མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡང་རྒྱ་ནག་ལ་དགོངས་སེལ་ཞུས།

བོད་ཀྱི་དུས་བབ།
༢༠༡༩/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་རྒྱས་སྤྲོས་ཆེ་བའི་བཟོ་ཚོང་ཁང་ཆེ་ཤོས་ཤིག་གི་ས་ཁྲའི་སྟེང་ཐའེ་ཝན་རྒྱ་ནག་ལས་ལོགས་སུ་བཏོན་པར་སྐྱོན་བརྗོད་དྲག་པོ་བྱས་ཏེ་དགོངས་སེལ་བསྒྲགས་གཏམ་སྤེལ་དགོས་བྱུང་འདུགཁ་སང་འཇར་མན་གྱི་རྒྱས་སྤྲོས་ཆེ་བའི་ (Christian Dior) བཟོ་ལས་ཁང་གི་ལས་བྱེད་ཅིག་གིས། རྒྱ་ནག་གི་ཧང་ཀྲུའུ་ (Hangzhou) གྲོང་ཁྱེར་གྱི་ཀྲི་ཅང་ཀུང་ཧྲང་གཙུག་ལག་སློབ་གྲྭའི་ (Zhejiang Gongshang University) ནང་བཟོ་ཚོང་དེའི་ཡི་ལས་མི་བསྡུ་བའི་གཏམ་བཤད་བྱེད་སྐབས། བརྙན་ལམ་ནས་རྒྱ་ནག་གི་ས་ཁྲའི་ནང་ཐའེ་ཝན་ཚུད་མེད་པ་ཞིག་བསྟན་ཡོད་པ་དང་། བརྙན་དེ་རྒྱ་ནག་གི་ཝེ་པོ་ (Weibo) སྤྱི་ཚོགས་བརྒྱུད་ལམ་ཐོག་བཀྲམས་རྗེས། བཟོ་ཚོང་ཁང་དེར་སྐྱོན་བརྗོད་ཤུགས་ཆེན་བྱུང་བར་བརྟེན། དེ་རིང་ཞོགས་པའི་ཆུ་ཚོད་  ༢།༠༠ ཡོལ་ཙམ་ལ་བཟོ་ཚོང་ཁང་དེའི་ཧྲང་ཧེ་གྲོང་ཁྱེར་ནང་ཡོད་པའི་ཡན་ལག་ཁང་གིས་དགོངས་སེལ་བསྒྲགས་གཏམ་ཞིག་སྤྱི་ཚོགས་བརྒྱུད་ལམ་དུ་སྤེལ་དགོས་བྱུང་ཡོད་པ་དང་། བསྒྲགས་གཏམ་དེར་འཚོལ་བཤེར་བྱེད་མཁན་གྲངས་ས་ཡ་ ༡༠༠ ཙམ་བྱུང་ཡོད་འདུག

དགོངས་སེལ་བསྒྲགས་གཏམ་དེའི་ནང་། བཟོ་ཚོང་ཁང་འདིའི་ལས་བྱེད་ཅིག་གིས་ནོར་འཁྲུལ་ཅན་དང་ཕྱིན་ཅི་ལོག་པའི་ས་ཁྲ་སྤེལ་བར་སེམས་གཏིང་ནས་དགོངས་སེལ་དང་སྦྲགས། བཟོ་ཚོང་ཁང་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་བཀུར་དང་རྒྱུན་འཛིན། རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གཅིག་གྱུར་ལ་སྲུང་སྐྱོབ། དེ་བཞིན་རྒྱ་ནག་མི་མང་གི་སེམས་ཚོར་ལ་གཙུགས་ཆེན་བྱེད་ཀྱི་ཡོད། ཅེས་དེ་རིགས་ཀྱི་གནད་དོན་སླར་ཡང་མི་འབྱུང་བར་སྔོན་འགོག་བྱ་རྒྱུ་ཡིན་སྐོར་བཀོད་འདུག

རྒྱ་ནག་གཞུང་གིས་ཐའེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་མངའ་ཁོངས་ཤིག་ཡིན་པ་དང་། ཐའེ་ཝན་ལ་རྒྱལ་ཁབ་གཞན་དང་ཕྱི་འབྲེལ་གྱི་སྲིད་བྱུས་འཛིན་པའི་ཐོབ་ཐང་མེད་པ་བརྗོད་ཀྱི་ཡོད་ནའང་། ཐའེ་ཝན་གྱིས་དེ་ལ་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་མ་ཟད། རྒྱལ་སྤྱིའི་ཐོག་ཐའེ་ཝན་ལ་རྒྱལ་ཁབ་ཅིག་གི་ངོས་འཛིན་ཐོག་ད་ལྟ་ཕྱི་འབྲེལ་སྲིད་བྱུས་ཡོད་མཁན་རྒྱལ་ཁབ་ ༡༥ ཡོད་ལ། རྒྱ་ནག་གཞུང་གིས་བོད་དང་ཐའེ་ཝན་སོགས་རྒྱ་ནག་གི་མངའ་ཁོངས་ཡིན་པ་སྒྲུབ་ཆེད་ཐབས་བརྒྱ་ཇུས་སྟོང་གིས་རྒྱལ་སྤྱིའི་བཟོ་ཚོང་ཁང་དང་འགྲིམ་འགྲུལ་ཞབས་ཞུ་ཁང་སོགས་ལ་གནོན་ཤུགས་དང་སྡིགས་ར་བསྐུལ་ཏེ། རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་བྱེད་དུ་བཅུག་པ་ཐེངས་དང་པོ་མིན་པ་རེད། འདས་ལོར་ཨ་རིའི་མཁའ་འགྲུལ་ཁང་ཌེལ་ཊ་ (Delta) ཚོང་གཉེར་ཁང་དང་། རྒྱལ་སྤྱིའི་མ་རིའོ་ཏི་ (Marriott International) མགྲོན་ཁང་ལའང་གནད་དོན་དེའི་རྐྱེན་གྱིས་རྒྱ་ནག་གཞུང་མང་གིས་སྐྱོན་བརྗོད་དམ་དྲག་ཤུགས་ཆེན་བྱུང་རྗེས་དགོངས་སེལ་ཞུ་དགོས་འཁེལ་ཡོད་པ་རེད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༨ ནང་ཨི་ཊ་ལིའི་དཔེ་གསར་གྱོན་གོས་བཟོ་ཚོང་ཁང་ཝིར་སཱ་ཆི་ (Versace) ཡིས་ཇུས་འགོད་བྱས་པའི་སྟོད་ཐུང་ཞིག་གི་ཐོག  ཧོང་ཀོང་དང་མེ་ཁོ་གཉིས་རྒྱ་ནག་ལས་ཐ་དད་པའི་རྒྱལ་ཁབ་ཅིག་ཏུ་བཟོས་པར་བརྟེན། རྒྱ་ནག་གཞུང་མང་ནས་སྐྱོན་བརྗོད་དྲག་པོ་བྱས་ཏེ་དགོངས་སེལ་ཞུ་དགོས་བྱུང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

མཆན། 0

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 3 སྔོན།

    ཧཧཧ་ཁག་མེད་ཕྱི་རྒྱལ་གྱི་བཟོ་ཚོང་ཁག་དཔལ་འབྱོར་འཕེལ་རྒྱས་ཁོ་ནར་བསམ་བློ་བཏང་ནས་
    རང་གི་བཟོ་ཚོང་ཡར་རྒྱས་གཏོང་རྒྱུའི་བསམ་བློ་ལས་གཞན་གང་ཡང་མེད་པ་ནས་རྒྱ་ནག་གི་
    མི་འབོར་ལ་སྐྱབས་བཅོལ་ནས་སོ་སོའི་བཟོ་ཚོང་ཡར་རྒྱས་གཏོང་བཞིན་པ་དང་ད་ལྟ་བར་རྒྱ་མིའི་
    འཛམ་གླིང་ལ་ཚོང་གི་གནོན་ཤུགས་དང་དྲག་པོའི་སྟོབས་ཤུགས་ངོམས་ནས་འཛམ་གླིང་སྟེང་
    རྒྱ་ནག་རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཆགས་རྒྱུའི་རེ་སེམས་དེ་ནམ་ཡང་མི་འགྲུབ་པ་ནི་འཇིག་
    རྟེན་བཀོད་པ་པོའི་ལག་ཏུ་ཡོད་པ་ལས་རྒྱ་མིའི་ལག་ཏུ་མེད་པ་ནས་འཇིག་རྟེན་ཡོངས་རྫོགས་
    འཇིག་རྟེན་བཀོད་པ་པོའི་ལག་ཏུ་ཡོད་པ་ནས་འཇིག་རྟེན་འདི་ཡང་ནམ་ཞིག་འཇིག་རྒྱུ་ཡིན་
    པ་མངོན་སུམ་ཚད་མས་སྒྲུབ་པ་དེ་ཡང་ཤེས་པ་གྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist