རྡུལ་ཕྲན་མཚོན་ཆ་འགོག་རྒོལ་གྲོས་མོལ་ཚོགས་ཆེན་སྟེང་བྱང་ཀོ་རི་ཡའི་རྡུལ་ཕྲན་དང་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་བཅས་ཀྱི་ཐད་ལ་གྲོས་མཐུན་བྱུང་ཡོད་སྐོར་བརྗོད་འདུག
དེ་རིང་རྒྱ་ནག་ལྷོ་རྒྱུད་ནང་མོའི་གསར་ཤོག་ (scmp) ཅེས་པའི་སྟེང་། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་ཡིས་རེས་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ནང་ཚོགས་པའི་རྡུལ་ཕྲན་མཚོན་ཆ་གཏན་འགོག་བཞུགས་མོལ་ཚོགས་འདུའི་སྟེང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཀྱིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་བདག་དབང་རྩོད་གླེང་ཐད་གྲོས་མཐུན་བྱུང་ཡོད་ལུགས་བཤད་འདུག
རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་ཡིས། ཨ་རིའི་གཞུང་གིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་ཐད་ཐེ་གཏོགས་བྱེད་རྒྱུ་མིན་སྐོར་བརྗོད་ཡོད་སྟབས། ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ཐད་གནད་དོན་གང་ཡང་མེད་ལུགས་དང་། ད་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༨ ཉིན་གྱི་ཨ་རིའི་སྐབས་ ༥༨ པའི་སྲིད་འཛིན་འོས་འདེམས་རྗེས་སུ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཞི་བའི་ཐོག་ནས་མུ་མཐུད་ཡར་རྒྱས་འགྲོ་རྒྱུ་ཡིན་ཚུལ་སོགས་བཤད་ཅིང་། ཟླ་འདིའི་ཟླ་མགོར་རྒྱ་ནག་གིས་གལ་ཏེ་ཨ་རིའི་གཞུང་གིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་རང་དབང་གིས་འགྲུལ་སྐྱོད་དང་རྟོག་ཞིབ་བྱས་པ་ཡིན་ན། ཕྱོགས་གཉིས་བར་རྩོད་གཞི་ཆེ་རུ་འགྲོ་སྲིད་ལུགས་བཤད་ཡོད་པ་རེད།
གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བྷ་རུ་ནེ་དང་མ་ལེ་ཞི་ཡ། ཧྥེ་ལེ་ཕེན། ཝེ་ཋི་ནམ། ཐའེ་ཝན་སོགས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་བདག་དབང་རྩོད་གླེང་བྱེད་མིན་ལ་མ་བལྟས་པར། ལྷོ་རྒྱུད་མཚོ་ཁུལ་ཧྲིལ་བོ་རྒྱ་ནག་གི་མངའ་ཁུལ་ཡིན་ལུགས་བཤད་དེ་མཚོ་ཁུལ་དེ་དག་འཛུགས་སྐྲུན་དང་མཚོ་དམག་གི་རྟེན་གཞི་བཙུགས་ཡོད་པ་དང་། ལོ་རེ་བཞིན་མཚོ་ཁུལ་དེ་བརྒྱུད་ནས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་བར་ཨ་སྒོར་ཐེར་འབུམ་མང་པོའི་ཚོང་ཟོག་སྐྱེལ་འདྲེན་བྱེད་ཀྱི་ཡོད་སྟབས། ཨ་རིའི་དྲག་ཆས་དམག་དཔུང་གི་རམ་འདེགས་ལ་བརྟེན་ནས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་གླེང་ཕྱོགས་ལ་མི་འདོད་པའི་ཡ་ལན་སློག་གི་ཡོད་པ་དང་། ལྷག་པར་དུ་འདས་པའི་ཟླ་བ་འདི་དག་རིང་ཨ་རི་དང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མཉམ་འབྲེལ་དམག་དཔུང་གིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་དམག་སྦྱོང་བྱེད་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་གནས་ཚུལ་དེས་རྒྱ་ནག་གི་མཚོ་ཁུལ་བདག་དབང་ལ་གཏོར་བརླག་བཏང་བའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
གཞན། ད་རེབ་ཀྱི་བཞུགས་མོལ་ཚོགས་ཆེན་སྟེང་བྱང་ཀོ་རི་ཡའི་རྡུལ་ཕྲན་གསར་བཟོ་དང་ཚོད་ལྟ་གཏན་འགོག་བྱེད་ཐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་སྤྲད་པའི་དཔལ་འབྱོར་ཉེས་ཆད་ཐད་ཨ་རི་དང་ལྷོ་ཀོ་རི་ཡ། དེ་བཞིན་རྒྱ་ནག་སོགས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་གིས་མོས་མཐུན་བྱས་ཡོད་པ་དང་། བྱང་ཀོ་རི་ཡས་ཨ་རི་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་འགོག་རྒོལ་བྱེད་པའི་གནད་དོན་དེ་ནི་སྔོན་ཆད་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་ཀྱི་ལི་ཉེན་གྷ་ར་ཌི་ (Leningrad) དང་གྲང་དམག་གི་མེ་ཤུགས་འཕུར་མདེལ་རྩོད་གླེང་སྐབས་ཀྱི་ཁུ་བྷ་ (Cuba) དང་འདྲ་བོ་ཡོད་སྐོར་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།
ཨ་རྒྱ་གཉིས་བར་ལ་གྲོས་མཐུན་བྱུང་ཁག་པོ་རེད།
༡༽རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་རྙོག་དེ་དོན་མེད་བློས་གཏོང་བྱེད་ཀྱི་མ་རེད།ེ
༢༽ཨ་རིས་ཨ་རིའི་ནང་ཁྲིམས་འགལ་གྱི་སྡོད་པའི་རྒྱ་རིགས་ཁྲི་སུམ་ཅུ་ཙམ་རྒྱ་ནག་ནང་ཕྱིར་སློག་པར་འབད་བརྩོན་བྱེད་ཀྱི་ཡོད་ཀྱང།རྒྱ་ནག་གིས་ཕྱིར་སློག་པའི་རྒྱ་རིགས་དེ་ཚོའི་ནང་གནད་ཡོད་ཆབ་སྲིད་བཙོན་པ་དང་རྒྱལ་ཚོང་བ་མང་པོ་ཚུད་དགོས་པའི་ཆ་རྐྱེན་བཏོན་པས་གནད་དོན་དེ་ལྷག་བསྡད་ཡོད།
༣༽རྒྱ་ནག་གིས་སེ་རི་ཡའི་བྷ་ཤཱ་སྲིད་གཞུང་ལ་ལྐོག་ནས་ངན་ཇུས་དང་མཚོན་ཆ་མི་སྤྲོད་པར་གྲོས་མཐུན་ཡོང་གི་མ་རེད།
༤༽རྒྱ་ནག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་གནད་དོན་བེད་སྤྱོད་བྱས་ཏེ་ཨ་རིའི་ལག་ནས་དེང་རབས་འཕྲུལ་རིག་གི་ལག་རྩལ་དང་ཁེ་ཕན་ཁོ་ན་ལེན་པ་མ་གཏོགས་བྱང་ཀོ་རི་ཡ་ལ་དངོས་ཡོད་ཀྱིས་གནོན་ཤུགས་སྤྲོད་ཀྱི་མེད།
༥༽ཡ་ཡ་ཡ་དེ་ཙམ་་་་་་་་
གཟའ་འཁོར་སྔོན་མའི་གཟའ་ཉི་མ་ཉིན།འཇར་མན་གྱི་གསར་ཤོག་ཅིག་གི་སྟེང་པཱ་ནཱ་མཱ་ཡིག་ཆ་ཟེར་བ་ཞིག་བཏོན་ཡོད་པ་དང་།དེའི་ནང་འཛམ་གླིང་གི་མགོ་ཁྲིད་ཟུར་བ་དང་ད་ལྟའི་ལས་ཐོག་མགོ་ཁྲིད། འབྱོར་བདག་ཅན་ལ་སོགས་ཀྱིས་སོ་སོའི་སྲིད་གཞུང་ལ་དངུལ་གྱི་དཔྱ་ཁྲལ་མ་སྤྲད་པར་དངུལ་འབོར་ས་ཡ་མང་པོ་པཱ་ནཱ་མའི་དངུལ་ཁང་ནང་དུ་སྤས་སྐུང་གསོག་གཉེར་བྱས་ཡོད་པའི་སྐོར་གྱི་གསང་བའི་ཡིག་ཆ་ས་ཡ་བཅུ་གཅིག་ཕྱིར་ཤོར་ཡོད་པས་འཛམ་གླིང་གི་གསར་འགྱུར་ཁག་ནང་ཚ་ཚ་འུར་འུར་གླེང་སློང་བྱེད་ཀྱི་འདུག
གསང་བའི་ཡིག་ཆ་དེའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་ཤ་ཉེ་དང་ད་ལྟའི་དམར་ཤོག་སྲིད་གཞུང་གི་གོ་གནས་ཆེན་པོ་ཡོད་པའི་མགོ་ཁྲིད་ཁག་ཅིག་ཀྱང་ཚུད་ཡོད་འདུག རྒྱ་ནག་གཞུང་གིས་ད་ལྟའི་ཆར་གནས་ཚུལ་འདིའི་སྐོར་ལ་ཁ་གསལ་འགྲེལ་བརྗོད་གང་ཡང་བྱས་མེད་པ་མ་ཟད། རྒྱ་ནག་ནང་གི་དྲ་ལམ་ཁག་ནང་པཱ་ནཱ་མཱ་ཡིག་ཆ་ཟེར་བ་ཞིབ་བཤེར་བྱེད་པར་དམ་དྲགས་ཤུགས་ཆེན་བྱེད་བཞིན་ཡོད་འདུག
པཱ་ནཱ་མཱ་ཡིག་ཆ་འདི་ནི་འཛམ་གླིང་ནང་གི་དཔའ་འབྱོར་སྐོར་གྱི་གསང་བ་ཕྱི་ལ་ཤོར་བ་ཆེས་ཤོས་དང་ཐོག་མ་ཆགས་ཡོད་འདུག