མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འབར་བཞིན་པའི་བོད།

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཕྱི་དྲོར་ངྷ་སའི་བོད་སྨྱུག་མཐུན་ཚོགས་(Tibetwrites.org)ཀྱི་གོ་སྒྲིག་འོག མེག་ལོར་(Club House) ཞེས་པའི་གསོལ་མགྲོན་ཁང་དུ། བོད་མི་རང་ལུས་མེར་བསྲེགས་སྐོར་ཆེད་སྒྲིག་བྱས་ཡོད་པའི་རྒྱ་གར་དུས་དེབ་དབུ་འབྱེད་དང་བགྲོ་གླེང་འདུ་འཛོམས་ཤིག་གནང་སོང་། དེར་ཕྱི་རྒྱལ་བ་དང་བོད་མི་རྩོམ་པ་པོ་དང་སྲིད་དོན་པ། ལས་འགུལ་བ་བཅས་མི་ ༥༠ ཙམ་མཉམ་ཞུགས་ཐོག རྒྱ་གར་གྱི་དུས་དེབ་༼དཔྱད་གླེང་ (Seminar)༽ ཞེས་པ་དེའི་སྟེང་དབྱིན་ཡིག་ཐོག་བོད་མིའི་རང་ལུས་མེར་བསྲེགས་སྐོར་གྱི་རྩོམ་ཡིག་སྤེལ་མཁན་བོད་རིགས་རྩོམ་པ་པོ་ཁག་ཅིག་གིས། དུས་དེབ་ཏུ་སྤེལ་པའི་སོ་སོའི་རྩོམ་ཡིག་གི་བརྗོད་སྙིང་ངོ་སྤྲོད་དང་རྩོམ་ཡིག་སྒྲོག་སྦྱངས་གནང་སོང་།

འདུ་འཛོམས་ཀྱི་ཐོག་མར་བུ་ཆུང་བསོད་ནམས་ལགས་ཀྱིས་ངོ་སྤྲོད་གནང་པ་ལྟར་ན། རྒྱ་གར་གྱི་དུས་དེབ་དཔྱད་གླེང་ཞེས་པ་ནི་རྒྱ་གར་གྱི་ཤེས་ལྡན་མི་སྣས་དཔྱད་གླེང་རྩོམ་ཡིག་འགྲེམས་སྤེལ་བྱེད་སའི་དུས་དེབ་མིང་གྲངས་ཅན་ཞིག་དང་། དུས་དེབ་དེ་ ༡༩༥༩ ལོར་མགོ་བཙུགས་པ་ནས་ཟླ་རེའི་འདོན་སྤེལ་བྱས་ཏེ། རྒྱ་གར་དང་རྒྱལ་སྤྱིའི་གནད་དོན་རེར་དམིགས་སུ་བཀར་ནས་ཆེད་སྒྲིག་རྩོམ་ཡིག་སྤེལ་གྱི་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༤ འདོན་སྤེལ་གྱི་དམིགས་བཀར་ཆེད་སྒྲིག་བོད་མིའི་རང་ལུས་མེར་བསྲེགས་སྐོར་ཡིན་འདུག

ཐེངས་འདིའི་དཔྱད་གླེང་དུས་དེབ་ཀྱི་ཆེད་སྒྲིག་ཁ་བྱང་དུ་༼འབར་བཞིན་པའི་བོད་༽ཅེས་པའི་ནང་བོད་རིགས་རྩོམ་པ་པོ་ཁག་ཅིག་དང་ཕྱི་རྒྱལ་གྱི་རྩོམ་པ་པོ། རྒྱ་རིགས་རྩོམ་པ་པོ་བཅས་ཀྱིས་བོད་མིའི་རང་ལུས་མེར་བསྲེགས་དང་འབྲེལ་པའི་དཔྱད་རྩོམ་དང་། སྙན་ངག རང་ལུས་མེར་བསྲེགས་གནང་མཁན་ཚོའི་ཞལ་ཆེམས་སོགས་བཀོད་འདུག

དེ་རིང་གི་འདུ་འཛོམས་ཐོག་དཔྱད་གླེང་དུས་དེབ་སྟེང་རྩོམ་ཡིག་སྤེལ་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་། སྤྱི་འཐུས་ཟླ་སྒྲོན་ཤར་གླིང་ལགས། རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས། རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་བཅས་ཀྱིས་སོ་སོའི་རྩོམ་ཡིག་གི་བརྗོད་སྙིང་ངོ་སྤྲོད་དང་སྒྲོག་སྦྱངས་གནང་མཐར། ཚོགས་ཞུགས་པ་ཚོ་དང་ལྷན་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་སོང་།

༼ གནས་ཚུལ་རྒྱས་པ་བོད་ཀྱི་དུས་བབ་གསར་ཤོག་ཐོག་འགོད་རྒྱུ་ཡིན ༽

གསར་འགོད་པ། བནྡེ་སྐྱབས།

མཆན། 1

  1. བསེ་རུ། says:
    ལོ་ 9 སྔོན།

    ཚང་མར་བཀའ་དྲིན་ཆེ་ཞུ།
    རང་རང་ས་ནས་འཕག་འཚག་རེ་རྒྱག་དགོས་པ་ལས་འགན་རེད།
    ཇི་སྲིད་ཚེ་སྲོག་མ་འཇིག་གི་བར་དུ་དབུགས་གཏོང་ལེན་བྱེད་དགོས་པ་ལྟར།
    རང་དོན་རང་སྒྲུབ་དང་། རང་རིགས་རང་སྐྱོབ། རང་དཔེ་གཞན་སྟོན་གནང་རྒྱུ་ནི་གནད་ཀྱི་དམ་པའོ།།

    Reply

Leave a Reply to བསེ་རུ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist