དེ་རིང་ཕྱི་དྲོར་བོད་ཨ་མདོ་རྔ་པ་རྫོང་གཅའ་རུ་བའི་གཤོག་སྨད་མའི་རང་ལོ་ ༡༨ ཡིན་པ་རྡོ་རྗེ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག
རིང་ཕྱི་དྲོའི་བོད་ནང་གི་དུས་ཚོད ༦།༣༠ ཙམ་ལ། རྔ་པ་རྫོང་གཅའ་ཞང་གཅའ་རུ་བའི་གཤོག་སྨད་མའི་མགར་སྐྱ་ཚང་གི་བུ་རྡོ་རྗེ། རང་ ལོ ༡༨ ། ཕ་མིང་ལ་ཅཱ་ཅཱ་ཡིན་པ་ཁོང་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་གཅའ་ཞང་ཐོག་དང་ཐག་ཉེ་བའི་ ཟམ་ཁ་ཞིག་ནས་གཅའ་ཞང་ཐོག་གི་རྒྱ་མིའི་ལས་ཁུངས་ཡོད་ས་པར་གོམ་བགྲོད་གནང་ཡོད་འདུག
གནས་ཚུལ་འགྲེལ་བརྗོད་པས་བཤད་ན་པ་ལྟར་ན་དུས་ཐོག་ལ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་སོགས་སླེབས་མེད་པ་དང་ས་གནས་ཀྱི་བོད་མི་རྣམས་ཀྱིས་མེ་མ་བསད་པར་འབར་བཅུག་ཡོད་སྟབས་མེས་ཤུགས་ཆེན་པོ་ཚིགས་ཏེ་སྐབས་ཐོག་དེར་སྐུ་གྲོངས་ཡོད་ཅིང་། བོད་མི་རྣམས་ཀྱིས་ཕུང་པོ་ཁྱེར་བརྩིས་བྱས་སྐབས་ཉེན་རྟོག་པ་སོགས་སླེབས་ཏེ་ཕུང་པོ་བཙན་འཕྲོག་གིས་རྔ་པ་རྫོང་ཐོག་ཏུ་ཁྱེར་ཡོད་འདུག གཅའ་ཞང་ནི་རྔ་པ་རྫོང་ཐོག་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༧༠ ཙམ་གྱི་སར་ཡོད་པ་དང་། དེང་སྐབས་རྒྱ་ནག་གིས་ས་བགོས་བྱེད་སྟངས་ལྟར་ན་འབྲོག་སྡེ་གཅའ་རུ་བ་དང་། རྭ་རུ་བ། ནག་ཚང་མ་བཅས་ཀྱི་ཞང་ཡིན་འདུག
གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།
ངོ་ནས་རླབས་ཆེན་དཔའ་བོ་རྣམས་ཀྱི་སྙིང་སྟོབས་ལ་ཡིད་སྨོན་སྐྱེ།
ཐུགས་རྗེ་ཆེ་གནང་།
སྙིང་ཁམས་བྲག་ལ་མ་བཞེངས་པས། །
ཚོར་བའི་ཐོག་མདའ་བཟོད་ཐབས་དཀའ། །
མིག་ཆུ་གངས་ལས་མ་བཞུར་བས། །
ཡིད་ཀྱི་ཐིག་པ་འཛད་ལ་ཉེ།
།སྐྱོ་བའི་རི་རབ་གནོན་དཀའ་བ། །
ཁེར་རྐྱང་སྨུག་པས་དཀྲིས་པ་ཡང་། །
མྱ་ངན་མུན་པའི་དཔུང་མཐུག་པས། །
རང་རིག་ཤེའུ་ཆུང་མགོ་བོ་སྨད། །
སྐྱབས་དང་སྐྱོབས་པའི་ནམ་མཁའ་སྟོངས། །
གྲོགས་དང་གཉེན་གྱི་ལྷུན་པོ་ཞིག །
འཁོར་བ་ཆེན་པོར་གཅིག་བུ་རུ། །
སྡུག་གིས་འགྱིངས་པ་གདོང་དམར་རིགས། །
ལས་ཀྱི་ཕྱི་མཐའ་མ་ལོག་པ། །
འཕགས་མཆོག་ལྷ་ཡི་ཐུགས་རྗེ་ཉེ། །
སྤོབས་པའི་དཔུང་བ་མ་ལྷོད་པ། །
ངོ་མཚར་ལྟད་མོ་སྲིད་པ་ལ་བརྐོས། །
རང་ལོ་་་་༡༨་་་ཡིན་པའི་དཔའ་བོ་རྡོ་རྗེ་ལགས།
ཁྱེད་རང་་་མི་ཡུལ་འདི་རུ་་་་མེད་པ་གྱུར་ཟིན་ཡང་་་་
སླར་ཡང་་་ཁྱེད་རང་བོད་ཡུལ་འདི་རུ་འཁྲུངས་ནས།
གཞིས་བྱས་ལྷན་འཛོམས་ཀྱི་དགའ་སྟོན་རོལ་བ་མ་ཟད།
མ་འོངས་བོད་ཀྱི་དབུ་ཁྲིད་ཚད་ལྡན་ཞིག་ཆགས་ཐུབ་པའི་རེ་སྨོན་ཞུ།།
ཤུལ་ལུས་ནང་མི་སྤུན་མཆེད་ཚོར་ཞུ་རྒྱུ།
ཁྱེད་རང་ཚོ།
སེམས་མ་སྐྱོ་དང་་་་་གོང་ས་མཆོག་གིས་གཙོས་་་་་ཚད་ལྡན་བླ་མ་མང་པོས་་་རྡོ་རྗེ་་གནས་སྐབས་བར་དོར་ཡི་འཇིགས་སྐྲག་ཚང་མ་ཞི་ནས་རིང་མིན་དལ་རྟེན་བཟང་པོ་རྙེད་ཐུབ་པའི་བསྔོ་སྨོན་གནང་བཞིན་འདུག
ད་དུང་་་་་རང་གཞུང་བཀའ་སྤྱི་གཉིས་ཀྱི་གཙོས་འབྲེལ་ཡོད་དག་གིས་་་་རླབས་ཆེ་དཔའ་བོ་རྡེ་རྗེ་མཆོག་གིས་རང་སྲོག་དང་རང་ལུས་རང་གི་ཕ་མ་སྤུན་མཆེད་ཚང་མ་བློ་གཏོང་གནང་ནས་་་་སྐུ་ལུས་མཆོད་མེ་རུ་སྒྲོན་དགོས་པའི་་་རྒྱུ་མཚན་དང་་་དགོས་པ་་་་དམིགས་འདུན་སོགས་་་་ཚང་མ་འཛམ་གླིང་འདིའི་སྟེ་དུ་མཆིས་པའི་དྲང་བདེན་ཅན་གྱི་རྒྱལ་ཁབ་་་་་གཞུང་དྲང་ཅན་གྱི་མི་སྣ་་་་་་ཤེས་ཡོན་ཅན་གྱི་རྩོམ་པ་པོ་་་་་ལྷག་བསམ་དཀར་པའི་མི་མང་དག་ལ་་་་་བརྒྱུད་ལམ་སྣ་ཚོགས་པ་བེད་སྤྱོད་གནངས་ནས་ཡིག་ངག་གཉིས་ཀྱི་ཐོག་ནས་རྒྱང་སྒྲགས་ཞུ་བཞིན་འདུག་པས། ཁོ་གིས་ཕྱག་ལས་འདི་ཏན་ཏན་ཕན་ནུས་ལྡན་པ་ཞིག་ཡོང་ངེས་རེད།
བློ་མ་ཕམ་དང་་་་་ཁྱེད་ཚོའི་སྡུག་བསྔལ་འདི་་་་་ང་ཚོའི་སྡུག་བསྔལ་རེད།
ང་ཚོའི་ཡིད་སེམས་འདི་་་ཁྱེད་ཚོའི་ཡིད་སེམས་དང་འདྲེས་ནས་ཡོད།
ཁྱེད་རང་ཚོ་གཅིག་པུ་མ་རེད་་་་་ང་ཚོ་་ཡང་ཁྱེད་ཚོ་དང་མཉམ་དུ་ཡོད།
རླབས་ཆེ་བ་ཨང་། རླབས་ཆེ་བ་ཨང་།
ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །
རྒྱལ་གཅེས་དཔའ་བོ་རྔ་བ་གཅའ་རུ་བའི་རྡོ་རྗེ་ལགས་ལ་མྱ་ངན་གུས་འདུད་ཞུ་རྒྱུ་དང་། ཤུལ་ལུས་ཁོང་གི་ཕ་མ་གཉིས་དང་ནང་མི་སྤུན་མཆེད་ཚོར་ཐུགས་གསོ་དང་གདུང་སེམས་སྐྱེ་ཞུ། ཨོཾ་མ་ཎྀ་པདྨེ་ཧཱུཾ།
གདོང་དམར་བའི་བུ་རྒྱུད་ཚོ་་་་་་་་་ཕ་བཟང་ཞིག་གི་རང་མདངས་སྟོན་ཞིང་མ་བཟང་ཞིག་གི་གཤིས་རྒྱུད་མངོན་བཞིན་ཆས་སོང་། གཏན་དུ་ཆས་སོང་། གཟི་བརྗིད་དང་མཛད་རྗེས་ཀྱིས་རིགས་མཐུན་རྣམས་ཀྱི་དཀའ་སྡུག་གི་བདེན་དཔང་མཛད་བཞིན་ཆེས་སོང་། མེ་འཁྱོམ་དང་དུད་ཞགས་ཀྱིས་དཀའ་སྡུག་གླེང་བཞིན་ཆས་སོང་། ཡལ་མེད་ཀྱི་རྡོ་རིང་བསླངས་ནས་ཆས་སོང་། འོན་ཀྱང་ངས་ཁྱེད་ཚོ་བཏང་ན་མི་འདོད། ཁྱེད་ཅག་སྨོན་ལམ་དང་ཐུགས་སྐྱེད་བཟང་བོ་ཞིག་གིས་མི་གཏོང་ཐག་ཆོད་ཡིན། ཕྱིར་ལ་ལོག་ཤོག མ་འགྱངས་བར་ལོག་ཤོག ལས་དབང་བཙན་པོ་ཡིན་པ་བདེན་ན་མྱུར་དུ་ལོག་ཤོག ད་དུང་ང་ཚོའི་བདེ་སྐྱིད་བཙལ་དགོས་ལ་མི་ཆུ་གཏང་དགོས།