མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་ཇིབ་ཀྱི་དམངས་གཙོའི་སྲིད་འཛིན་དང་པོ་བདམས་ཐོན་བྱུང་།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp


ལོ་ ༧༠༠༠ རྗེས་སུ་ཨི་ཇིབ་ནང་དམངས་གཙོའི་སྲིད་འཛིན་ཐོག་མ་
དེ་བདམས་ཐོན་བྱུང་སྟེ། ཨ་རབ་གླིང་གི་རྒྱལ་ཁབ་ཆེ་ཤོས་ཤིག་དམངས་གཙོའི་ཕྱོགས་སུ་སྐྱོད་པ་དེས་གླིང་དེར་ཤུགས་རྐྱེན་ཐེབས་ཐུབ་པར་ཨ་རི་གཙོས་ནུབ་ཕྱོགས་པས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཨི་ཇིབ་རྒྱལ་ཡོངས་འོས་བསྡུ་ལྷན་ཁང་གིས་ཕྱི་ཚེས་  ༡༧ ཉིན་གྱི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ཁྲོད། ཨི་ཇིབ་མཁའ་དམག་གི་དམག་དཔོན་དང་མཱུ་བྷ་རག་སྲིད་དབང་སྐབས་ཀྱི་སྲིད་བློན་ཤཱ་ཧྥེག་(Ahmed Shafiq) ལ་འོས་གྲངས་བརྒྱ་ཆ་ ༤༨ རག་དང་། ཁ་ཆེ་སྤུན་ཟླ་ཚོགས་པའི་(Muslim Brotherhood )འོས་མི་མཱོར་སེ་(Mohamed Morsi) ལ་འོས་གྲངས་བརྒྱ་ཆ་ ༥༢ རག་སྟེ། ཨི་ཇིབ་སྲིད་འཛིན་གྱི་རྒྱལ་ཁ་ཁོང་ལ་ཐོབ་ཡོད་པའི་ཁྱབ་བསྒྲགས་བྱས་པར། རྒྱལ་སྤྱིའི་ཆབ་སྲིད་མགོ་ཁྲིད་ཚོས་ཨི་ཇིབ་དམངས་གཙོའི་བཅོས་སྒྱུར་ལ་བསྔགས་བརྗོད་དང་སྲིད་འཛིན་གསར་པར་འཚམས་འདྲི་ཞུས་ཡོད་འདུག

སི་ཨན་ཨན་གསར་ཁང་གིས་ཨི་ཇིབ་མང་ཚོགས་ཀྱི་བསམ་ཚུལ་བསྡུས་སྐབས་ཌར་ཌེ་རེ་(Abdul MawgoudDardery) ཟེར་པ་ཞིག་གིས་ “ང་ཚོ་ཨི་ཇིབ་མི་མང་གིས་ལོ་ ༧༠༠༠ རིང་། དེ་རིང་གི་ཉིན་མོ་འདིར་སྒུག་བསྡད་པ་རེད། ང་ཚོའི་ལོ་རྒྱུས་ནང་ཐེངས་དང་པོར་ང་ཚོར་སོ་སོས་བདམས་པའི་སྲིད་འཛིན་ཞིག་བྱུང་ཡོད”ཅེས་བརྗོད་འདུག མཱོར་སེར་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་འཕྲལ་ཁ་ཆེ་སྤུན་ཟླ་ཚོགས་པའི་ཕྱོགས་གཏོགས་པ་སྟོང་ཕྲག་མང་པོ་རྒྱལ་ས་ཁཱའེ་རོ་(Cairo) གྲོང་ཁྱེར་ནང་ཐོན་ཏེ་དར་ཆ་བསྒྲེངས་པ་དང་མཱོར་སེ་ལ་རྒྱལ་སྐྱོར་མཚོན་པའི་སྐད་འབོད་སོགས་དགའ་སྟོན་གྱི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་མ་ཟད། དམག་མིའི་དབང་ཤུགས་མཇུག་སྒྲིལ་དགོས་པའི་འབོད་སྒྲའང་གང་སར་བསྒྲགས་ཡོད་འདུག

གཟའ་ཉི་མའི་ཉིན་གྱི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ཁྱབ་བསྒྲགས་མ་བྱས་གོང་ཨི་ཇིབ་གཞུང་གིས་བདེ་འཇགས་དམག་མི་གང་སར་འགྲེམས་འཇོག་བྱས་ཡོད་ཅིང་། སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ཐད་རྩོད་རྙོག་རིགས་བྱུང་ཚེ་དྲག་གནོན་བྱ་རྒྱུ་དང་། རྒྱལ་ཡོངས་ནང་མྱུར་སྐྱོབ་སྨན་སྤྱོད་རླངས་འཁོར་(ambulance) ༡༨༠༠ ལྷག་གྲ་སྒྲིག་བྱས་ཡོད་ཚུལ་ཡང་བརྗོད་འདུག སྐབས་དེར་ཡུལ་མི་དཀྱིས་མ་ཚོ་ཟིང་འཁྲུག་འབྱུང་པར་ཞེད་སྣང་གིས་ཁྱིམ་ནས་ཕྱིར་འཐོན་མེད་པ་དང་། དམག་འཐབ་གནམ་གྲུ་འགའ་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་སྐོར་བ་རྒྱག་བཞིན་བསྡད་ཡོད་འདུག

མཱོར་སེ་ལ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་རྗེས་ཁོང་གིས་གཏམ་བཤད་ཅིག་སྤེལ་ཏེ། ཁོང་གིས་རྒྱལ་ནང་དང་རྒྱལ་སྤྱིའིོ་གྲོས་དོན་ཚང་མར་བརྩི་འཇོག་བྱ་རྒྱུ་ཡིན་པ། དམིགས་བསལ་ཨི་ཇིབ་རྒྱལ་ནང་གི་བུད་མེད་དང་བྱིས་པའི་ཐོབ་ཐང་ལ་སྲུང་སྐྱོབ། དེ་བཞིན་ཁ་ཆེ་བ་དང་ཡེ་ཤུ་བའི་བར་དབྱེ་འབྱེད་མེད་པར་ལྟ་སྟངས་གཅིག་མཚུངས་འཛིན་རྒྱུའི་དམ་བཅའ། ཆོས་ལུགས་ཁག་དང་ཆབ་སྲིད་ཚོགས་ཁག མི་མང་བཅས་ཚང་མ་ཆིག་སྒྲིལ་འོག་ནུས་ཤུགས་མཉམ་དུ་སྤུངས་རྒྱུ་གལ་ཆེན་པོ་ཡིན་པ། རྒྱལ་ཁོངས་ཆིག་སྒྲིལ་བྱ་རྒྱུ་དེ་ཨི་ཇིབ་བསྐྱར་གསོ་ཐུབ་པའི་ལམ་ཁ་ཉག་ཅིག་ཡིན་པར་བརྗོད་ཡོད་པ་དང་། ཡང་ཁོང་གིས་ “ད་ལྟའི་དམག་དོན་ལྷན་ཁང་གིས་ཨི་ཇིབ་མི་མང་གི་འདོད་འདུན་ལ་བརྩི་བཀུར་བྱས་ཚེ་ང་ཚོ་ཚང་མས་མཉམ་ལས་བྱ་ཐུབ་ངེས། དེ་མིན་དམག་དོན་ལྷན་ཁང་(the Supreme Council of the Armed Forces  ) གིས་ད་ཆར་མུ་བྷ་རཱག་(Hosni Mubarak) གི་གནས་བབ་གང་འདྲ་ཡིན་མིན་གསལ་བོ་ཤེས་ཀྱི་ཡོད་ངེས”ཞེས་ཉེན་བརྡ་ཡང་བཏང་ཡོད།

མཱོར་སེ་ལ་སྲིད་འཛིན་ཐོབ་མ་ཐག་ཁ་ཆེ་སྤུན་ཟླ་ཚོགས་པ་ནས་དགོངས་ཞུ་བྱས་ཏེ་རང་ཉིད་ཚོགས་པ་དང་ལྟ་གྲུབ་བྱེ་བྲག་པ་གང་གི་ཤུགས་རྐྱེན་འོག་མ་སོང་པར་དམངས་གཙོ་དང་འདྲ་མཉམ། ཆིག་སྒྲིལ་བཅས་གཞི་རྩར་བཟུང་སྟེ་ཨི་ཇིབ་མང་ཚོགས་ཀྱི་ཚབ་མཚོན་རང་བཞིན་གྱི་སྲིད་འཛིན་ཞིག་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཏེ། “ང་ཚོ་ཁ་ཆེ་དང་ཡེ་ཤུ་གང་ཡིན་ཡང་ཚང་མ་ཨི་ཇིབ་པ་ཡིན་པས། རྒྱལ་ཁོངས་ཆིག་སྒྲིལ་ལ་རྒོལ་བའི་བྱ་སྤྱོད་ངན་པའི་རིགས་ལ་ང་ཚོ་མཉམ་འབྲེལ་གྱི་གདོང་ལེན་བྱ་དགོས་”ཞེས་གཏམ་བཤད་སྤེལ་ཡོད་ཀྱང་། ཆབ་སྲིད་དཔྱད་བརྗོད་པ་དག་གིས་མཱོར་སེ་ནི་ལོ་མང་པོའི་རིང་ནས་ཁ་ཆེ་སྤུན་ཟླ་ཚོགས་པའི་ཁོངས་མི་ཡིན་པ་མ་ཟད། སྲིད་འཛིན་འོས་བསྡུའི་སྤུན་ཟླ་ཚོགས་པའི་ལམ་སྟོན་ཆོག་མཆན་མེད་པར་མཱོར་སེ་རང་ངོས་ནས་ཐག་གཅོད་བྱས་མྱོང་མེད་པ་བཅས་ལ་བརྟེན། ཁོང་གི་སྲིད་ཇུས་འཛིན་ཕྱོགས་ཐོག་ཁ་ཆེ་སྤུན་ཟླ་ཚོགས་པའི་ཤུགས་རྐྱེན་མི་ཡོང་པའི་ངེས་པ་མེད་ཚུལ་གླེང་། ཁ་ཆེ་སྤུན་ཚོགས་པས་གཞུང་གི་རྩ་ཁྲིམས་ཁ་ཆེ་ཆོས་ལུགས་ཀྱི་དགོངས་དོན་གཞིར་བཟུང་གཏན་འབེབ་བྱ་རྒྱུར་རྩོད་ལེན་བྱེད་ཀྱི་ཡོད་འདུག

ཨི་ཇིབ་ནི་ཨ་རབ་གླིང་གི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཡིན་ཞིང་། འདས་པའི་ལོ་མང་རིང་ཨ་རིའི་གཞུང་གིས་ཨ་སྒོར་ཐེར་འབུམ་ ༡།༣ རོགས་དངུལ་སྤྲོད་བཞིན་ཡོད་འདུག ཨི་ཇིབ་ཀྱི་སྲིད་འཛིན་གསར་པ་ཁྱབ་བསྒྲགས་བྱས་ཉིན་ཨོ་བྷ་མས་ཁ་པར་བརྒྱུད་མཱོར་སེ་ལ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་ཨི་ཇིབ་ཀྱི་དམངས་གཙོའི་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱ་རྒྱུའི་དམ་བཅའ་ཡོད་ཚུལ་བརྗོད་ཡོད་ལ། ཕོ་བྲང་དཀར་པོས་བསྒྲགས་གཏམ་ཞིག་སྤེལ་ཏེ། ཨི་ཇིབ་ནི་ཨ་རབ་གླིང་གི་ཞི་བདེ་དར་སྤེལ་གྱི་ཀ་བ་ཞིག་བྱ་རྒྱུ། འབྱུང་འགྱུར་ཨི་ཇིབ་དམངས་གཙོའི་གཞུང་དང་ཨ་རི་ཕྱོགས་གཉིས་ཀྱིས་མཉམ་ལས་བྱ་དགོས་པ་བཅས་ཀྱི་སྐོར་བརྗོད་ཡོད་པ་རེད།

ཐེངས་འདིའི་ཨི་ཇིབ་དམངས་གཙོའི་སྲིད་འཛིན་འོས་འདེམ་དང་འབྲེལ་ཏེ་དུས་ཡུན་རིང་པོ་ནས་ཡོད་པའི་ཨི་ཇིབ་དང་ཨེ་ཛི་རལ་(Egupt-Israel) བར་གྱི་དམག་འཁྲུག་གང་འདྲ་ཆགས་མིན་ཐད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། སྲིད་འཛིན་གསར་པ་མཱོར་སེ་ཡིས་དེ་སྔོན་ཨེ་ཛི་རལ་གྱི་དཔོན་རིགས་ཚོ་ཁྲག་འཐུང་སྲིན་པོ་(Vampires) ཡིན་ཚུལ་བརྗོད་མྱོང་ཡོད་ཀྱང་། སྲིད་འཛིན་འོས་བསྡུའི་ཁྱབ་བསྒྲགས་སྐབས་ཁོང་གིས་ ༡༩༧༩ ལོར་ཨི་ཇིབ་དང་ཨེ་ཛི་རལ་བར་བཞག་པའི་ཞི་འགྲིག་ཆིངས་ཡིག་ལ་བརྩི་མཐོང་ཡོད་ཚུལ་ཡང་བརྗོད་ཡོད། སྲིད་འཛིན་རྒྱལ་ཁ་ཐོབ་རྗེས་ཨི་ཇིབ་དང་ཨེ་ཛི་རལ་གྱི་གནད་དོན་སྐོར་ལ་སྐད་ཆ་གང་ཡང་བཤད་མེད་ཀྱང་། མཱོར་སེ་ལ་སྲིད་འཛིན་རྒྱལ་ཁ་ཐོབ་འཕྲལ་ཨེ་ཛི་རལ་གྱི་སྲིད་བློན་བྷན་ཇཱ་མེན་(Benjamin Netanyahu) ཨི་ཇིབ་ཀྱི་དམངས་གཙོའི་འཕོ་འགྱུར་ལ་བསྔགས་བརྗོད་དང་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ལ་བརྩི་མཐོང་ཡོད་ཚུལ། ཨེ་ཛི་རལ་ངོས་ནས་རྒྱལ་ཁབ་གཉིས་བར་གྱི་ཞི་འགྲིག་ཆིངས་དོན་རྨང་གཞིར་བཟུང་སྟེ། ཨི་ཇིབ་གཞུང་དང་ཞི་འགྲིག་འབྲེལ་ལམ་རྒྱུན་འཁྱོང་གོང་འཕེལ་གཏོང་རྒྱུར་རེ་ལྟོས་བྱེད་ཀྱི་ཡོད་པ་དང་། དེ་ནི་ཕྱོགས་གཉིས་ཀྱི་མང་ཚོགས་ཚོའི་འདོད་མོས་དང་རྒྱལ་ཁོངས་བརྟན་བརླིང་ཡོང་ཐབས་ཤིག་ཡིན་པར་བརྗོད་འདུག

ལོ་སྔོན་མའི་ནང་ཨི་ཇིབ་མི་མང་གིས་གསར་བརྗེ་གྱེན་ལངས་བྱས་ཏེ་ལོ་ ༣༠ ལྷག་རིང་སྲིད་དབང་སྒེར་འཛིན་བྱེད་མཁན་མཱུ་བྷ་རཱག་(Hosni Mubarak) གནས་དབྱུང་བཏང་རྗེས་ཁོང་ཚེ་བཙོན་དུ་བཅུག་ཡོད། མཱུ་བྷ་རཱག་གི་སྲིད་དབང་ཤོར་རྗེས་སྐབས་དེའི་དམག་དོན་ལྷན་ཁང་གིས་བར་བརྒལ་གཞུང་བཟུང་སྟེ་དམངས་གཙོ་བཅོས་སྒྱུར་དང་རྩ་ཁྲིམས་གཏན་འབེབས། རྒྱལ་ཡོངས་འོས་བསྡུ་སོགས་ཀྱི་ལས་འགན་ཁུར་ཐོག དམངས་གཙོའི་གཞུང་གསར་པ་ཚུགས་རྗེས་དམག་དོན་ལྷན་ཁང་གིས་དབང་ཚད་ཡོངས་རྫོགས་གཞུང་གསར་པར་རྩིས་སྤྲོད་བྱ་རྒྱུ་བྱས་ཡོད་ཀྱང་། ད་ཆར་ཨི་ཇིབ་མི་མང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དོགས་གཞི་ཆེན་པོ་ཞིག་ཡོང་བཞིན་པ་ནི། དམག་དོན་ལྷན་ཁང་གིས་ཕྱི་ཚུལ་ནས་སྲིད་འཛིན་འོས་བསྡུ་བྱས་ཡོད་ཀྱང་། དབང་ཆ་གཙོ་བོ་ཁོ་ཚོའི་སྟངས་འཛིན་འོག་གནས་མིན་དེ་རེད།

ཨི་ཇིབ་རྒྱལ་ས་ཁཱའེ་རོ་(Cairo) ནང་ཡོད་པའི་ཨ་རིའི་གཙུག་ལག་སློབ་ཆེན་གྱི་ལོ་རྒྱུས་པ་ཧྥ་མཱེ་(Khaled Fahmy) ཡིས་སྔ་ལོའི་གསར་བརྗེ་གྱེན་ལངས་ཀྱིས་སྲིད་དབང་སྒེར་འཛིན་པ་མུ་བྷ་རཱག་གནས་དབྱུང་བཏང་རྗེས་ཨི་ཇིབ་མི་མང་གིས་མཐའ་མའི་རྒྱལ་ཁ་ཐོབ་སྟེ་གསར་བརྗེ་མཇུག་བསྒྲིལ་བ་རེད་བསམ་ཡོད་ཀྱང་། དངོས་ཡོད་སྟེང་གསར་བརྗེ་མཇུག་སྒྲིལ་རྒྱུར་ད་དུང་རྒྱང་ཐག་རིང་པ་དང་། ཨི་ཇིབ་མང་ཚོགས་ཀྱི་དགོས་འདུན་ལ་ད་སྔ་འདོད་བློ་ཁེངས་པའི་ལན་ཞིག་བྱུང་མེད་པ་མ་ཟད། འདི་ལོའི་ལོ་སྟོད་དུ་མི་མང་གིས་འོས་འདེམ་བྱས་པའི་གྲོས་ཚོགས་དེ་ཡང་དམག་དོན་ལྷན་ཁང་གིས་རྩ་གཏོར་བཏང་སྟེ། སྲིད་འཛིན་གསར་པ་འོས་འདེམ་བྱུང་རྗེས་སྲིད་འཛིན་གྱིས་གྲོས་ཚོགས་འཐུས་མིའི་འོས་བསྡུའི་དུས་ཚུགས་གཏན་འབེབས་དང་། གཞུང་གི་ལས་བྱེད་དང་གཞུང་ཚབ་བསྐོ་བཞག་གི་དབང་ཚད་ཡོད་ཚུལ་བསྒྲགས་ཀྱང་། ཁྲིམས་བཟོ་དང་ནོར་སྲིད་གཉིས་ཀྱི་དབང་ཤུགས་དམག་དོན་ལྷན་ཁང་གིས་བཟུང་ཡོད་པ་དེས། གཞུང་གི་འཛིན་སྐྱོང་ནུས་མེད་ཆགས་རྒྱུ་ཡིན་ཚུལ་བརྗོད་ཡོད།

དམག་དོན་ལྷན་ཁང་གི་བསྒྲགས་གཏམ་ཞིག་གི་ནང་གཞུང་གསར་པ་བསླེབ་རྗེས་དམག་དོན་སྐོར་གྱི་གནད་དོན་རིགས་ཡོངས་རྫོགས་དམག་དོན་ལྷན་ཁང་གིས་ཐག་གཅོད་བྱ་དགོས་པ་དང་། སྲིད་འཛིན་གྱིས་དམག་འཁྲུག་རྒྱག་རྒྱུ་ཁྱབ་བསྒྲགས་བྱ་ཆོག་ཀྱང་དེར་དམག་དོན་ལྷན་ཁང་གི་ཆོག་མཆན་འཐོབ་དགོས་པ་གསལ་ཡོད་འདུག

ཆབ་སྲིད་དཔྱད་བརྗོད་པ་ཚོས་སྲིད་འཛིན་འོས་བསྡུ་དེ་ཕྱི་ཚེས་ ༡༧ ཉིན་ཡོངས་སུ་གྲུབ་ཡོད་ཀྱང་དུས་ཐོག་གྲུབ་འབྲས་ཁྱབ་བསྒྲགས་མ་བྱས་པར་ཕྱིར་འགྱངས་བྱས་པ་ནི། དམག་དོན་ལྷན་ཁང་གིས་ཁོང་ཚོའི་ཕྱོགས་གཏོགས་འོས་མི་ཤཱ་ཧྥེག་སྲིད་འཛིན་དུ་བསླེབ་རྒྱུའི་ཇུས་ངན་འཐེན་པ་ཞིག་ཡིན་ཡང་། སྲིད་འཛིན་འོས་བསྡུ་གྲུབ་པའི་ཉིན་གཉིས་པར་ས་གནས་ཁག་གི་འོས་གྲངས་ཞིབ་བཤེར་བརྒྱུད་སྲིད་འཛིན་འོས་མི་སོ་སོའི་འོས་གྲངས་ཕྱིར་བསྒྲགས་དང་། ཁ་ཆེ་སྤུན་ཟླ་ཚོགས་པས་མཱོར་སེ་ལ་སྲིད་འཛིན་གྱི་རྒྱལ་ཐོབ་པའི་ཁྱབ་བསྒྲགས་སོགས་བྱས་རྗེས། ཨི་ཇིབ་མི་མང་གིས་འཕྲལ་དུ་བར་བརྒལ་དམག་མིའི་གཞུང་གིས་དབང་ཆ་མི་མང་གིས་འོས་འདེམས་བྱུང་པའི་སྲིད་འཛིན་ལ་རྩིས་སྤྲོད་བྱ་དགོས་པའི་ངོ་རྒོལ་ཤུགས་ཆེན་བྱས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་བཅས་ལ་རྟེན། མཐར་མཱོར་སེ་སྲིད་འཛིན་དུ་ཁྱབ་བསྒྲགས་བྱེད་དགོས་བྱུང་ཡོད་པར་གླེང་།

སྲིད་འཛིན་གསར་པ་མཱོར་སེའི་མདུན་དུ་ལྷག་པའི་དཀའ་ངལ་ཁག དམག་དོན་ལྷན་ཁང་གིས་སྲིད་འཛིན་ལ་དབང་ཆ་སྤྲོད་མིན་དང་། སྤྲོད་དགོས་བྱུང་ཡང་ཁོང་དང་མཉམ་འབྲེལ་བྱ་མིན། ཁོང་གི་ཁ་ཆེ་སྤུན་ཟླ་ཚོགས་པ་ནང་ཁུལ་དུའང་དམག་དོན་ལྷན་ཁང་ལ་ཉེ་བོ་བྱེད་མཁན་རིགས་གཅིག ཆོས་ལུགས་ཚང་མར་ལྟ་སྟངས་གཅིག་གྱུར་འཛིན་དགོས་པར་ཤུགས་གནོན་རྒྱག་མཁན་རིགས་གཅིག ཡང་ཁ་ཆེ་ཆོས་ལུགས་གཙོ་བོར་འཛིན་མཁན་གཡོན་ཕྱོགས་རིང་ལུགས་པ་སོགས་ཡོད་པ་མ་ཟད། ལྟ་བ་མཁྲེགས་འཛིན་ཅན་གྱི་ཁ་ཆེ་སྤུན་ཟླ་ཚོགས་པའི་མི་རབས་རྒན་པ་དང་གསར་བརྗེའི་བསམ་བློ་ཤུགས་ཆེན་ཡོད་པའི་མི་རབས་གསར་པ་གཉིས་ཀྱི་བར་ལྟ་བའི་འཁྱེར་ཕྱོགས་མ་མཐུན་པའི་འགལ་ཟླ་ཞིག་ཡོད་པ། ཡང་ཁོང་ཁ་ཆེ་སྤུན་ཟླ་ཚོགས་པ་ནས་དགོངས་ཞུ་བྱས་པ་ལྟར་གཞུང་གི་སྲིད་ཇུས་དང་རྩ་ཁྲིམས་གཏན་འབེབས་སོགས་ཀྱི་ནང་ཁ་ཆེ་སྤུན་ཟླ་ཚོགས་པའི་ལངས་ཕྱོགས་དང་ལྟ་གྲུབ་འོག་མ་སོང་ཚེ། ཁ་ཆེ་སྤུན་ཟླ་ཚོགས་པའི་གནོན་ཤུགས་ལ་གདོང་ལེན་བྱ་དགོས་པ། སྲིད་འཛིན་འོས་བསྡུའི་སྐབས་འོས་ཤོག་འཕེལ་མཁན་མི་མང་ས་ཡ་ ༢༥ ལྷག་ལས་ས་ཡ་ ༡༢ ལྷག་གིས་ཤཱ་ཧྥེག་ལ་འོས་འཕངས་པ་དེ་ཡང་རྒྱལ་ཁོངས་ཆིག་སྒྲིལ་ལ་འཕྲད་ངེས་པའི་དཀའ་ངལ་ཞིག་ཆགས་ངེས་ཡིན།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༨ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡༩ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 2

  1. ཉི་མ་རྒྱལ། says:
    ལོ་ 14 སྔོན།

    བརྟེན་འབྲེལ་ཞུ། རྒྱ་ནག་ལ་འདིལྟ་བུ་ཞིག་ཡོང་བར་སྨོན།

    Reply
  2. རོ་ལངས། says:
    ལོ་ 14 སྔོན།

    ཨེ་ཅེབ་མི་མངས་ལ་མཚམས་འདྲི་དང་། དམངས་གཙོ་དང་རང་དབང་། བདེན་པ་དག་རྣམ་པར་རྒྱལ་བའི་སྨོན་འདུན་ཤུགས་ཆེར་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese