མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་ཚོཊ་ནང་བོད་དོན་གླེང་སློང་།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

སུད་སིར་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་དྲུང་ཆེ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་བོད་ནང་གི་གནས་སྟངས་ཐོག་སེམས་འཚབ་ཡོད་སྐོར་བརྗོད་འདུག  

ཉིན་འདི་དག་རིང་སུད་སི་གྲོང་ཁྱེར་འཇི་ནེ་ཝར་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐེངས་ ༡༩ པ་དེ་འཚོགས་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་ཚོགས་འདུའི་སྟེང་ཨ་རིའི་ཡུལ་མིའི་བདེ་སྲུང་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དྲུང་ཆེ་ལྕམ་མཱ་རི་ཡཱ་ཨོ་ཊོ་རི་(Ms Otero) ལགས་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པའམ་ཕྱི་སྲིད་བློན་ཆེན་ (Mr Karel Schwarzenberg) རྣམ་གཉིས་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སེམས་འཚབ་ཆེན་པོ་ཡོད་སྐོར་བརྗོད་འདུག
 ཚོགས་འདུའི་ཐོག་ལྕམ་མཱ་རི་ཡཱ་ཨོ་ཊོ་རི་ལགས་ཀྱིས་བརྗོད་དོན། “ རྒྱ་གཞུང་གི་དྲག་གནོན་དེའི་འོག་བོད་ཀྱི་ས་ཁུལ་ཁག་ད་ལྟ་ཡང་ཛ་དྲག་གནས་སྟངས་འོག་ལྷུང་ཡོད་སྟབས། ཨ་རིའི་གཞུང་ངོས་ནས་གནད་དོན་དེར་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད། འཛམ་གླིང་རྒྱལ་ཁབ་སྤྱི་དང་ཁྱད་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས། ཡུལ་དེའི་གྲངས་ཉུང་མི་རིགས་ཚུད་པའི་མི་རིཊ་ཁག་གི་མི་དམངས་ལ་གཞི་རྩའི་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་ལ་བརྩི་བཀུར་དགོས་རྒྱུར་ནན་སྐུལ་བྱེད་ཀྱི་ཡོད། འགྲོ་བ་མིའི་ཐོབ་ཐང་ནི་འཛམ་གླིང་ཡོངས་ལ་གཅིག་མཚུངས་སུ་ཁྱབ་དགོས་ཀྱི་ཡོད་སྟབས།རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་མི་སྒེར་གྱི་རང་དབང་ལ་བརྩི་བཀུར་དགོས་རྒྱུ་དང་། རང་དབང་བེད་སྤྱོད་ཐུབ་པའི་ཆ་རྐྱེན་བསྐྲུན་དགོས་པ་རེད། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ལས་དོན་ཅི་ཞིག་བསྒྲུབ་ཀྱང་ངེས་པར་དུ་ཕྱི་གསལ་ནང་གསལ་དང་འགན་འཁྲི་ཡོད་པ་ཞིག་གནང་དགོས་པ་རེད་ ” ཞེས་བརྗོད་འདུག
 དེ་བཞིན། སྐབས་དེར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པའམ་ཕྱི་སྲིད་བློན་ཆེན་(Mr Karel Schwarzenberg) ལགས་ཀྱིས་བརྗོད་དོན། “ བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་དང་། ལྷག་པར་དུ་རང་ལུས་མེར་བསྲེགས་གཏོང་མཁན་རིམ་བཞིན་མང་དུ་འགྲོ་བཞིན་པ་དེར། ང་ཚོའི་སྲིད་གཞུང་གིས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད། ༢༠༡༡ ལོར་བོད་མི་ ༢༢ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བ་དེའི་ཐོག་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་གནས་སྟངས་ལ་དོ་སྣང་བྱ་དགོས་པ་ཞིག་བཟོས་ཡོད་ལ། ༢༠༠༩ ལོ་ནས་ད་བར་བོད་མི་ ༢༣ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་ཁྲོད་མི་༡༥ འདས་གྲོངས་སུ་ཕྱིན་ཡོད་” ཅེས་བརྗོད་ཡོད།
 མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐེངས་༡༩ པ་མ་འཚོགས་གོང་། སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་ཕྱི་རྒྱལ་གཞུང་ཚབ་ཁག་ ༢༠ཙམ་ལ་བོད་ནང་གི་གནས་སྟངས་ཐོག་རྒྱབ་སྐྱོར་ཡོང་བའི་ཞུ་ཡིག་ཕུལ་འདུག

གསར་འགོད་པ། དཔལ་ལྡན།

མཆན། 2

  1. སངྒེ ། says:
    ལོ་ 10 སྔོན།

    ལྕམ་སྐུ་དྲུང་ཆེ་ལགས་དང་སྐུ་ཞབས་ཕྱི་སྲིད་བློན་ཆེན་རྣམ་པ་གཉིས་ལ་ང་རང་བོད་མི་དཀྱུས་མ་ཞིག་གི་དངོས་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ད་དུང་དུས་ནས་དུས་སུ་ཐུགས་སྣང་དང་རོགས་མགོན་གནང་རོགས་ཞུ། གཞན་རྒྱ་ནག་ནུས་མེད་དུ་གཏོང་འདོད་དེ་བསམ་ཚུལ་ཉི་ཚེ་བ་རང་རེད། མི་གྲངས་དུང་ཕྱུར་བཅུ་གསུམ་གྱི་བདེ་སྡུག་དང་། མངོན་འདོད་ལ་བསམ་གཞིགས་དང་གུས་རྩི་ལོས་དགོས། འོན་ཀྱང་རྒྱ་ནག་གི་ནུས་པ་ལོག་པར་སྤྱོད་ཀ་མི་འཇུག་རྒྱུ་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་ཁག་གིས་འགན་ཁུར་དང་ནོན་ཤུགས་སྤྲོད་གལ་ཆེ་ངེས།

    Reply
  2. ཤིང་ལོ། says:
    ལོ་ 10 སྔོན།

    དངོས་གནས་བྱས་ན། བོད་དོན་འདིའི་སྟེང་ནས་རྒྱ་ནག་ལ་རྒྱང་ལྟ་བྱེད་བཞིན་པ་དང་། རྒྱ་ནག་གི་བྱ་སྤྱོད་རྟོགས་མཁན་ཚོས་ངེས་པར་དགོངས་པ་བཞེས་དགོས་ལ། རྒྱ་ནག་འདི་ནུས་པ་ཅན་དུ་གཏོང་དང་མི་གཏོང་ཁོང་ཚོར་རག་ལས་ཡོད། རྒྱ་ནག་ནུས་ཅན་དུ་བཏང་རྗེས་ཁེ་བཟང་སུས་ལེན་རྒྱུ་ཡིན་མིན་ད་ལྟ་ནས་ཤེས་ན་བཟང་།

    Reply

Leave a Reply to ཤིང་ལོ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist