བརྗོད་བླ་མེད་ཞུ།

    དེ་ནས་བཙན་བྱོལ་པ་ཟེར་མཁན་ལ། ཁྱོད་ཀྱིས་སྐད་ཆ་བཤད་དུས་གསལ་པོར་མི་ཤེས་ན་ཐག་བཅད་ནས་མ་ལབ་རོགས། འདི་ལྟར་བཤད་ན་ལྷག་བསམ་ཅན་གཞན་ལ་དོ་ཕོག་འགྲོ་ཡི་རེད། ཁྱེད་ཀྱིས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་རྗེས་ནས་ད་རེའི་ཁོང་རེད་ཟེར་ནས་ཐག་བཅད་ནས་ལབ་འདུག་ག འོ་ན། སྔོན་བྷོམ་བྷེ་ནས་ད་ལྟའི་དབུས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཟུར་པ་ལྷག་པ་ཚེ་རིང་གིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བ་དེ་ག་རེ་རེད། ལས་འགུལ་འདི་རིགས་ཀྱི་ནང་དུ་མི་ཚུད་པ་རེད་དམ། ཁོང་ལ་ད་རེའི་ནང་བཞིན་བསྟོད་བསྔགས་མེད་ཁར་རང་ལུས་མེར་བསྲེག་ལས་འགུལ་གྱི་ལོ་རྒྱུས་ལེའུ་ནས་ཕུད་དགོས་དོན་གང་ཡིན་ནམ། དཔའ་བོ་ཐུབ་བསྟན་དངོས་གྲུབ་རྗེས་ཀྱི་བཙན་བྱོལ་ནང་རང་ལུས་མེར་བསྲེག་གི་ལས་འགུལ་སྤེལ་དང་པོ་ཁོང་རེད། དེ་ནས་པ་ད་རེའི་དཔའ་པོ་ཁོང་རེད།
    བཙན་བྱོལ་པའི་བསམ་བློར་ཕྱོགས་སླད་ཀྱི་སྐྱོན་ཏོག་ཙམ་ཡོད་པའི་ཚོར་སྣང་བྱུང་། གང་ཡིན་ཟེར་ན། མི་དགོས་པའི་ཚིག་ཁ་ཤས་རྩད་འདོན་བྱས་ནས་བཤད་འདུག་པས་ཡིན།

    བོད་རྒྱལ་ལོ། བདེན་པ་ཉིད་རྒྱལ་གྱུར་ཅིག

    Reply
  5. བཙན་བྱོལ་བ་ says:
    ལོ་ 12 སྔོན།

    ཁོང་གི་བྱ་བ་ལ་ངོ་མ་བསྔགས་བརྗོད་ཡོད། ཁོང་ནི་བོད་དོན་ཐོག་ངོ་ཁ་ཞེ་གཉིས་མེད་ཀྱི་སེམས་ཤུགས་ཡོད་མཁན་ཞིག་རེད། གལ་སྲིད་༢༠༠༧ ལོའི་མི་དམངས་མདུན་བསྐྱོད་ཆེན་མོ་དང་། ༢༠༠༨ ལོའི་གཞོན་ནུ་དང་བོད་གཞུང་ཛ་དྲག་ཆེན་མོའི་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཞིག་ཡིན་ཚེ་ཁོང་གི་ངོ་གདོང་མཐོང་མ་མྱོང་མཁན་ཧ་ལམ་མེད། དེ་ནི་རྒྱུ་མཚན་གཞན་གང་ཡང་མིན་པར་ཁོང་ནི་མདུན་ལ་ལས་འགུལ་ཐོན་མཁན་གྲས་དང་ལས་ཀ་ཐོག་ལ་ཧུར་ཐག་གནང་མཁན་ཞིག་རེད། གོ་ཐོས་ལ། སྐྱབས་གཅིག་ལ། ཁོང་གཅིག་པུས་དྷི་ལི་ནས་དྷ་ས་བར་དུ་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་རབས་གོ་མྱོང་། འདི་ནི་བོད་ཀྱི་བང་ཆེན་ནང་ལ་ཡང་རོབ་ཙམ་བཀོད་འདུག ཁོང་ནི་བཙན་བྱོལ་ནང་དུ་སྐྱེས་ཤིང་བཙན་བྱོལ་ནང་ནས་འཚར་ལོངས་བྱུང་བ་ཞིག་ཡིན་འདུག རང་ལུས་མེར་བསྲེག་གི་ལས་འགུལ་འདི་ནི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་རྗེས་སུ་བཙན་བྱོལ་ནང་དུ་ཐོག་མར་ཆགས་འདུག ཁོང་གི་སྐབས་འདིའི་ལས་འགུལ་འདི་ནི་དུས་དང་མཚམས་པ་དང་ཡུལ་དང་མཚམས་པ་ཞིག་རེད་འདུག

    Reply
  6. དོན་འགྲུབ། says:
    ལོ་ 12 སྔོན།

    བོད་ཀྱི་དཔལ་བོ་དཔལ་མོ་རྣམས་ཀྱི་སྙིང་བསྟོད་དང་ཁྱད་མི་འདུག །
    སྙིང་བསྟོད་དེ་ལ་རྗེས་སུ་ཡི་རང་ཡོད།

    Reply
  7. ཆུ་ཐིགས་སྔོན་མོ། says:
    ལོ་ 12 སྔོན།

    ཡག་པོ་རེད་་་་

    Reply
  8. ཚངས་སར་ཕྲིན་ལས། says:
    ལོ་ 12 སྔོན།

    བསམ་ཚུལ་ཐད་ཀ་གཏོང་གནང་བ་དུས་བབ་དྲ་བདག་པ་ལ་དམིགས་གསལ་ཐུགས་རྗེ་ཆེ་ཞུ་བ་ཡིན། ང་ཚོ་མང་མས་དུས་ཐོག་མཉམ་རུབ་བྱེད་དགོས་པ་དེ་གལ་ཆེན་ཞིག་རེད།

    Reply
  9. ཚངས་སར་ཕྲིན་ལས། says:
    ལོ་ 12 སྔོན།

    སྐུ་སྲོག་ལ་སྐྱོམ་མེད་པ་སེམས་པ་བདེ་སོང་། དུས་ཐོག་ལས་འགུལ་དེ་འདྲ་སྤེལ་གནང་བ་ཐུགས་རྗེ་རྒྱལ་གཅེས་དཔའ་བོ་ལགས།

    Reply
  10. ཨ་རིག་དགེ་མཐོང་། says:
    ལོ་ 12 སྔོན།

    དེ་རིང་གི་ཁོང་གི་སྙིང་སྟོབས་བཤད་མི་དགོས་པར་ཡིད་སྨོན་སྐྱེས་ཐལ། སྤྱིར་བཏང་ཁོ་རང་ལྡི་ལི་ནས་ལས་འགུལ་ཞིག་ག་དུས་སྤེལ་ན་དེ་དུས་མདུན་དུ་ཐོན་ནས་འབོད་སྒྲ་སྒྲོག་མཁན་ཞིག་དང་། གོ་སྒྲིག་ཚོགས་པ་ཁག་ལ་རམ་འདེགས་བྱེད་མཁན་ཞིག་རེད། ཉིས་སྟོང་བརྒྱད་དང་ཁ་སང་གི་ལས་འགུལ་གཉི་གའི་སྐབས་སུ་ཁོང་ཡར་མར་ལ་བརྒྱུགས་པས་ཚང་མས་ཤེས་གསལ་རེད། མི་རྒྱགས་པ་ཞིག་རེད། སེམས་ཤུགས་ཅན་གྱི་དཔའ་བོ།

    Reply
  11. རྟམ་ཁོ། says:
    ལོ་ 12 སྔོན།

    ཁྱེད་ཀྱི་སྙིང་སྟོབས་དང་བློས་གཏོང་ལ་སེམས་གཏིང་ནས་གུས་འདུད་ཞུ།

    Reply
  12. སྨར་ཀླུང་དཔའ་ལ། says:
    ལོ་ 12 སྔོན།

    ཤེས་རབ་ལགས། ཁྱེད་ནི་བུ་སྐྱེས་པ་གོ་ཆོད་འདུག་ལ། བོད་རྒྱལ་ཁབ་ཀྱི་རྒྱལ་གཅེས་དཔའ་བོ་ངོ་མ་དེ་ཁྱོད་དང་ཁྱོད་ལྟ་བུའི་དེང་སང་གི་གཞིས་བྱེས་གཉིས་ཀྱི་བོད་མི་དག་རེད་འདུག ཁྱེད་རང་སྐུ་ལུས་ལ་གནོད་སྐྱོན་མེད་པར་དྲག་བསྐྱེད་ཡོང་བར་སྨོན། རང་ལུས་གཅེས་དགུ་མེ་ལ་བསྲེག་པའི་དོན་སྙིང་དང་། ད་དུང་ཁྱེད་ཀྱིས་ཕྱག་ལས་དེ་འཛམ་གླིང་ཐོག་ཏུ་ན་ཟུག་གི་འབོད་སྒྲ་ཡོད་ཚད་སྒྲོག་སྦྱང་བྱེད་རྒྱུ་ལྷག་ཡོད་པས་མྱུར་དུ་ལྡིང་ཆའི་སྟེང་དུ་འབྱོན་པར་སྨོན། སྙིང་ནས་རྗེས་སུ་ཡི་རང་ཡོད།

    Reply
  13. བཀྲ་ཤིས། says:
    ལོ་ 12 སྔོན།

    སེམས་གཏིང་ནས་བཀར་ཞིང་ཆེས་བསྔགས་འོས་པའི་ཆབ་སྲིད་པ་ལྡི་ལི་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་པ་སྐུ་ཞབས་ཤེས་རབ་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་རྗེས་སུ་ཡི་རང་ཡོད།
    ཁྱེད་ཀྱི་བྱུང་རིམ་ལ་ཕྱི་བལྟས་བྱེད་དུས་ཁྱོད་ནི་ངོ་མ་གསོན་པ་དོང་དང་ལྡན་འདུག་ལ། དེ་རིང་མ་ཤི་བའི་རྗེས་མ་འཆི་བ་ཡང་ཤི་བ་གཟི་བརྗིད་ཆེ་ཟེར་བ་དེ་ཡོང་ངེས་རེད་འདུག བོད་པ་ཚང་ལ་ཁྱེད་ལྟ་བུའི་ཤེས་ཡོན་ལྡན་པའི་ཆབ་སྲིད་པ་གྲངས་མེད་ཅིག་འཚར་ལོང་ཡོང་རེ་བ་དང་སྨོན་ལམ་བྱེད་བཞིན་ཡོད།

    Reply
  14. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 12 སྔོན།

    རྒྱལ་གཅེས་དཔའ་བོ་ཁོང་ལ་ཧ་ཅང་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།
    ཁོང་གིས་ངོ་དེབ་ནང་དུ་ཁ་ཆེམས་བཞག་ཡོད་པ་དེ་ངོ་མ་གཟི་བརྗིད་ཆེ་ཀི
    ང་རང་གི་ཡང་སྔོན་ནས་བོད་ནང་དུ་རང་ལུས་མེར་བསྲེགས་བྱེད་ཀྱིན་ཡོད་པ་ཁོང་ཚོ་ལ་བརྗོད་འདོད་བྱུང་།
    སོ་སོའི་རང་སྲོག་གཏོང་དགོས་བའི་རྒྱུ་མཚན་གསལ་བོར་རེ་ཡིག་ཐོག་ཏུ་འཇོག་ཐུབ་ན་དགེ་མཚན་ཞེ་དྲག་གི་ཆེ་ཀི་བསམ་ཡོད།
    རྒྱ་གཞུང་གིས་འཁྱོགས་གཏམ་བརྗོད་ས་མེད་པ་ཞིག་གསལ་བོར་ཆགས་ཡོང་གི་རེད།
    དཔའ་བོ་དཔའ་མོ་ཚང་མ་ལ་གདུང་སེམས་མཉམ་བསྐྱེད་ཞུ་དང་ཞུ་བཞིན་ཡོད།
    བོད་རྒྱལ་ལོ།

    Reply
  15. སྐར་ཁྲི་བཙན། says:
    ལོ་ 12 སྔོན།

    ཡང་ཡང་གུས་འདུད་ཞུ།

    Reply
  16. དམག་ལོག་ says:
    ལོ་ 12 སྔོན།

    མ་ཤི་པ་ནི་ཡག་པོ་རེད། སྙིང་སྟོབས་ལ་ཡི་རིང་ཡོད། ད་དུང་རེ་གཉིས་ཡོང་མི་སྲིད་པ་མ་རེད།

    Reply
  17. ཤག་སྒང་པ། says:
    ལོ་ 12 སྔོན།

    ཐོག་མར་བཙན་བྱོལ་ནས་མཆེད་པའི་མེ་མཆོད་ཀྱི་བློས་བཏང་འདི་ལ་སྙིང་དབུས་ནས་གུས་འདུད་ཞུ།

    Reply
  18. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 12 སྔོན།

    མགོ་ཐུར་དུ་བསྟན་ནས་སྐྱེས་ལུགས་འདྲ་ན་ཡང་། འཆི་ལུགས་མི་འདྲ་ཟེར་བ་དེ་ནི་ངོ་མ་ཆེས་གཏམ་དཔེ་བདེན་པ་ཞིག་རེད། དཔའ་བོ་དཔའ་མོ་འདི་དག་གི་ཕེབས་སྟངས་ལ་ལྟོས་དང་། ངོ་མ་ཁྱེད་ཅག་ནི་ཇི་སྲིད་བསྐལ་བ་མ་སྟོང་གི་བར་དུ་འུ་ཚང་གི་ལོ་རྒྱུས་ཀྱིས་གླེང་གི་རེད།

    Reply
  19. ཅང་མེད། says:
    ལོ་ 12 སྔོན།

    བཀུར་འོས་པའི་རྒྱལ་གཤེས་དཔའ་པོ་ལགས། རྗེས་སུ་ཡི་རངས་ཞུ།

    Reply
  20. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ལས་འགུལ་དགའ་བསུ་ཡོད་ཀྱང་། དྲག་པོའི་སྒོ་ནས་དགྲ་བོའི་ལུས་དང་མཚོན་ཆ་མེར་བསྲེག་དགོས་རེད། ཡང་ན་ཞི་བའི་སྒོ་ནས་དགྲ་བོའི་གདུག་རྩུབ་དང་ངན་འཆར་ཞི་བར་བྱེད་དགོས་ལ་པ་ལས། ཐབས་ལམ་གསུམ་པ་ཞིག་ངས་ནི་མཐོང་བགྱིད་མི་འདུག་ལགས། ངས་ཚིག་འདི་ལོག་འགྲེལ་མ་གནོངས་རོགས། ཐུགས་རྗེས་གཟིགས།

    Reply
  21. སྨར་དྷཱིཿཟེར། says:
    ལོ་ 12 སྔོན།

    མེ་ལྕེ་དེ་དང་ཐོག་མདོ་སྨད་རྔ་ཡུལ་ནས་མཆེད། དེ་ནས་རྟའུ་ལ་སླེབས། དབུས་ཕྱོགས་སུ་མ་འགྲོ་ནས་ཁ་ཐུག་བལ་ཡུལ་དུ་ཉིན་ཤས་གོང་དུ་འབྱོར། དེ་རིང་ལྡི་ལིར་རྒྱ་ནག་གཞུང་ཚབ་སྒོ་ཁར་སླེབས་ཐུབ་པ་དེ་བོད་མི་རིགས་ཀྱི་འཐབ་རྩོད་དེ་ཇི་རྣོ་ལས་ཇི་གཞན་དུ་འགྲོ་མེད་པའི་མངོན་རྟགས་གསལ་པོ་ཐོན་འདུག

    Reply
  22. ཉི་མ་རྒྱལ། says:
    ལོ་ 12 སྔོན།

    དེ་རིང་གཏམ་བཟང་ཞིག་བཙན་བྱོལ་ནང་བྱུང་སོང་། རྗེས་སུ་ཡིད་རང་ཞུ་ཞུ་ཞུ།།

    Reply
  23. ཁྱུང་དཀར says:
    ལོ་ 12 སྔོན།

    རྒྱལ་གཅེས་སྙིང་སྟོབས་ཀྱི་དཔའ་འབར་བའི་ང་ཚོའི་བྱེས་གྱར་ཁྲོད་ཀྱི་སྐུ་ཞབས་ཤེས་རབ་མཆོག་གིས་བོད་མི་དམངས་དང་གཞིས་བཞུགས་བོད་མིའི་རང་དབང་འཐབ་རྩོད་ཆེད་རྒྱ་དམར་གཞུང་ཚབ་མདུན་ཐང་དུ་རང་ཉིད་ཀྱི་གཟུགས་པོ་མེ་རུ་སྒྲོན་པའི་སྙིང་སྟོབས་དང་ཆོད་སེམས་ལ་བསྔགས་བརྗོད་དང་གུས་བཀུར་བླ་མེད་ཞུ་ཀི་ཡོད། ཞོར་དུ། རྒན་ཆབ་བྲག་པས་མེ་སྲེགས་སྐབས་ཀྱི་འདྲ་པར་འདོད་བློ་ཁེངས་པ་ཞིག་མ་རེག་པའི་དགོངས་ཚུལའང་ཞར་དང་ཞོར་ན་དྲུད་ཡོང་གི་འདུག་པས་ཁ་བདེ་བོ་རང་ཞེ་དྲག་མ་གསུང་རོགས་ཟེར་ཡ་ཡིན།

    Reply
  24. འབའ་སྲས། says:
    ལོ་ 12 སྔོན།

    ཁོང་གི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ། ཡུན་རིང་སྙིང་ལ་བརྣག་པའི་བོད་ཀྱི་མེ་དཔུང་དག་ད་ནི་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱི་ལ་སྦར་གྱིན་འདུག འདི་ནི་ཆད་དཀའ་བའི་མེ་དཔུང་ཞིག་རེད། འདི་ནི་རྒྱ་གཞུང་གི་དར་ཆ་སྲེག་པའི་མེ་དཔུང་ཞིག་རེད། བོད་རྒྱལ་ལོ།།

    Reply
  25. དམ་སྲི་འབྱུང་པོ། says:
    ལོ་ 12 སྔོན།

    ཁྱོད་ལ་བསྔགས་བརྗོད་དང་སྡུག་སེམས་མཉམ་སྐྱོད་བྱེད་ཀྱིན་ཡོད།

    Reply
  26. oscargyatso says:
    ལོ་ 12 སྔོན།

    ངོ་མ་དཔལ་བོ་རེད། ངས་ཁོང་གི་ལོ་རྒྱུད་གསལ་བོ་ཤེས་ཀྱི་མེད་ལ་ཡིན་ན་ཡང་། ཁ་སྔོན་ཕྱི་ཟླ་བཞི་པའི་ནང་ཀིརྟི་གྲྭ་ཚང་གི་དགེ་འདུན་པས་ཞི་བའི་གོམ་བགྲོད་གནང་སྐབས། ཤེས་རབ་ལགས་ཀྱི་ང་ཚོ་ལ་ཉིན་ལྟར་རོགས་རམ་མཐུན་སྦྱོར་གང་ཐུབ་ཅི་ནུབ་ཞུས་སོང་། དེ་རྗེས་ཕྱི་ཟླ ༡༠ ནང་བཀའ་སྤྱི་མཐུན་མང་ནས་ལས་འགུལ་སྤེལ་སྐབས་ཡང་ཁོང་གི་ཉིན་ལྟར་རོགས་རམ་དང་ལས་དོན་ཆེ་ཕྲ་ཆུང་གསུམ་ཐོག་ཧུར་ཐག་ངང་གནང་གི་འདུག
    ཁོང་ངོ་མ་ལྷག་བསམ་རྣམ་དག་གི་བོད་མི་རྒྱལ་གཅེས་དཔའ་བོ་རེད། ང་ཚོ་རང་དབང་ལུང་བ་ནང་སླེབས་ཡོད་པའི་བོད་མི་རྩམ་བཟའ་ཚང་མ་ལ་མིག་དཔེ་ཞིག་བཞག་པ་རེད།
    དཔའ་རྒོད་ལགས་ལོངས་ཤོག ཁྱེད་ཀྱི་ཚེ་སྲོག་ལ་གནོད་སྐྱོན་མི་ཡོང་བའི་རེ་བ་སྙིང་ལ་བཅང་ཡོད།

    Reply
  27. འཁྱམས་པོ། says:
    ལོ་ 12 སྔོན།

    རྒྱལ་གཅེས་པ་ཁོ་དང་ཁོང་ཚོའི་སྙིང་སྟོབས་ཀྱི་ལང་ཚོ་ལ་རྒྱའི་མེ་ཕུང་ལ་བསྟིམས་པས་དཔའ་ངར་གྱི་འབོད་སྒྲའི་ཚིག་འབྲུ་རེ་རེ་ངའི་མིག་ཆུ་ལས་འཁྲུང་ཤིང་སྙིང་ཁྲག་ལ་འཐིམས།
    ཇི་ཕངས་པ་ལ་རྒྱལ་ཞེན་པ་ཁོང་གཅེས་པའི་ཚེ་སྲོག་ང་ཚོ་བོད་གདོང་དམར་པའི་ཆེད་དུ་ཕུལ་ན་ང་ཚོ་་ཁོང་ཚོའི་ལ་ཅི་ཞིག་གིས་དྭངས་པ་བསྐྱེད་ཐུབ་་བམ།ཡང་ན་་་་་མིག་ཆུའི་ཀླུང་ནས་་་་

    Reply
  28. བསྟན་འཛིན་ཆོས་རྒྱལ says:
    ལོ་ 12 སྔོན།

    ཁྱེད་ཀྱི་སྙིང་སྟོབས་བསམ་ཡུལ་ལས་འདས་. རང་དབང་ལུང་བའི་གཞོན་སྐྱེས་ཚོས་འདི་འདྲ་མི་གནང་བར་མུ་མཐུད་ལས་འགུལ་འདྲ་མིན་སྤེལ་ན་ལེགས་སྙམ།

    Reply
  29. བཀྲ་ཤིས། says:
    ལོ་ 12 སྔོན།

    ཁོང་གིས་མེར་སྲེག་གཏོང་བཞིན་པའི་འདྲ་པར་ཞིག་གཤམ་གྱི་ཁ་བྱང་ཐོག་མཐོང་གི་འདུག
    http://www.tibetexpress.net/bo/home/2010-02-04-05-35-27/6917-2011-11-04-07-36-59

    Reply
  30. དོན་འགྲུབ་བཀྲ་ཤིས། says:
    ལོ་ 12 སྔོན།

    ང་མི་འདི་ལ་ཐེངས་གསུམ་ཙམ་མཇལ་མྱོང་ཡོད། ཁོང་གི་མིང་དང་ལོ་རྒྱུས་གསལ་བོ་མི་ཤེས།
    དང་པོ། ༢༠༠༨ ལོར་རྒྱ་གར་མཐོ་སློབ་བོད་རིགས་སློབ་མ་ཐུན་མོང་གིས་རྒྱལ་ས་ལྡི་ལིར་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་གོ་སྒྲིག་ཞུ་བཞིན་འདུག སྐབས་དེར་ཁོང་གིས་ལས་འགུལ་སྣེ་འཁྲིད་པ་དང་གསར་འགྱུར་འབྲེལ་མཐུད་ཀྱི་འགན་གཅིག་ལྕོགས་བཞེས་འདུག
    གཉིས་པ། ༢༠༠༩ ལོར་དབྱར་གནང་གི་གུང་གསེང་དང་བསྟུན་ཏེ་ས་རཱ་མཐོ་སློབ་ཏུ་རྒྱ་གར་མཐོ་རིམ་སློབ་ཕྲུག་ཚོར་བོད་ཡིག་འཛིན་གྲྭ་ཞིག་ཚོགས་འདུག སྐབས་དེར་ཁོང་སློབ་གྲྭ་མཐོན་འདུག་ཀྱང་། མཐོ་རིམ་སློབ་ཕྲུག་སྐོར་ཞིག་འཁྲིད་དེ་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་དེར་མཉམ་ཞུགས་གནང་འདུག་ལ། ཟབ་སྦྱོང་འཛིན་གྲྭའི་འགན་བདག་ཀྱང་ཁོང་རེད།
    གསུམ་པ། ༢༠༡༠ ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཡ་མཱ་ན་གཙང་པོ་རྒྱས་ཏེ་ས་གནས་བོད་རིགས་ཚོར་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་འདུག སྐབས་དེར་ཁོང་གིས་ཕོ་གསར་མོ་གསར་སྐོར་ཞིག་འཁྲིད་དེ་མི་ཚང་རེ་རེ་བཞིན་རྟོག་ཞིབ་དང་། ཁྱིམ་དུ་ཆུ་མེར་བ་དག་གི་ཅ་དངོས་གཞན་ལ་སྐྱེལ་རོགས་གནང་གི་འདུག

    Reply
  31. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    མེ་བསྲེགས་གཏོང་སྐབས་ཀྱི་འདྲ་པར་གཅིག་ཀྱང་མི་རག་གམ། ངོ་མ་རྒྱལ་གཅེས་ཀྱི་སྙིང་སྟོབས་བླ་ན་མེད་ན་ཡང་ངོ་རྒོལ་གྱི་རྣམ་པ་འདི་ཚང་མས་མིག་ལ་མངོན་སུམ་སྣང་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེ། བོད་ནང་ལ་པར་ལེན་ཐུབ་ཀྱིན་མེད་ན་ཡང་པར་གང་འཚམ་རེ་རག་གིན་ཡོད་པ་རེད། མེ་བསྲེགས་ཀྱི་སྣང་བརྙན་གསོན་པོ་དེ་མིག་ལ་སྣང་ན་དེས་སྤྲོད་པའི་ཚོར་སྣང་ཁྱད་པར་བ་ཡིན། ཕངས་པ་ལ། ད་ལྟ་ཁོང་གི་གནས་བབ་ཅི་འདྲ་ཡིན་མིན་སོགས་གནས་ཚུལ་གསལ་བོ་འགོད་རོགས། དཔའ་བོའི་སྙིང་སྟོབས་དང་ལྷན་དུ་བདེན་པའི་གཟི་འོད་འཕྲོ་བར་སྨོན།

    Reply
  32. གནམ་ལྕགས། says:
    ལོ་ 12 སྔོན།

    མིག་ཆུའི་ཀློང་ནས་བཀླགས་ཟིན། སྐྱེས་བུ་དམ་པ་འདི་དག་གི་སྙིང་སྟོབས་ཀྱི་གཟི་བརྗིད་ནམ་ཡང་ཉམས་པ་མེད།

    Reply
  33. ཀུན་དགའ། says:
    ལོ་ 12 སྔོན།

    མི་རིགས་དང་རྒྱལ་ཁབ་ཀྱི་ཆེ་དུ་སྐུ་སྲོག་བློས་གཏོང་མཁན་ཚོར་སེམས་གཏིང་ནས་གུས་འདུད་དང་ཡི་རངས་ཞུ། སྐྱེ་བ་ནས་ཚེ་རབ་ཐམས་ཅད་དུ་ཕྱག་ན་པདྨོས་རྗེས་སུ་འཛིན་པར་སྨོན།
    བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist