ཚེ་ཁོ་ལཊ་ཀྱིས་རང་ལུས་མེར་བསྲེཊ་གནང་སྟེ་སྐུ་གྲོངས།
དེ་རིང་བོད་རྔ་བ་རྫོང་རྨེའུ་རུ་མ་ནས་ཡིན་པའི་བོད་མི་ཚེ་ཁོ་ཞུ་བ་ཞིག་གིས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག འདི་གར་རྨེའུ་དཀོན་རྒྱམ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཡས་མས་སུ། རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཐོག བོད་མི་ཚེ་ཁོའམ་ཡོངས་གྲགས་སུ་ཚེ་ཁོ་སྟུག་ཆག་ལགས་ཀྱིས། རྒྱ་གཞུང་གི་བཙན་གནོན་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག ཁོང་རྨེའུ་རུ་མའི་རུ་ཆེན་ལྔ་པ་ནས་ཡིན་ཞིང་། ད་ལྟ་ཕལ་ཆེར་དགུང་ལོ་ ༤༤ ཡིུན་པ་དང་། ཁོང་གི་ཁྱིམ་དུ་ཨ་མ་དང་བཟའ་ཟླ། ཕྲུ་གུ་བུ་མོ་གཉིས་བཅས་ཡོད་འདུག རྒྱུས་ཡོད་ཀྱིས་བཤད་ན་ཚེ་ཁོ་ལགས་དུས་རྒྱུན་བོད་དོན་ལ་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག ཕྱི་ལོ་ ༢༠༠༩ ལོ་ནས་ད་ལྟའི་བར་བོད་ནང་ནས་བོད་མི་ ༡༥༢ ལྷག་གིས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ཚེ་ཁོ་ལགས་ནི་ཕྱི་ལོ་ ༢༠༡༨ ལོར་ཕྱི་ཕྱོགས་སུ་འབྱོར་བའི་རང་ལུས་མེར་སྲེག་གནང་མཁན་དང་པོ་དེ་ཆགས་ཡོད་པ་རེད། གནས་ཚུལ་ཐོན་རིམ་གཉིས་པ། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༠༨ ལོར་ཚེ་ཁོ་ལགས་ཀྱི་ཕ་གཅིག་གི་སྤུན་གནམ་མཚོ་དགོན་གྱི་གྲྭ་ས་སྙིང་ལགས་བཙོན་ཁང་གི་མནར་གཅོད་འོག་ནད་གཅོང་ཆགས་ནས་གསོན་པའི་རེ་བ་མེད་པར་གྱུར་རྗེས་གློད་གྲོལ་ཙམ་བྱུང་ཡང་། དྲག་བསྐྱེད་མ་བྱུང་བར་ཟླ་བ་ཁ་ཤས་རྗེས་འདས་གྲོངས་སུ་གྱུར་ཡོད་པ་དང་། ཡང་ཕ་གཅིག་གི་སྤུན་སྐབས་དེའི་གནམ་མཚོ་དགོན་གྱི་དགེ་བསྐོས་ཡིན་པ་ཨོ་རྒྱན་རྒྱ་མཚོ་ལགས་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
Copy and paste this URL into your WordPress site to embed
Copy and paste this code into your site to embed