མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ང་ཚོའི་འཚོ་གནས་ནི་རང་བྱུང་ཁམས་ལ་བརྟེན་བསྡད་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་༸གོང་ས་མཆོག་གིས་ཧཱ་ཝའེ་གཙུག་ལག་སློབ་གྲྭའི་ནང་། སློབ་ཕྲུག་དང་མི་མང་སྟོང་ཕྲག་མང་པོར་༼ནང་སེམས་ཀྱི་ཤེས་ཡོན་༽ཐོག་བཀའ་སློབ་དང་། ཁུལ་དེའི་འགྲེམས་སྟོན་ཁང་ཞིག་ལ་གཟིགས་སྐོར་གནང་འདུག

ཉིན་འདི་འགར་༸གོང་ས་མཆོག་གིས་ཨ་རིའི་ནང་མཛད་འཕྲིན་ཁག་སྐྱོང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་༸གོང་ས་མཆོག་ཧཱ་ཝའེ་ཡི་སྤྱི་ཚོགས་ཐེབས་རྩ་ཁང་གིས་གདན་ཞུ་ལྟར། ཧཱ་ཝའེ་ཡི་མངའ་སྡེའི་ཧོ་ནུ་ལོ་ལོ་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག་ལ། ཧོ་ནུ་ལོ་ལོ་ས་གནས་སུ་འབྱོར་སྐབས་མངའ་སྡེའི་སྲིད་སྐྱོང་ནེལ་ཨ་བར་ཁོམ་བེ་(Neil Abercrombie)ལགས་དང་། གྲོང་སྡེའི་སྤྱི་ཁྱབ་པ་པི་ཊར་བྷི་ཁེར་ལེ་སིལ་ (Peter B Carlisle)།ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་གཙོས་ཁུལ་དེར་གནས་སྡོད་བོད་པ་དང་འབྲུག་པ། བལ་པོ། རྒྱ་གར་དང་ས་གནས་ཡུལ་མི་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་པ་དང་། བཞུགས་གནས་མགྲོན་ཁང་དུ་ཁུལ་དེའི་སློབ་མའི་སྐུ་ཚབ་ཀྱིས་༸གོང་ས་མཆོག་ལ་སྲོལ་རྒྱུན་གླུ་གཞས་ཐོག་ཕེབས་བསུའི་སྣེ་ལེན་ཞུས་འདུག སྐབས་དེར་༸གོང་ས་མཆོག་གིས་སློབ་ཕྲུག་ཚོར་འཚམས་འདྲི་དང་སྦྲགས། ཧཱ་ཝའེ་སྤྱི་ཚོགས་གནས་སྟངས་དང་ལམ་ལུགས་སྲོལ་གཉིས་ནི་བོད་ཀྱི་རིག་གཞུང་དང་འདྲ་ས་ཧ་ཅང་མང་པོ་ཡོད་སྐོར་གསུངས་འདུག

ཧཱ་ཝའེ་ཡི་གཙུག་ལག་སློབ་གྲྭའི་སློབ་སྤྱི་ཝིར་ཇི་ནི་ཡ་ཧིན་ཤོ་ (Virginia Hinshaw) ལགས་དང་། ཧཱ་ཝ་ཡི་རང་སྐྱོང་སློབ་གྲྭའི་མཐུན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ (Robert Witt)ལགས་གཉིས་ཀྱིས་ཕེབས་བསུ་ལྟར། ཕྱི་ཚེས་ ༡༤ ཉིན་༸གོང་ས་མཆོག་གིས་གྲོང་ཁྱེར་མོ་ནུ་ཝར་ཡོད་པའི་ཧཱ་ཝའེ་ཡི་གཙུག་ལག་སློབ་གྲྭའི་ (University Of Hawaii) ཚོགས་ཁང་ནང་། ཁུལ་དེའི་དགེ་ལས་སློབ་ཕྲུག་སྟོང་ཕྲག་མང་པོར་༼ནང་སེམས་ཀྱི་ཤེས་ཡོན་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཏེ། “ མིའི་མི་ཚེ་ནི་རེ་བ་དང་དགའ་ཚོར་གྱི་ཐོག་བསྐྱལ་དགོས་པ་ཞིག་ཆགས་ཡོད་ཀྱང་། དགའ་ཚོར་ནི་གཟུགས་པོ་ཁོ་ནའི་སྟེང་ཡོང་ཐུབ་པ་ཞིག་མིན་ལ། གཟུགས་པོའི་ཐོག་སྡུག་བསྔལ་དང་ན་ཟུག་ཅི་འདྲ་མྱོང་དགོས་རུང་། སེམས་ལ་ཞི་བདེ་ཡོད་ན་རང་བཞིན་གྱིས་སེམས་ལ་འདོད་པ་ཁེངས་པའི་ཚོར་བ་ཞིག་ཡོང་ཐུབ་ཀྱི་རེད། མི་ཚང་མར་ཁེ་ཕན་འདྲ་མིན་སྣ་ཚོགས་ཡོད་སྟབས། སྐབས་རེར་ཕན་ཚུན་བར་བསམ་བློ་མི་མཐུན་པ་ཡོང་སྲིད་ཀྱི་རེད། མི་གཞན་གྱིས་སྐད་ཆ་ཅི་བཤད་ལ་གུས་བརྩིའི་ཐོག་ཉན་ཏེ་དྲང་བདེན་ཡིན་མིན་ལ་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་རེད། རང་ཉིད་ལ་དཀའ་ངལ་ཆེན་པོ་འཕྲད་པའམ། མི་གཞན་གྱིས་རང་ཉིད་ལ་སྐྱོན་བརྗོད་བྱེད་སྐབས་ནང་སེམས་ཀྱི་ཞི་བདེ་དེ་ནམ་ཡང་འདོར་རྒྱུ་ཡོད་པ་མ་རེད་ ” ཅེས་གསུངས་ཡོད་འདུག

གཙུག་ལག་སློབ་གྲྭ་དེར་གཏམ་བཤད་མ་གནང་གོང་༸གོང་ས་མཆོག་གིས་ཧཱ་ཝའེ་ཡི་བྷེ་ཤོ་ (Bishop Museum) འགྲེམས་སྟོན་ཁང་དུ་གཟིགས་སྐོར་དང་། ཁུལ་དེར་གནས་སྡོད་བོད་མི་ཚོར་དམིགས་བསལ་བཀའ་སློབ་དང་མཇལ་ཁ་བཅས་བསྩལ་ཡོད་འདུག བྷེ་ཤོ་འགྲེམས་སྟོན་ཁང་དུ་༸གོང་ས་མཆོག་ལ་ཁུལ་དེའི་སྲོལ་རྒྱུན་ཞྭ་མོ་ཞིག་སྒྲོན་འབུལ་ཞུས་སྐབས།༸གོང་ས་མཆོག་གིས་ཞྭ་མོ་དེ་ནི་བོད་ཀྱི་དགེ་འདུན་པའི་ཞྭ་མོ་དང་འདྲ་པོ་འདུག་སྐོར་གསུངས་ཏེ། “ ཞྭ་མོ་འདི་ངོས་ལ་ལག་རྟགས་སུ་སྤྲད་པ་དེས་ཧཱ་ཝའེ་ཡི་སྤྱི་ཚོགས་ཀྱིས་ངོས་ལ་དགའ་བསུའི་ངོས་འཛིན་བྱས་པ་མཚོན་གྱི་ཡོད་སྟབས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཧཱ་ཝའེ་ཡི་གནའ་བོའི་མི་རིགས་ཚོས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་རྒྱུན་འཛིན་བྱེད་ཐུབ་བྱུང་བ་འདི་ནི། ལྷོ་ཨ་རི་དང་ཡུ་རོབ་ཁུལ་གྱི་གདོད་མའི་མི་རིགས་ཁག་དང་གཅིག་པ་ཆགས་ཡོད་ལ། རྣམ་པ་འདི་བོད་མིའི་རིག་གཞུང་རྒྱུན་འཛིན་གྱི་འཐབ་རྩོད་དང་འདྲ་ས་མང་པོ་འདུག ཚན་རིག་ལག་རྩལ་ལས་གྲུབ་པའི་འཕྲུལ་ལས་ཡར་རྒྱས་ཀྱི་སྐབས་འདིར། ཨ་རི་དང་ཉི་ཧོང་ཤིན་ཊོའི་ (Shinto) ཆོས་ལུགས་སྨྲ་བ་ཚོས་རང་བྱུང་ཁམས་ཀྱི་སྐྱེ་དངོས་ལ་འབྲེལ་བ་བྱ་རྒྱུའི་གོམས་སྲོལ་དེ་གལ་ཆེན་པོ་ཆགས་ཡོད་ལ། གོམས་སྲོལ་དེས་ང་ཚོར་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ལས་ཁྱད་དུ་འཕགས་པ་མིན་པའི་དྲན་སྐུལ་གཏོང་གི་ཡོད། ང་ཚོའི་འཚོ་གནས་ནི་རང་བྱུང་ཁམས་ལ་བརྟེན་བསྡད་པ་ཞིག་རེད། ” གསུངས་འདུག

ཕྱི་ཚེས་ ༡༥ཉིན་༸གོང་ས་མཆོག་ཧཱ་ཝའེ་ཡི་གཙུག་ལག་སློབ་གྲྭའི་ནང་གོ་སྒྲིག་བྱས་པའི་༼དེང་དུས་སྤྱི་ཚོགས་ནང་གནའ་བོའི་མི་རིགས་ཀྱི་རྣམ་དཔྱོད་༽ཅེས་པའི་བགྲོ་གླེང་ལྷན་ཚོགས་སྟེང་མཉམ་ཞུགས་གནང་ཡོད་འདུག འདི་ནི་༸གོང་ས་མཆོག་གིས་ཨ་རིའི་ཧཱ་ཝ་ཡི་མངའ་སྡེའི་ནང་ཆིབས་བསྒྱུར་གནང་ཐེངས་བཞི་པ་དེ་ཆགས་ཡོད་འདུག ཆིབས་བསྒྱུུར་དང་པོ་དེ་ ༡༩༨༠ ལོར་གནང་ཡོད་པ་དང་། ༡༩༩༤ ལོར་ཆིབས་བསྒྱུར་ཐེངས་གཉིས་པ། ༢༠༠༧ ལོར་གསུམ་པ་བཅས་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

མཆན། 3

  1. བསྟན་འཛིན་བརྩོན་འགྲུས། says:
    ལོ་ 10 སྔོན།

    སྐྱབས་སུ་མཆི་་་་ཕྱག་འཚལ་ལོ། སྐུ་ཚེ་བར་ཆད་མེད་པར་སྨོན། མཛད་འཕྲིན་ཡར་ཟླ་བཞིན་རྒྱས་པར་ཤོག

    Reply
  2. མི་རྒོད། says:
    ལོ་ 10 སྔོན།

    ཧ་ཧ་ཧ་། ༧ འདུལ་བྱའི་དོན་དུ་འཕྲིན་ལས་སྣ་ཚོགས་པ།།
    ལས་ཅན་འགྲོ་བ་སྐྱོབ་པའི་ཉམས་སྣང་མཛད།།
    མ་རིག་སྟུགས་པོས་འགྲིབ་པའི་མུན་པ་རྣམས།།
    མྱུར་ཏུ་དག་ནས་རྗེས་སུ་བཟུང་བ་ཤོག།།
    ༧༧༧༧༧࿉།

    Reply
  3. ནད་པ says:
    ལོ་ 10 སྔོན།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར།།
    སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི།།
    འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན།།
    བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་གྱུར་ཅིག།

    ༸ རྒྱལ་བའི་ཡོངས་འཛིན་ཟུང་གིས་གསུང་།

    Reply

Leave a Reply to ནད་པ Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist