རང་ལུས་མེར་བསྲེགས་གནང་།

ཁ་སང་སླར་ཡང་བོད་ཨ་མདོ་རྔ་པར་བོད་མི་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་འདུག མདང་ནུབ་གནས་ཚུལ་འབྱོར་བ་ལྟར་ན། ཁ་སང་བོད་ཨ་མདོ་རྔ་པ་ཁུལ་དུ་སླར་ཡང་བོད་མི་ཞིག་གིས་བོད་པའི་བདེན་དོན་འཐབ་རྩོད་ཆེད་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་བཏང་ཡོད་འདུག འདས་སོན་དང་དེའི་རྗེས་ཀྱི་གནས་ཚུལ་ལག་སོན་མ་བྱུང་ཡང་། གནས་ཚུལ་དང་ལྷན་དུ་པར་འགའ་ཐོན་གསལ་ལྟར་ན་གསོན་རེ་མེད་པའི་གནས་སྟངས་ཆགས་འདུག ཡང་བརྒྱུད་ལམ་གཞན་ཞིག་ཏུ་གནས་ཚུལ་ཐོན་པར། རང་ལུས་མེར་བསྲེགས་གནང་མཁན་ཁོང་གི་མིང་ལ་གནས་སྐྱབས་ཟེར་ཞིང་རྔ་སྟོད་ཨ་འདུས་ཡུལ་ཚོ་ནས་ཡིན་འདུག ཁོང་ཡག་མགོ་དགོན་པའི་གྲྭ་ཟུར་ཞིག་ཡིན་ཞིང་། ད་ཆར་ནང་དུ་སྐྱེས་དམན་དང་བུ་མོ་གཅིག་བཅས་ཡོད་འདུག  ཁོང་གིས་རང་ལུས་མེར་བསྲེགས་གནང་སྐབས་ “༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། པཎ་ཆེན་རིན་པོ་ཆེ་བཙོན་ནས་ཐར་དགོས།” ཞེས་འབོད་ཚིག་བསྒྲགས་ཡོད་པ་མ་ཟད། ཁོང་གིས་རང་ལུས་མེར་བསྲེགས་མ་གནང་སྔོན་ཙམ་ལ་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་སྐུ་པར་གཙོ་བོར་བྱས་ཏེ། མཐའ་ཁོར་དུ་ཁོ་རང་གི་ནང་མིའི་པར་བཅས་བཤམས་ཏེ།  དེའི་མདུན་དུ་མེ་ཏོག་དང་མཆོད་རྫས་འགའ་ཡང་བསྒྲིགས་ཡོད་འདུག ད་སྔ་ཁོང་གི་མིང་དང་ལོ། ས་གནས་དང་ནང་མིའི་གནས་ཚུལ་སོགས་ཀྱི་གནས་ཚུལ་ཁ་གསལ་རག་ཐུབ་མ་སོང་བས། གནས་ཚུལ་ཐོན་རིམ་བཞིན་ཇེ་རྒྱས་སུ་གཏོང་ངེས་ཡིན། ཐོན་རིམ་གཉིས་པ། རང་ལུས་མེར་བསྲེགས་གནང་མཁན་ཁོང་དེ་མ་ཐག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེའི་རྗེས་རྒྱ་གཞུང་ཉེན་རྟོག་པ་ཡོང་སྟེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག ཐོན་རིམ་གསུམ་པ། རྔ་པ་ཨ་འདུས་ཕྱོགས་ཀྱི་སྐད་འཕྲིན་ཚོགས་པ་ཞིག་ནས་གནས་ཚུལ་ཁ་གསལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་རང་ལུས་མེར་བསྲེགས་གནང་མཁན་ཁོང་ནི། རྔ་པ་ཨ་འདུས་རྒྱ་དས་སྡེ་བ་ནས་ཡིན་ཞིང་། དེ་སྔོན་ཨ་འདུས་དགོན་པར་གྲྭ་བ་བྱས་མྱོང་ཡོད་འདུག ཁོང་གི་ཕ་མིང་ལ་གནས་མོ་དང་། མ་མིང་ལ་དཀར་སྒྲེས་མ་ཞུ་བ་དང་ཕ་མ་གཉིས་སྔོན་མ་ནས་འདས་ཚར་ཡོད་འདུག མིང་སྲིང་ལྔ་ཡོད་པ་ལས་ཁོ་རང་གསུམ་པ་དེ་ཡིན་འདུག ཁོང་ད་ཆར་རང་ལོ་ ༤༥ ཡིན་པ་དང་རྔ་པ་རྫོང་དུ་ཀིརྟིའི་ལྷ་སྡེ་འགབ་མར་སོ་རུ་མའི་བུ་མོ་ཞིག་དང་མཉམ་དུ་བསྡད་ཡོད་ཅིང་། ཁོང་གཉིས་ལ་བུ་དང་བུ་མོ་ ༧ ཙམ་ཡོད་པ་ལས་ཆེ་བ་ཀུན་བཟང་རང་ལོ་ ༢༡ དང་ ཆུང་ཤོས་ནོར་བུ་རང་ལོ་ ༧ ཙམ་ཡིན་འདུག དམ་དཀར་ལགས་ཀྱིས་དེ་སྔོན་ནས་འཛམ་གླིང་ཞི་བདེ་དང་རྒྱལ་བའི་ཞབས་བརྟན་ཆེད་སྤྱིར་མི་ཡོངས་རྫོགས་དང་། སྒོས་བོད་མི་སུ་ཡིན་ལ་འཁྲུག་རྩོད་སོགས་མི་བྱེད་པའི་དམ་བཅའ་བཞག་ཡོད་པ་དང་། རྔ་པ་དགོན་ཁག་ཞེ་གཉིས་ཐུན་མོང་གིས་གནང་བཞིན་པའི་ཞི་བདེ་དཔུང་རྟགས་ཀྱང་ཐོབ་ཡོད་འདུག ཁ་སང་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་གྱི་སྔ་དྲོར་ཁོང་གིས་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་སྐུ་པར་བཤམས་ཤིང་། མདུན་དུ་ཡོན་ཆབ་སྲོགས་ཕུལ་རྗེས་རྔ་པ་རྫོང་ལྷ་སྡེ་འགབ་མའི་རང་ཁྱིམ་ར་བར་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། དེའི་རྗེས་སྐུ་ཕུང་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྱེར་བྱས་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་རྒྱ་གཞུང་ཉེན་རྟོག་པས་ཁོང་གི་སྤུན་གནས་གང་དང་། མག་པ་ཚེ་རིང་བསམ་འགྲུབ་གཉིས་ཀྱང་བཙན་ཁྲིད་འདྲི་གཅོད་བྱས་ཡོད་འདུག དམ་དཀར་ལགས་ཀྱི་སྐད་འཕྲིན་ཁང་བྱང་ལ་༼ཁ་བའི་དོན་གྲུབ།༽ཞེས་བཏགས་ཡོད་པ་དང་། ཁོང་ནམ་རྒྱུན་འཛམ་གླིང་ཞི་བདེ་དང་མི་རིགས་མཐུན་སྒྲིལ། … Continue reading རང་ལུས་མེར་བསྲེགས་གནང་།