མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་ ༢༥༠ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་གཞུང་གིས་ཁམས་དཀར་མཛེས་ས་ཁུལ་ཟླ་ཐལ་མ་འབྲོ་སྡེའི་བོད་མི་ ༢༥༠ འཛིན་བཟུང་དང་། དེའི་ཁྲོད་ཀྱི་བོད་མི་ ༢༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་སུ་གནས་སྡོད་གྲྭ་ཐུབ་བསྟན་ཆོས་འཕེལ་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་ ༡༤ ཉིན་ཁམས་དཀར་མཛེས་ཁུལ་ཟླ་ཐལ་མ་འབྲོག་སྡེའི་བཀྲ་ལེགས་ཡུལ་ཚོའི་ནང་རྫོང་གི་ཉེན་རྟོག་པ་དང་དྲག་ཆས་དམག་མི་ ༣༠༠ ལྷག་འབྱོར་ཏེ། ཡུལ་ཚོའི་༼ཟླ་ཡུལ་མཐུན་སྒྲིལ་ཚོགས་པ་༽ཞེས་པས་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་ཡོད་ཚུལ་བཤད་དེ་ཚོགས་པ་དེ་བཙུགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ཚོགས་གཙོ་དོན་རྟོགས་གཙོས་བོད་མི་ ༢༥༠ འཛིན་བཟུང་བྱས་ཡོད་འདུག
སྐབས་དེར་བོད་མི་ཁག་ཅིག་གིས་ཉེན་རྟོག་པ་དང་དྲག་ཆས་དམག་མིའི་བྱེད་སྟངས་ལ་མི་འདོད་པའི་རྣམ་འགྱུར་བསྟན་སྟབས། དེར་ཡོད་མི་མང་ལ་གང་བྱུང་གཅར་རྡུང་ཚད་མེད་བྱས་ཏེ། བོད་མི་སྐྱ་ཆེན་དང་རྒྱལ་མཚན།   སྐྱ་གཙེས།   ཆོས་པོ།བསོད་རིན།  སྐྱ་ཐོ།  སྐྱ་རིས་བཅས་དང་། མིང་གསལ་བོ་མི་ཤེས་པའི་བོད་མི་ ༣ བཅས་བོད་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཏེ་སྨན་ཁང་དུ་བསྐྱལ་ཡོད་འདུག
ཕྱི་ཚེས་ ༡༥ ཉིན་བོད་མི་ ༢༠༠༠ ལྷག་འཛོམས་ཏེ་མུ་མཐུད་ངོ་རྒོལ་བྱས་མཐར། བོད་མི་མང་ཆེ་བ་ཀློད་གྲོལ་ཐོབ་ཡོད་ཀྱང་། བོད་མི་ ༣༣ བཀག་ཉར་བྱས་ཡོད་འདུག གནས་ཚུལ་དེ་བྱུང་རྗེས་རྒྱ་ནག་གཞུང་གིས་ས་གནས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ཡོངས་རྫོགས་བཀག་འགོག་དང་ས་གནས་མི་མང་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག
༼ཟླ་ཡུལ་མཐུན་སྒྲིལ་ཚོགས་པ༽ནི། ཕྱི་ལོ་ ༢༠༠༨ ལོར་ཟླ་ཐལ་མ་འབྲོག་སྡེའི་ཚོ་ཁག་བཅུ་གསུམ་གྱི་མི་སྣ་ཁག་ཅིག་མཉམ་རུབ་ཐོག་བཙུགས་པའི་ཚོགས་པ་ཞིག་ཡིན་འདུག་ལ། ད་ལྟའི་བར་ཚོགས་པ་དེས་སྡེ་བ་ཕན་ཚུན་འཆམ་མཐུན་དང་བོད་མི་ནང་ཁུལ་འཁྲུག་རྩོད་ཀྱི་རིགས་སོགས་བཀག་འགོག་དང་མི་མང་གི་མཐུན་སྒྲིལ་ལ་གཞོགས་འདེགས་བཅས་ཀྱི་ཐད་ཕྱག་ལས་གནང་ཡོད་འདུག
གསར་འགོད་པ།དོན་གོ

མཆན། 4

  1. མི་རྒོད། says:
    ལོ་ 10 སྔོན།

    ཉེ་དུས་བོད་ཀྱི་མདོ་སྟོད་བྲག་གཡབ་རྫོང་། འོ་འབོམ་ཤང་གི་ས་གནས་ཤིག་ཏུ་ནམ་མཁའ་ནས་ཡ་མཚན་ཅན་གྱི་དངོས་པོ་ཤིན་ཏུ་ཆེན་པོ་ཞིག་ལྷུག་སྟེ། རྒྱ་གཞུང་གི་ལས་སྣེ་ཚོས་གནས་ཚུལ་དེ་ཕྱིར་བསྒྲགས་བྱེད་མི་ཆོག་ཅེས་བཙན་བཀའ་ནན་པོ་བཏང་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གནས་ཚུལ་མཁོ་གཏོང་བ་བསྟན་འཛིན་བཟང་མོས་བཞུགས་སྒར་ནས་སྤེལ་བའི་གནས་ཚུལ་ཞིག་གསན་རོགས་གནང་། གསར་བསྒྱུར་འདི་འདྲ་ཤིག་འདུག་གང་ཡིན་བསམ་ཞིབ་གནང་དགོས་དྲ་བ་ཚོ།།

    Reply
  2. མི་རྒོད། says:
    ལོ་ 10 སྔོན།

    དེང་སྐབས་བོད་ས་གང་ནས་ཀྱང་འཐབ་རྩོད་ངོ་བོ་འདྲ་མིན་བྱེད་པ་རེད། ཡིན་ཡང་མང་པོ་ཞིག་འབྲེལ་འཐུད་བྱེད་མི་ཐུབ་པ་འདྲ་པོ་འདུག། དཔེར་ན། རྒྱལ་གཅེས་ཆོས་གཅེས་སློབ་གསོ་ཧ་ཅང་འདུག་པོ་སྟོད་དིང་རི་དང་། ཕ་དྲུག་ཞེས་པ་སྤེལ་བཞིན་པ་མ་ཟད་སྔར་དང་མི་འདྲ་བ་ལས་དོན་ཚོགས་ཆུང་དགོན་པར་སྡོད་ས་ཁ་པ་གསར་རྒྱག་བྱེད་བཞིན་ཡོད་པ་དང་། གྲོང་གསེབ་ནང་ལས་དོན་ཚོགས་ཆུང་བསྡད་ནས་ནས་མང་བསུན་གཙེ་བཟོ་བ་གོ་རྒྱུ་འདུག་ཡིན་ན་ཡང་ དེ་ཕྱོགས་ཀྱི་མི་དེ་ཚོ་ཨབ་རི་ཁ་ཕྱི་གླིང་ནས་ཡོང་བ་དང་ཁྱད་མེད་པས་ཧ་གོ་ན་ཁཁུ་སིམ་སིམ་རེད། ཡག་འདུག་གང་ཡིན་སྲོད་བྱ་འུག་པས་ཤེས་སྲིད་ཧ་ཧ་ཧ་་་་་

    Reply
  3. བསྟན འཛིན་ཆོས་རྒྱལ says:
    ལོ་ 10 སྔོན།

    བོད་པར་ཕན་ཚེ་རྒྱས་མེད་པ་བཟོ་ཡ་ཡིན་ཡིན་པ་རེད། ང་ཚོས་དེ་ཇི་བཞིན་ཕྱིར་སྟོན་གསལ་སྒྲོག་གིས་འཛམ་གླིང་མི་མང་གྲོགས་སུ་འགུག་ཐུབ་པ་ངེས་པར་ཏུ་བྱེད་དགོས་སོ།།

    Reply
  4. མིག says:
    ལོ་ 10 སྔོན།

    ཨ་ཧོ། འབྲོག་ཁུལ་ནི་དོན་ངོ་མར་རྒྱ་ནག་གི་དགྲ་བོར་གྱུར་འདུག

    Reply

Leave a Reply to མིག Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist