མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གཞུང་གི་མགྲིན་ཚབ་རླུང་འཕྲིན་ཁང་འཛུཊ་འཆར།

བོད་ཀྱི་དུས་བབ།
༢༠༡༨/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་རླུང་འཕྲིན་ཁང་དང་བྷི་བྷི་སི་ལྟ་བུའི་འཛམ་གླིང་ལ་ཁ་ཕྱོགས་པའི་རྒྱ་ནག་རླུང་འཕྲིན་ཁང་ཞེས་པའི་གསར་ཁང་ཆེན་མོ་ཞིག་འཛུགས་རྒྱུ་ཡིན་འདུག

ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་དམངས་ཆེན་དང་སྲིད་གྲོས་གཉིས་ཚོགས་རྗེས། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གཞུང་འབྲེལ་དབུས་བརྙན་འཕྲིན་(CCTV)གསར་ཁང་དང་། རྒྱ་ནག་མི་མང་ཀུན་ཁྱབ་རླུང་འཕྲིན་ལས་ཁང་ (China National Radio)། རྒྱ་ནག་རྒྱལ་སྤྱིའི་རླུང་འཕྲིན་ཁང་ (China Radio Internationa) ཟེར་བ་གསུམ་མཉམ་དུ་བསྡུས་ཏེ། འཛམ་གླིང་ལ་ཁ་ཕྱོགས་པའི་རྒྱ་ནག་རླུང་འཕྲིན་ཁང་(Voice of China )ཞེས་པ་ཞིག་འཛུགས་རྒྱུ་ཡིན་འདུག

རྒྱ་ནག་རླུང་འཕྲིན་ཁང་གསར་འཛུགས་ཆེད་མཉམ་དུ་བསྡུ་འཆར་ཡོད་པའི་དབུས་བརྙན་འཕྲིན་ཁང་ལ་ཁྱོན་ལས་མི་ ༡༠༠༠༠ དང་། དེའི་ནང་དུ་རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་ (China Global Television Network) ཡང་ཚུད་ཡོད་པ་དང་། དེ་བཞིན་རྒྱ་ནག་མི་མང་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་ཁྱོན་ལས་མི་༢༡༠༠ ལྷག་དང་། རྒྱ་ནག་རྒྱལ་སྤྱིའི་རླུང་འཕྲིན་ཁང་ལ་ཁྱོན་ལས་མི་༢༠༠༠ བཅས་རྒྱ་ནག་རླུང་འཕྲིན་ཁང་དེར་ཁྱོན་བསྡོམས་ལས་མི་ ༡༤༠༠༠ ལྷག་ཡོད་འདུག

རྒྱ་ནག་རླུང་འཕྲིན་ཁང་དེ་ཨ་རིའི་རླུང་འཕྲིན་ཁང་(Voice of America)དང་དབྱིན་ཡུལ་གྱི་བྷི་བྷི་སི་གསར་ཁང་(BBC) ལྟར། རྒྱལ་སྤྱིའི་ཐོག་ཡན་ལག་ཁང་མང་པོ་ཆེད་འཛུགས་ཀྱིས་ས་གནས་གསར་འགོད་པ་སྟོང་ཕྲག་མང་པོ་བསྡུ་འཆར་ཡོད་འདུག་ལ། གསར་ཁང་གི་ལས་རིམ་ཁག་ཆུ་ཚོད་ ༢༤ རིང་མཚམས་མི་ཆད་པར་སྐད་རིགས་མི་འདྲ་བ་མང་པོའི་ནང་རླུང་འཕྲིན་དང་། བརྙན་འཕྲིན་དྲ་རྒྱའི་བརྒྱུད་ལམ་ནས་ཞི་ཅིན་ཕིན་གྱིས་སྣེ་འཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པ་དྲིལ་བསྒྲགས་བྱེད་སའི་འཛམ་གླིང་གི་སྡིངས་ཆ་ཆེ་ཤོས་ཤིག་ཡིན་སྐོར་བསྒྲགས་ཡོད་པ་རེད།

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། རྒྱ་ནག་གིས་འཛམ་གླིང་ལ་ཁ་ཕྱོགས་པའི་གསར་ཁང་ཆེན་མོ་ཞིག་འཛུགས་དགོས་དོན་ནི་རྒྱ་ནག་གི་སྣང་བརྙན་རྒྱལ་སྤྱིའི་ཐོག་སྲུང་སྐྱོབ་བྱེད་ཐབས་དང་། རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱིས་གསར་གཏོད་བྱས་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནང་ཁྱབ་སྤེལ་གཏོང་ཐབས་ཤིག་ཆགས་ཀྱི་ཡོད་སྐོར་བརྗོད་ཀྱི་འདུག

རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གཞུང་འབྲེལ་གསར་ཁང་ཁག་ལ་ཨ་སྒོར་དུང་ཕྱུར་མང་པོ་བཏང་སྟེ། རྒྱལ་སྤྱིའི་རྒྱལ་ཁབ་མང་པོའི་ནང་ཐབས་ཇུས་ལྡན་པའི་ངང་ནས་སིམ་འཛུལ་བྱེད་ཐབས་དང་། གསར་ཁང་དེ་དག་ལ་བརྟེན་ནས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཏུ་རིག་གཞུང་ལྟེ་གནས་འཛུགས་ཐབས་དང་། གཞུང་འབྲེལ་སློབ་ཆེན་ཁག་ཏུ་རྒྱ་ནག་གི་སྲིད་ཇུས་བསྒྲགས་ཐབས་ལ་ཕྱོགས་ཡོངས་ནས་འབད་བརྩོན་བྱས་ཏེ་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་རེད།

ཕྱི་ལོ་༢༠༡༢ ལོར་ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བ་ནས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་དམ་དྲགས་ཤུགས་ཆེ་རུ་སོང་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོར་ཞི་ཅིན་ཕིན་རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་ལ་ལྟ་སྐོར་དུ་ཕྱིན་སྐབས། ཁོས་གསར་ཁང་ཁག་གིས་ངེས་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཁ་ལ་ཉན་དགོས་པ་དང་། རྒྱ་ནག་གཞུང་གི་བཀའ་འཁྲོལ་མེད་པར་གསར་ཁང་སྒེར་ངོས་ནས་གསར་འགྱུར་རིགས་དང་རིག་རྩལ་ལེ་ཚན་གང་ཡང་ཁྱབ་བསྒྲགས་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད།

རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་ཞེས་པའི་ཚོང་འབྲེལ་སྲིད་ཇུས་ཀྱིས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་དཔལ་འབྱོར་ཐབས་ཇུས་ཀྱི་དབང་དུ་བསྡུ་ཐབས་བྱེད་བཞིན་པ་ལྟར། ཨ་རི་དང་འཇར་མན། ཨོ་སི་ཊོ་ལི་ཡ། ཉི་ཧོང་སོགས་ཀྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཞེས་པའི་ཚོང་འབྲེལ་ལྐོག་ཇུས་འོག་ཕྱིའི་རྒྱལ་ཁབ་ཁག་གི་སྲིད་དབང་ལ་ལག་པ་འཆང་ཐབས་བྱེད་ཀྱིན་པའི་དོགས་གཞི་བསླངས་བ་མ་ཟད། ཚོང་ལས་མཉམ་འབྲེལ་ལ་མོས་མཐུན་མེད་པའི་རྣམ་འགྱུར་གང་འཚམ་ཞིག་བསྟན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 1

  1. Lobsang Wangdu says:
    ལོ་ 5 སྔོན།

    No VOC. VOD Voice of Dragon. རྒྱ་དམར་གྱི་འཛམ་གླིང་ལ་ བར་སྟོང་འབྲུག་སྒྲ་་་ རྒྱག་ཡ་རེད་འདུག་ག ཧོ་ཧོ་ ཟབ་ཟབ་བྱོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist