མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱའི་ཚོགས་ཆེན་འདར་གྱིན་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་དཔོན་རིགས་ནང་ཁུལ་རྩོད་རྙོག་ཤུགས་ཆེ་རུ་ཕྱིན་སྟབས། སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཕྱིར་འགྱངས་བྱ་རྒྱུར་བསྐྱར་དུ་གྲོས་བསྡུར་བྱེད་བཞིན་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༩ དང་ ༡༠ ཙམ་ལ་རྒྱ་གཞུང་གི་དཔོན་རིགས་གསར་རྙིང་བརྗེ་སྤོར་གྱི་འགག་རྩའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ཚོགས་གཏན་ཁེལ་ཡོད་ཀྱང་།  ཉེ་སྔོན་ཝང་ལི་ཅོན་དང་པའོ་ཞིས་ལའེ་གཙོས་རྒྱ་ནག་ཆབ་སྲིད་མི་སྣའི་ཁྲོད་འབར་གས་ལྟ་བུའི་དོན་རྐྱེན་རིམ་པར་བྱུང་རྗེས། རྒྱ་ནག་དམར་ཤོག་དཔོན་རིགས་ནང་ཁུལ་གྱི་དཔུང་ཁག་བར་དཔོན་རིགས་གསར་བ་འདེམས་སྒྲུག་དང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་འབོར་འཕར་ཆག་སོགས་ཀྱི་ཐད། ནང་ཁུལ་རྣོ་ངར་ལྡན་པའི་རྩོད་རྙོག་བྱུང་སྟེ་གཅིག་གྱུར་གྱི་གཏན་འབེབས་ཐག་གཅོད་གང་ཡང་མ་བྱུང་སྟབས། དམར་ཤོག་མཐོ་རིམ་དཔོན་རིགས་ནང་ཁུལ་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ཕྱིར་འགྱངས་ཐད་བསྐྱར་དུ་གྲོས་བསྡུར་བྱ་དགོས་བྱུང་ཡོད་འདུག  

ཟླ་འདིའི་ཕྱི་ཚེས་ ༩ ཉིན་རོ་ཌིར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་གཞུང་མཐོ་རིམ་དཔོན་རིགས་ཚོས་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་དེ་འདི་ལོའི་ཕྱི་ཟླ་ ༡༡ དང་། ཡང་ན་ལོ་རྗེས་མའི་ཕྱི་ཟླ་ ༡ བར་ཕྱིར་འགྱངས་བྱ་རྒྱུའི་ཐད་བསམ་བློ་གཏོང་བཞིན་ཡོད་འདུག   རྒྱ་གཞུང་གི་འདས་པའི་ཚོགས་ཆེན་རིམ་པ་ ༥ ནང་ནས། སྐབས་ ༢ ལ་ཚོགས་ཆེན་ཕྱིར་འགྱངས་བྱ་དགོས་བྱུང་ཡོད་པ་རེད།  

རྒྱ་གཞུང་གི་ཚོགས་ཆེན་ཕྱིར་འགྱངས་བྱ་དགོས་དོན་གཙོ་བོ་ནི། སྐབས་རྗེས་མིའི་རྒྱ་གཞུང་དཔོན་རིགས་གསར་པ་རྣམས་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཐོག་འདེམས་སྒྲུག་ཁྱབ་བསྒྲགས་བྱས་རྗེས། ལོ་རྗེས་མའི་ཕྱི་ཟླ་ ༣ པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གཞི་ནས་སྲིད་དབང་འཛིན་དགོས་སྟབས། བར་བརྒལ་གྱི་དུས་ཡུན་ཇེ་ཐུང་དུ་གཏོང་ཆེད་དང་། ཡང་ཕྱོགས་གཞན་ཞིག་ནས་ད་ལྟའི་དབང་འཛིན་དཔོན་རིགས་དག་གི་ལས་ཡུན་ཇེ་རིང་དུ་བཏང་སྟེ། མཐོ་རིམ་དཔོན་རིགས་ནང་ཁུལ་དུ་རྩོད་གཞིར་གྱུར་བའི་སྐབས་རྗེས་མའི་དཔོན་རིགས་གསར་འདེམས་ཐད་བསྐྱར་དུ་གྲོས་བསྡུར་གྱི་དུས་ཚོད་རག་ཆེད་ཡིན་འདུག 

དེང་སྐབས་ཧུའུ་ཡི་ཕྱོགས་གཏོགས་དཔོན་རིགས་དག་གིས་རྒྱ་གཞུང་གིས་ཆེས་མཐོའི་དབང་འཛིན་སྡེ་ཁག་སྟེ། ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་དགུའི་གྲངས་ཚད་ཉུང་འཕྲི་བྱས་ཏེ་མི་ ༧ བཟོ་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། ཅཱང་ཤོག་ཁག་གི་དཔོན་རིགས་ཚོས་མི་ ༡༡ ལ་འཕར་སྣོན་བྱ་དགོས་པའི་རྩོད་རྙོག་བྱུང་ཡོད་འདུག གཞན་ཡང་། ད་ལྟའི་ཆར་རྒྱ་ནག་དམར་གཞུང་གི་ཆེས་མཐོའི་གོ་གནས་སྲིད་འཛིན་དང་སྲིན་བློ་གཉིས་འདེམས་སྒྲུག་གཏན་འབེབས་ཟིན་ཡོད་པ་མ་གཏོགས། གཞན་པའི་ཆབ་སྲིད་ལྷན་ཁང་གི་ལས་གནས་རྣམས་ད་དུང་གཅིག་གྱུར་གྱི་འདེམས་སྒྲུག་གཏན་འབེབས་བྱ་ཐུབ་མེད་པར་ལྷག་ཡོད་འདུག 

