ཁམས་འབའ་ཐང་དུ་མེར་བསྲེཊ།

དེ་རིང་ཕྱི་དྲོ་ཁམས་འབའ་ཐང་དུ་བཙུན་མ་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་འདུག དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༣།༠༠  ཡས་མས་སུ། འབའ་ཐང་རྫོང་འབའ་ཆོས་སྡེ་དགོན་པའི་ཉེ་འགྲམ་དུ་བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་།  དེ་མ་ཐག་དགོན་པར་སྐོར་བ་རྒྱག་མཁན་ཚོས་ཁོ་མོའི་ལུས་སྟེང་གི་མེ་བསད་རྗེས་སྨན་ཁང་དུ་འཁྱེར་ཡོད་འདུག དེའི་རྗེས་ཉེན་རྟོག་པ་དང་དམག་མི་མང་པོ་ཡོང་སྟེ་མི་མང་སྨན་ཁང་ཉེ་འཁྲིས་སུ་བཅར་བཅུག་མེད་པར་མ་ཟད། ད་ཆར་རྒྱ་གཞུང་གིས་འབའ་ཐང་རྫོང་གི་བརྒྱུད་ལམ་ལ་བཀག་སྡོམ་སྟངས་འཛིན་དང་། ས་གནས་མི་མང་གི་འགྲོ་སྡོད་ལ་དམ་དྲག་བྱེད་ཀྱི་ཡོད་སྟབས། རང་ལུས་མེར་བསྲེཊ་གནང་མཁན་གྱི་མིང་དང་ཞིབ་ཕྲའི་གནས་ཚུལ་མ་ཤེས་པར་ལྷག་ཡོད་འདུག   འདིའི་ཐད་གསར་འགོད་པས་ཁ་པར་བརྒྱུད་མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་སྐད་ཆ་དྲིས་པར་ཁོང་གིས། ” དེ་རིང་འབའ་ཐང་དུ་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་འདུག་པ་བདེན་པ་རེད། རང་ལུས་མེར་བསྲེཊ་གནང་མཁན་བཙུན་མ་ཞིག་རེད། ཡིན་ནའང་།  ད་ཆར་རྒྱ་གཞུང་གིས་ས་གནས་ཀྱི་ཁ་པར་དང་སྐད་འཕྲིན་བཅས་བརྒྱུད་ལམ་ཁག་ཡོངས་རྫོགས་ལ་བཀག་སྡོམ་བྱས་ཡོད་སྟབས། རང་ལུས་མེར་བསྲེཊ་གནང་མཁན་གྱི་མཚན་དང་ཞིབ་ཕྲའི་གནས་ཚུལ་ཤེས་ཀྱི་མི་འདུག ” ཅེས་བརྗོད་བྱུང་། གསར་འགོད་པ། དོན་གོ