ཕྱི་ལོ་ ༢༠༡༦ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ཁྲོད་བུ་མོ་བསྟན་འཛིན་སང་ཉི་ལགས་ལ་རྒྱལ་ཁ་ཐོབ་ཏེ་མཛངས་མའི་དབུ་རྒྱན་གཡོགས་སོང་།
མདང་དགོང་ཆུ་ཚོད་ ༧ སྟེང་བོད་ཀྱི་ཟློས་གར་ཁང་གི་རྩེད་ཐང་དུ་ཕྱི་ལོ་ ༢༠༡༦ ལོའི་བོད་ཀྱི་མཛངས་མའི་དངོས་གཞིའི་འགྲན་སྡུར་ཚོགས་ཏེ། འགྲན་ཞུགས་བུ་མོ་བཞིས་བོད་ཀྱི་ཐུན་མོང་མ་ཡིན་པའི་གྱོན་གོས་འགྲན་སྡུར་དང་དྲི་བ་དྲིས་ལན་སོགས་བརྒྱུད། མ་ན་ལེ་གཞིས་གྲོང་ནས་ཡིན་པའི་བུ་མོ་བསྟན་འཛིན་སང་ཉི་ལགས་ལ་ཨང་དང་པོའི་རྒྱལ་ཁ་ཐོབ་ཏེ་བོད་ཀྱི་མཛངས་མའི་དབུ་རྒྱན་དཀྲིས་ཡོད་པ་རེད།
རྟིང་རྩོད་འགྲན་སྡུར་གྱི་ཐོག་མར་བོད་ཀྱི་མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་བོད་ཀྱི་མཛངས་མའི་འགྲན་སྡུར་ལས་རིམ་དེ་སྔོན་ཆད་དང་བསྡུར་ན་དེང་སྐབས་ལྷ་མི་གཉིས་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་པ་དང་། ལྷག་པར་དུ་བོད་མིའི་སྐྱབས་མགོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་གྱི་སྐལ་བ་བཟང་བོ་ཐོབ་པ་བརྒྱུད། སྔོན་ཆད་བཀྲ་མ་ཤིས་པ་ནས་ད་ཆར་བཀྲ་ཤིས་པར་ཡོང་གི་ཡོད་སྐོར་དང་། བོད་ཀྱི་མཛངས་མའི་སྡིངས་ཆ་དེ་ལྟོས་ཚོད་ཀྱི་སྡིངས་ཆ་ཆུང་ཆུང་ཞིག་ཡིན་ནའང་། དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ཞིང་། བོད་ཀྱི་མཛངས་མའི་སྡིངས་ཆ་ཆུང་ཆུང་དེ་བརྒྱུད་ནས་བོད་ཀྱི་བུ་མོ་ཚོས་སོ་སོའི་འཇོ་སྒེག་དང་འཇོན་ནུས་སྟོན་པའི་འཚོལ་སྙེག་གསར་བ་ཞིག་སྐྲུན་བཞིན་ཡོད་པ་མ་ཟད། བོད་ཀྱི་བུ་མོ་ཚོ་འཛམ་གླིང་སྡིངས་ཆའི་སྟེང་སྐྱོད་དུས་རྒྱ་ནག་གཞུང་གིས་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པ་དཔེར་ན། རྒྱ་ནག་གཞུང་གིས་བོད་ཀྱི་མཛངས་མ་ཞེས་བརྗོད་ན་མི་ཆོག་པར་རྒྱ་ནག་བོད་ཀྱི་མཛངས་མ་ཞེས་བརྗོད་དགོས་ལུགས་བཤད་ཀྱི་ཡོད་པ་ལྟར། སྐབས་རེར་བོད་ཀྱི་བུ་མོ་ཚོ་རྒྱལ་སྤྱིའི་མཛངས་མའི་འགྲན་སྡུར་ནང་འཛུལ་ཞུགས་མ་ཐུབ་པའི་གནས་སྟངས་བྱུང་ཡོད་པ་དང་། མཚམས་རེར་བོད་ཀྱི་མཛངས་མའི་མིང་ཐོག་ནས་རྒྱལ་སྤྱིའི་མཛངས་མའི་འགྲན་སྡུར་ནང་མཉམ་ཞུགས་བྱས་ཡོད་སྐོར། དེ་བཞིན་བོད་ཀྱི་མཛངས་མ་ཞེས་པའི་སྡིངས་ཆ་ཆུང་ཆུང་འདི་བརྒྱུད་ནས་བོད་ཀྱི་བུ་མོ་ཚོ་རྒྱལ་སྤྱིའི་མཛངས་མའི་སྡིངས་ཆའི་སྟེང་བསྐྱོད་པའི་གོ་སྐབས་དང་འབྲེལ། བོད་དོན་ཁྱབ་བསྒྲགས་འགྲོ་བའི་གོ་སྐབས་སོགས་ཡོད་སྐོར་བརྗོད་སོང་།
ད་ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་པའི་བུ་མོ་བསྟན་འཛིན་སང་ཉི་ལགས་ཀྱིས་གསར་འགོད་པར་བརྗོད་དོན། བོད་ཀྱི་མཛངས་མ་ཞེས་པའི་སྡིངས་ཆ་འདི་བརྒྱུད་ནས་ངས་མ་འོངས་པར་བོད་ཀྱི་གཞོན་སྐྱེས་ཚོར་མིང་དོན་མཚུངས་པའི་མི་ཚེ་ཞིག་བསྐྱེལ་ཐབས་སུ་བློ་སྤོབས་བསྐྱེད་པ་དང་རྒྱལ་སྤྱིའི་སྡིངས་ཆའི་སྒང་དུ་བོད་དོན་དང་བོད་ཀྱི་ཆབ་སྲིད་རིག་གཞུང་སྐོར་ལ་གོ་རྟོགས་སྤེལ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།
ལོ་ན་ ༢༤ སོན་པའི་བུ་མོ་བསྟན་འཛིན་སང་ཉི་ལགས་ནི་མ་ན་ལེ་བོད་མིའི་གཞིས་གྲོང་ནས་ཡིན་ཞིང་། ད་ཆར་རྒྱལ་ས་ལྡི་ལིའི་ཇམ་ཡ་ཧམ་ཌར་ཌི་ (Jamia Hamdard) གཙུག་ལག་སློབ་ཆེན་དུ་ནད་གཡོག་མའི་སློབ་གཉེར་གནང་མུས་ཡིན་པ་རེད།
གསར་འགོད་པ། པདྨ་རྒྱལ།
ཉིས་སྟོང་བཅུ་དྲུག་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་སང་ཉིན་ལགས་ལ་ཐོགས་མར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ། མ་ཟད་གཞན་བུ་མོ་གཞན་པ་ཚོ་ཡང་སྤོད་པ་ཆེན་པོའི་ཐོགས་ནས་བོད་ཀྱི་བུ་མོ་ཞིག་ཡིན་དུས་རང་ཉིད་ཀྱི་ནུས་པ་ཕྱིར་ངོམས་ཐུབ་པར་དགའ་བསུ་ཡོད། འདི་ནི་བོད་མི་རིགས་ཤིག་ལ་མཚོན་ན་དགའ་འོས་པ་རེད་ལེ་ལོ་དང་ཞུམ་པ་མེད་པར་ཡ་རྒྱས་ལྡན་པའི་རྒྱལ་ཁབ་ནང་བཞིན་འགྲན་རྩོད་ནང་མཉམ་གཞུག་གནང་ཐུབ་པ་ཡི་རིངས་ཡོད། འདི་འདྲ་གནང་ན་ཡང་བོད་དོན་ཁྱབ་བསྒྲགས་གནང་གི་ཡོད་པ་རེད་དེ་འདྲ་སོང་ཙམ་བློ་བཟང་དབང་རྒྱལ་ལགས་ཐུགས་རྗེ་ཆེ་ཞུ། མ་མཐུད་དུ་ལས་འགུལ་འདི་སྤེལ་ཐུབ་ན་དགེ་མཚན་ལས་དགོས་པ་རྒྱ་ཆེན་འདུག་བསམ་ནས་ཡོད་ཚང་མ་བཀྲིས་བདེ་ལེགས་ཞུ།
ཐུགས་རྗེ་གཟིགས་བོད་ཡིག་འཕྲོ་བརླག་མ་གཏོང་། བོད་