གཞན་ཡང་། ཉེ་ཆར་རྒྱལ་སྤྱིའི་གནས་འཕྲིན་དྲ་རྒྱ་ཁག་ནང་། ད་ལྟའི་རྒྱ་གཞུང་ནི་དོན་གྱིས་དབུས་དམར་ཤོག་གཞུང་གཉིས་ཆགས་ཏེ་ནང་ཁུལ་ཁྱོ་ཤི་ང་གསོན་གྱི་ཆབ་སྲིད་བདག་དབང་འཕྲོག་རྩོད་རྙོག་འཛིང་ཁྲོད་ལྷུང་ཡོད་པ་དང་།  ཅཱང་ཤོག་ཁག་ལ་ཆབ་སྲིད་གནོན་ཤུགས་སྤྲོད་ཆེད་ཝུན་ཇ་པའོ་ཡིས་སྲིད་བློན་གྱི་ལས་གནས་ནས་རྩ་དགོངས་བྱ་འཆར་བྱས་ཡོད་སྐོར་སོགས་གླེང་སློང་སྣ་ཚོགས་ཁྱབ་ཡོད་པ་རེད།

གསར་འགྱུར་བརྒྱུད་ལམ་ཁག་གིས་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཕྱིར་འགྱངས་ཀྱི་གནས་ཚུལ་ཐད་རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་ལ་དོགས་འདྲི་བྱས་ཡོད་ཀྱང་།  རྒྱ་གཞུང་གིས་ལན་འདེབས་གསལ་བྱེད་གང་ཡང་བྱས་མེད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

 

མཆན། 3

  1. མི་རྒོད། says:
    ལོ་ 10 སྔོན།

    ཐོ་རེངས་གི་སྐད་ཐོ་རེངས་བརྒྱབ་པ་བརྟེན་གང་ཡིན་ཆ་མི་རྟོགས་ལ་སུ་ཡིན་དེ་བས་ག་ལ་རྟོགས།
    དེ་ཡང་བསྟན་བཅོས་ལས་་་
    ཤག་ཤག་བབས་པའི་ཆུ་ཀླུང་ལ།།
    བྱིས་པ་རྣམས་ཀྱང་བརྒལ་ཤིང་རྩེད།།

    Reply
  2. ཐོ་རེངས། says:
    ལོ་ 10 སྔོན།

    རྒྱ་ནག་རྒྱལ་ཁབ་ཆེན་མོ་དབུ་བརྙེས་ནས་ད་མ་ཐུག་གི་བར་ཏུ་རང་གི་ཆབ་སྲིད་བརྟན་པོ་བཟུང་པ་རེད། ད་དུང་མུ་མཐུད་ནས་འཛིན་ངེས་རེད། འགྱུར་བ་སོང་ནའང་ཡར་རྒྱས་ཞིག་མ་གཏོགས་གཞན་ཅི་ཡོད།
    དེ་མིན་བོད་པ་ཚང་གི་ནང་མཁོན་འབའ་ཞིག་བྱེད་ནས་སྡོད་རྒྱུ་འདི་ནི་དུས་མི་རིང་བར་རྒྱལ་ཁབ་དང་མི་རིགས་མེད་པར་ཆགས་པའི་སྔ་ལྟས་རེད།

    Reply
  3. ཡར་ཀླུང་ལྷ་རྗེ། says:
    ལོ་ 10 སྔོན།

    འདི་ནི་ང་ཚོ་བོད་པ་ཚང་ལ་བཟང་ངན་གང་ཞིག་ཡོང་མིན་དཔྱད་ཞིབ་བྱ་རྒྱུ་ནི་སྔ་བལྟས་ཞིག་ཡིན་རུང་མི་དགུ་འམ་བདུན་ཡང་ན་བཅུ་གཅིག་དང། ཧུའུ་དང་ཅང་སོགས་ག་ཚོད་ཀྱིས་ནང་ཁུལ་ཆབ་སྲིད་ལངས་ཕྱོགས་མི་མཐུན་བྱུང་བ་དེ་དག་སྐམ་ས་ཆེན་པོའི་མི་དམངས་དུང་ཕྱུང་གསུམ་པོ་མི་ཤེས་རུང་དེའི་ཕྱེད་ཙམ་གྱིས་ལེགས་ཉེས་ཀྱིས་གནས་ཚུལ་ཤེས་ནས་དེང་དུས་དམངས་གཙོའི་ལམ་ཕྱོགས་སུ་ཟུར་ཙམ་ཁ་ཡོད་དུ་འགྱུར་རྒྱུར་གོ་སྐབས་དང་བསྟུན་གནོན་ཤུགས་བྱུང་ན་ཞིག་ནས་བོད་པ་ཚང་ལ་རེ་བ་ཡོང་ངེས།

    Reply

Leave a Reply to མི་རྒོད། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist