མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཛམ་ཐང་དུ་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ནང་གི་ཆུ་ཚོད་ ༢ ཙམ་གྱི་སྟེང་། མདོ་སྨད་རྔ་པ་ཁུལ་འཛམ་ཐང་བར་མ་ཡུལ་ཚོའི་མི་སྐྱ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

དེ་རིང་བོད་ནང་གི་ཆུ་ཚོད་ ༢ ཙམ་ལ་མདོ་སྨད་རྔ་པ་ཁུལ་འཛམ་ཐང་བར་མ་ཡུལ་ཚོ་ཆོས་རྗེ་ཚོ་བའི་སྡེ་མི་ཕ་སྤྱན་གཟིགས་དང་མ་སྙིང་མོ་གཉིས་ཀྱི་བུ་རང་ལོ་ ༡༨ ཡིན་པའི་སྣང་གྲོལ་ལགས་ཀྱིས། ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་འདུག

ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་བརྗོད་པ་ལྟར་ན། ཁོང་གི་སྐུ་ལུས་མེར་བསྲེགས་གཏོང་སྐབས་ས་གནས་ཉེན་རྟོག་པ་སླེབས་ཏེ་ཁོང་གི་སྐུ་ཕུང་བཙན་འཕྲོག་བྱེད་རྩིས་བྱས་ཡོད་པ་དང་། སྐབས་དེར་ཇོ་ནང་དགོན་པའི་གྲྭ་བ་མང་པོ་འབྱོར་ཏེ་ཉེན་རྟོག་པའི་ལག་ནས་སྐུ་ཕུང་ཚུར་འཕྲོག་ཐུབ་ཡོད་འདུག ད་ལྟ་ཁོང་གི་སྐུ་ཕུང་འཛམ་ཐང་དགོན་ཆེན་དུ་ཁྱེར་ཏེ་ཕོ་ལུང་དང་བསྔོ་སྨོན་འདོན་བཞིན་ཡོད་འདུག

ཇོ་ནང་འཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་ལ་ཆོས་རྗེ་གྲྭ་ཚང་དང་། ཚེས་བཅུ་གྲྭ་ཚང་། གཙང་པ་གྲྭ་ཚང་བཅས་སྒར་ཁག་གསུམ་ཡོད་པ་དང་། ད་ལྟ་དགོན་པ་དེར་གྲྭ་བ་ ༢༥༠༠ ལྷག་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 13

  1. དྲག་རླུངས། says:
    ལོ་ 10 སྔོན།

    མི་ཚང་མའི་ཤེས་དགོས་རྒྱུ་ཞིག་ལས་འགུལ་འདི་འདྲིས་སྐབས་སུ་ས་གནས་མི་མང་གི་པར་དང་གློག་རྙན་སོགས་མཁོ་སྲོད་བྱེད་རྒྱུ་གལ་ཆེན་པོ་རེད།
    ཁོང་ཚོའི་རླབས་ཆེན་གྱི་མཛད་རྗེས་དང་། སེམས་ནང་གི་སྡུག་བསྔལ་དེ་ཤུལ་བཞུགས་ཚོའི་འཛམ་བུ་གླིང་ལ་ལྟན་ཐུབ་སོང་ན་འདས་གྲོང་དཔའ་བོ་དག་གིས་རང་ལུས་མཆོད་མེ་བཞིན་མེ་རུ་འབར་བའི་དགོས་པ་ཡང་དེ་རེད།
    དེ་མ་ཐུབ་དཔའ་བོ་དཔའ་མོ་རྣམས་གྱི་དམིགས་ཡུལ་ཅི་བཞིན་མ་འགྲུབ་པ་རེད་ལ་ང་ཚོའི་གྱོང་ཁ་ཡང་དེ་རེད་ལ། ཞབས་འདྲེན་ཡང་དེ་རེད་བསམས་ནས་བློ་ཆེན་པོས་ཅི་བྱ་ལྟོར་མེད་ངང་།

    རྒྱལ་གཅེའི་དཔལ་བོ་སྣང་གྲོལ་གཙོས་རང་ལུས་མེ་བསྲེགས་བྱེད་མཁན་ཡོངས་ཀྱི་་ཆེད་དུ་ངས་ཡང་མར་མེ་སྐོང་རས་བརྒྱ་དེ་རང་གནམ་སྟོང་ཉིན་ཕུལ་བ་ལས་རང་ཉིད་ཀྱི་བྱ་ཐབས་བྲལ།
    སྨོན་ལམ་ཞིག་ཀྱང་རྒྱབ་ཁ་བྱས་མ་ཡིན།
    མཇུག་མཐར་ཞུ་རྒྱུ་ཞིག་ལ་མི་ཚང་མའི་ང་ཚོའི་མི་རིགས་གི་ཆེད་དུ་འདས་གྲོང་སོང་བའི་དཔའ་བོ་དཔའ་མོ་དག་མ་བརྗེད་རོགས་ཞུ་ཞུ།

    Reply
  2. རིག་འཛིན། says:
    ལོ་ 10 སྔོན།

    ཕན་ཐོག་ཡོད་པའི་ངེས་པ་མེད་པས།
    ངས་དཔའ་བོ་འདིའི་ཆེད་དུ་་་་་མ་ཎི་་་འདོན་འདོད་མེད།
    ཡིན་ཡང་།
    ཁོང་གིས་རླབས་ཆེན་གྱིས་ཐག་ཆོད་འདི།
    ངས་ནམ་ཡང་བརྗེད་མི་སྲིད་ལ།
    རྗེས་དྲན་དང་གླེང་སློང་བྱེད་ངེས་ཡིན།།

    Reply
  3. རྒྱ་མཚོ། says:
    ལོ་ 10 སྔོན།

    དུས་བབ་གསར་ཁང་བོད་ལ་བཀའ་དྲིན་ཆེ།།
    གསར་འགྱུར་དུས་ཐོག་སྤེལ་ལ་གློག་ལྟར་མྱུར།།
    དུས་ཚོད་བཅུ་ཡི་སྔོན་གྱི་གསར་འགྱུར་ཡང།།
    གཞུང་གི་དྲ་བས་ད་དུང་མ་ཚོར་འདུག།

    ཨོ་རེད། དེ་རིང་གཟའ་ཉི་མ་ལ་གཞུང་གི་ལས་ཁུངས་ཁག་གུང་སེང་ཡིན་པ་ཡོད། ཛ་དྲག་གི་དུས་སྐབས་འདི་འདྲ་ལ་ཁང་སྲུང་དང་དྲ་སྲུང་རེ་ཡོད་ན་ཅིས་མ་ཆོག ངས་གསར་འགྱུར་འདི་ཚོའི་རིགས་གཞུང་གི་དྲ་ཚིགས་ཀྱིས་འདི་ལྟར་སྣང་མེད་བྱེད་པ་རིག་དུས། ཕངས་སེམས་ཤིག་སྐྱེས་ཡོང་གིན་འདུག

    Reply
  4. gyurmey says:
    ལོ་ 10 སྔོན།

    ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ།ཨོྂམཎིཔདྨེཧཱུྂ། དཔའ་བོ་ཁྱེད་ཉིད་ཕྱི་མ་བོད་མི་རིགས་ཀྱི་ཆེད་དུ་སླར་ཡང་ཞོགས་ཀའི་ཉི་གཞོན་དང་སྟབས་ཅིག་ཏུ་འཁྲུངས་པའི་བསྔོ་སྨོན་ཞུས།

    Reply
  5. སེང་གདོང་སྐྱབས ། says:
    ལོ་ 10 སྔོན།

    སྐལ་སྟོང་རྙེད་དཀའི་དལ་བརྒྱད་འབྱོར་བཅུའི་མི་ལུས་གང་།།

    རྒྱལ་ཞེན་སྤོབས་པས་ཕངས་མེད་བསྲེགས་པའི་བྱིན་རླབས་མཐུ།།

    ས་ཡ་དྲུག་གི་བདེན་དོན་བསུ་ཕྱིར་རབ་འབར་བ།།

    བདག་གི་སྐྱབས་མགོན་ཏཱ་ལའི་བླ་མས་སྐྱབས་སུ་གསོལ།།

    Reply
  6. རྔ་བ་དགེ་འདུན་རྒྱ་མཚོ། says:
    ལོ་ 10 སྔོན།

    རྔ་བ་འཛམ་ཐང་བར་མ་ཡུལ་ཚོའི་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱིས་དེ་རིང་ཉིན་རྒྱབ་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ལུས་མེ་མཆོད་ཕུལ་བར་སྙིང་གུས་འདུད་ཞུ་རྒྱུ་དང་། ཤུལ་ལུས་ཕ་མ་གཉིས་དང་ནང་མི་ཚང་མར་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུ་གི་ཡོད།།

    Reply
  7. sangkye says:
    ལོ་ 10 སྔོན།

    འོ་ཡ་ད་ཡང་ཇོ་ནང་འཛམས་ཐང་གཙང་བ་དགོན་པའི་ཉེ་འགྲམ་ནས་དཔའ་བོ་སྣང་གྲོལ་ལགས་མེ་སྲེགས་བཏང་། ཇོ་ནང་ལྷ་སྡེ་ཡོངས་དང་དགོན་ཁག་རྣམས་ཀྱིས་བྱ་བ་ལམ་འགྲོ་ཡོངས་བའི་སྨོན་འདུན་དང་བོད་གཞི་ཕྱེས་ལྷན་འཛོམས་ཡོངས་བར་ཤོག ལྷ་རྒྱལ་ལོ་རྒྱལ་ལོ་བོད་རྒྱལ་ལོ།

    Reply
  8. ཅང་མེད། says:
    ལོ་ 10 སྔོན།

    མེ་ལྕེའི་ཁྲོད་ནས་སྐུ་སྲོག་ཤོར་བས་རྒྱལ་གཅེས་དཔའ་བོ་ཁོང་ལ་གུས་འདུད་དང་རྗེས་ལུས་ནང་མི་ལ་སེམས་གསོ་ཞུ།

    ང་ཚོའི་ཉིན་གཅིག་གི་རྟོག་ཁྱག་མི་ཆགས་པས། ཁོང་ཚོའི་སྐུ་ལུས་ལ་མེ་སྤར་ཐུབ་པའི་་་་་་ཇི་འདྲི་ངོ་མཚར་ལ…………………….
    ………………..ཨ་བཙན་བྱོལ་ཚང ་་་་་་་་་་་་་་
    ཨ་བཙན་བྱོལ་ཚང ་་་་་་་་་་་་་་
    ཨ་བཙན་བྱོལ་ཚང ་་་་་་་་་་་་་་

    Reply
  9. འཇའ་ཐང་འབྲོག་བུ། says:
    ལོ་ 10 སྔོན།

    རྒྱལ་གཅེས་དཔའ་བོ་དེ་རྣམས་སྙིང་རྗེ། ངོ་མ་བསྔགས་བརྗོད་ཡོད། རང་གི་གཅེས་པའི་ཕུས་ཕུང་མེ་ལ་ཕུལ་ཏེ་འཆི་ཕོད་པ་འདི་ངོ་མ་ལས་སླ་བོ་ཞིག་མིན། ཡིན་ནའང་ང་ནི་ཁོང་རྣམས་ཀྱི་དཔའ་ངར་དེ་མཐོང་བར་ལྟ་ཞོག་ཐོས་པ་ཙམ་གྱིས་སྙིང་འདར་སིག་བྱེད་ཀྱི་འདུག ཨོྃམ་ཎིཔདྨེ་ཧཱོུྃཿ ཨོྃམ་ཎིཔདྨེ་ཧཱོུྃཿ ཨོྃམ་ཎིཔདྨེ་ཧཱོུྃཿ ཨོྃམ་ཎིཔདྨེ་ཧཱོུྃཿ ཨོྃམ་ཎིཔདྨེ་ཧཱོུྃཿ བོད་རང་དབང་གི་ཉི་མ་མྱུར་དུ་འཆར་ཏེ་རྒྱས་གཅེས་འདས་པོ་རྣམས་ཀྱི་རེ་འདུན་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུ། ཤུལ་ལུས་སྤུན་ཟླ་ཚོ། འཆུག་མི་ཉན། ཆིག་སྒྲིལ་གྱིས་ལ་ཤོག ང་ཚོ་གསོན་པོའི་འཚོ་བ་ཅང་ཟད་ཙམ་གྱིས་དོན་དུ་མགོ་འཁོར་སྡོད་ན་འགྲིག་གི་མི་འདུག ལོངས་ཤོག ཆིག་སྒྲིལ་གྱིས།

    Reply
  10. གཡུ་རལ་བཀྲ་རྒྱམ། says:
    ལོ་ 10 སྔོན།

    རྨ་ཆུ་སྔོན་མོ་མ་སྐམ་ན་ཨ་མྱེས་ཉི་མའི་གནའ་གཏམ་ཡང་རྫོགས་མཐའ་མེད།

    Reply
  11. ཤིང་ལོ། says:
    ལོ་ 10 སྔོན།

    དངོས་གནས་ཡ་མཚན་རེད། རང་ལུས་མེར་སྲེག་རྒྱུ་ནི་ཅི་ལའང་སྣང་གི་མི་འདུག ང་ཚོ་ཡར་མར་ལ་འགྲོ་འདུག་ཀྱང་འདི་འདྲིའི་ལས་སླ་བོ་བྱེད་ཐུབ་ཀྱི་མི་འདུག འདིར་བལྟས་ན་རྒྱ་ནག་གི་གདུག་རྩུབ་ལས་མེར་སྲེག་པ་འདམས་ཀྱི་ཡོད་པ་རེད།
    ༸བདེ་བ་ཅན་ནས་རྩ་བའི་བླ་མ་དང་།།
    དབྱེར་མེད་འོད་དཔག་མེད་མགོན་སྤྱན་དྲངས་ཏེ།།
    དམིགས་མེད་སྙིང་རྗེས་བཀུག་པའི་གཞུ་མོ་ལ།།
    ཧུག་གི་མདའ་སྦྱར་བླ་མའི་ཐུགས་ཀར་འཕངས།།

    Reply
  12. བདེ་རྒྱལ། says:
    ལོ་ 10 སྔོན།

    ད་བོད་མིའི་སྒྲིག་འཛུགས་ཀྱིས་འགན་མ་ཁྱེར་ཡང་བོད་མི་དང་བླང་འདུ་འཛོམས་ཀྱིས་ལས་འགུལ་ཞིག་སྤེལ་དགོས་པ་ལས། འདི་མུར་བཞུགས་ཚོད་མིན། རྒྱལ་ཚོགས་སྒོའི་མདུན་དང་། རྒྱ་མིའི་གཞུང་ཚབ་མདུན་སོགས་ནས་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ལས་འགུལ་མ་སྤེལ་གོང་ལ་གྲ་སྒྲིག་ཡག་པོ་ཞིག་བྱ་དགོས།

    Reply
  13. ཆུ་ཐིགས་སྔོན་མོ། says:
    ལོ་ 10 སྔོན།

    ཨོ་ཡ་་་་ཡང་བྱུང་འདུག་ཀ་་་་ད་ཡིན་ན་ཡོང་གི་མི་འདུག་ད་་་་ད་མུ་མཐུད་འདི་འདྲ་བྱས་ན་ནམ་ཞིག་ལ་ཅི་ཞིག་ཆགས་ཡོང་་་་

    Reply

Leave a Reply to འཇའ་ཐང་འབྲོག་བུ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist