མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁྲིམས་ཞིབ་པ་དང་ཚོགས་གཙོ་རྒྱུན་ལས་བྲོས་སོང་ན་སུས་འགན་འཁུར་དགོས།

བོད་ཀྱི་དུས་བབ།
༢༠༢༡/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

༼རྒྱལ་བོའི་ཁྲི་ཁ་མ་བརྟན་ན་རྒན་མོའི་ཉལ་ས་མི་བདེ། ༽

བནྡེ་སྐྱབས།

སྔ་ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་༡༡ ལ་ཉེས་ཆད་བཅད་ཁྲ་བཏང་པ་དང་ཉེ་སྔོན་སྤྱི་ལྷན་གྱིས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གྱི་གཞུང་འབྲེལ་གྲོས་ཆོད་བཞག་པའི་གནད་དོན་ལས་འཕྲོས་ཏེ། བཙན་བྱོལ་སྤྱི་ཚོགས་ཧྲིལ་བོ་ཡོམ་ཡོམ་དུ་སྒུལ་ཞིང་། ཡོད་ཚད་ཀྱི་ངག་ནས་སྨྲ་ཞིང་རྣ་ནས་ཐོས་པ་ནི་སུ་འགྲིག་གང་ནོར་དང་། བསྐྱར་གསོ། དགོངས་ཞུ། མང་གཙོའི་ཀ་བ་གཅིག་གི་རྐང་པ་བཅག་མིན་གྱི་གླེང་སློང་འདི་རེད།

མཁས་པའི་བཤད་ན་ཅི་ཡང་བདེན། སྙན་ངག་མཁན་ལ་ཅི་ཡང་རྒྱན། ཟེར་པའི་དཔེ་བཞིན། ཕྱོགས་གཉིས་ནས་བཅའ་ཁྲིམས་ལུངས་འདྲེན་གྱིས་སོ་སོས་འགྲེལ་བ་རེ་རྒྱག་གིན་པ་མ་ཟད། སྤྱི་དམངས་ཁྲོད་བཅའ་ཁྲིམས་ལ་རྒྱུས་མངའ་ཡོད་མེད་མང་པོ་ཞིག་གིས་རང་རང་གི་བསམ་བློའི་འཁྱེར་སོ་ལས་བྱུང་པའི་བྲག་ཅ་རེ་གང་སར་བརྡབ་ཀྱིན་པའི་མཚམས་འདིར། གོ་སྐབས་རང་ལུགས་པ་རེ་འགས་མང་ཚོགས་ཀྱི་ཚོར་ཤུགས་དང་བསྟུན་ཏེ་འཁྲབ་སྟོན་སྣ་ཚོགས་ཤིག་གི་ཟློས་གར་སྟོན་བཞིན་པ་ཡང་མངོན་གསལ་དུ་གྱུར་དང་འགྱུར་མུས་ཡིན།

ཐེངས་འདིར་བློ་གཟུར་བོས་དཔྱད་ཅིང་བརྟག་ན། ཕྱོགས་གཉིས་ཀར་གཞི་འཛིན་ས་མེད་པ་ཞིག་མ་རེད་ལ་ཚད་རྒལ་གྱི་ཆ་མེད་པ་དེ་བས་ཀྱང་མིན། བྱེད་འཛོལ་གྱི་རྐྱེན་རྩ་ནི་སྒེར་གཅོད་ཀྱི་ཆ་དང་འཁོན་ལན་གྱི་ཞེ། ཁྲིམས་སྒྲིག་ལ་རང་འགྲེལ་རྒྱག་པའི་ནོར་འཛོལ། དེ་བཞིན་བཅའ་ཁྲིམས་ལའང་དོན་གནད་འདི་རིགས་ཀྱི་ཐད་སྟོང་ཆ་ངེས་ཅན་རེ་ཡོད་པ་སོགས་ལ་ཐུག་ཡོད། དགེ་སློང་གི་སྡོམ་ཁྲིམས་༢༥༣ དང་དགེ་སློང་མའི་སྡོམ་ཁྲིམས་༣༦༤ དག་དུས་གཅིག་གདན་གཅིག་ཏུ་སྟོན་པའི་བཀའ་ལས་གྲུབ་པ་ཞིག་མ་ཡིན་པར། དཀའ་འཛོལ་རྒྱུ་རྐྱེན་སྣ་ཚོགས་འཕྲད་པའི་མུར་རིམ་བཞིན་ལེགས་བཅོས་དང་ཁ་སྐོང་བྱས་པ་ཇི་བཞིན། དེང་གི་རང་བཙན་རྒྱལ་ཁབ་དག་གི་རྩ་ཁྲིམས་ལའང་ཁ་སྐོང་སྒྱུར་བཅོས་ཀྱི་རིམ་པ་ལས་ཚགས་ཚུད་སྤུས་ལེགས་སུ་ཕྱིན་དང་འགྲོ་མུས་ཡིན་པ་ཀུན་ལ་གསལ་ངེས། དེ་ན་ང་ཚོའི་བཅའ་ཁྲིམས་ལའང་སྟོང་ཆ་ཁ་སྐོང་དང་ལེགས་བཅོས་བྱ་རྒྱུ་ནི་སྐབས་བབ་གཡོ་ཐབས་བྲལ་བའི་འགན་འཁྲི་ཡིན་པ་ལས། མཛུབ་མོ་ཕར་འཛུགས་ཚུར་འཛུགས་དང་དཀའ་རྙོག་ལས་བྲོས་འགྲོ་རྒྱུ་འདི་མ་རེད།

འཁྲུག་གཞི་དང་ཡ་མཚན་གྱི་གནས་གཅིག་ནི། ཁྲིམས་བཟོ་ལྷན་ཁང་དང་ཁྲིམས་ཞིབ་ཁང་སུ་ལ་བཅའ་ཁྲིམས་ཀྱིས་བསྐོས་པའི་ཁྲིམས་ལ་འགྲེལ་བཤད་རྒྱག་པའི་དབང་ཚད་ཡོད་མེད་ཀྱི་རྩོད་གླེང་འགྲོ་བཞིན་པའི་སྐབས་འདིར། གང་ཟག་བྱེ་བྲག་པ་ཞིག་བློ་བུར་དུ་ཐོན་ཏེ། དེ་གཉིས་ཀྱི་གཉའ་ལ་ཞོན་ནས་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་པའི་དབང་ཚད་འདི་གང་ནས་བྱུང་པ་རེད།

ད་དུང་གྲོས་ཚོགས་འཐུས་མིའི་མིང་འཛིན་པ་རེ་ཟུང་གིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་༣༩ པར་རྒྱུན་ལས་ནང་དང་གྲོས་ཚོགས་ར་བ་སོ་སོ་ནས་རྒྱབ་སྐྱོར་བྱས་ཟིན་རྗེས། ད་ཆར་ངོ་གདོང་གཉིས་པ་ཞིག་ཁྱེར་ནས་བཅའ་ཁྲིམས་ལ་འགྲེལ་བཤན་རྒྱག་མཁན་གང་ཟག་བྱེ་བྲག་པ་དེར་དགོངས་སེལ་ཞུ་པའི་འཐུས་མི་རིགས་དོན་དུ་ཁྲིམས་ཀྱི་དབང་སྒྱུར་ལས་གང་ཟག་གི་དབང་སྒྱུར་ལ་རྩ་འཛིན་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་ཏུ་ངོས་འཛིན་མི་བྱེད་རང་བྱེད་དུ་གྱུར་ཡོད་ལ། རྒྱུན་ལས་ནང་གྲོས་འཆར་དེར་ལག་པ་གནམ་ལ་བརྐྱངས་ནས་རྒྱབ་སྐྱོར་བྱེད་མཁན་ཞིག་གིས་གྲོས་ཚོགས་ར་བ་དང་སྤྱི་ཚོགས་ནང་ངོ་གདོང་གཞན་ཞིག་ཁུར་ཏེ་འཁྲབ་སྟོན་བྱེད་ཀྱིན་པ་འདི་ཚོ། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རྩ་བའི་ཁེ་ཕན་དང་ཁྲིམས་ལུགས་ཀྱི་འདུ་ཤེས་ལས་སྒེར་དོན་གོ་སྐབས་རྩ་བའི་རྩེ་མོར་འཇོག་མཁན་གྱི་གོ་སྐབས་རང་ལུགས་པ་དང་། གོ་སྐབས་རང་ལུགས་པའི་གཤིས་སྤྱོད་ཁྲོམ་བསྒྲགས་བྱས་པ་ཙམ་རེད།

ཡ་ང་བ་ཞིག་ནི། ཕྱོགས་གཅིག་ནས་ང་ཚོའི་མགོ་ཁྲིད་མི་སྣ་ཚོས་རྒྱལ་ཁབ་དང་མི་རིགས་ཀྱི་འདས་མ་ད་གསུམ་བཤད་ཅིང་། འགན་འཁྲི་དང་དམ་བཅའ་སྲོག་གིས་སྲུང་ཚུལ་བསྙད་ཀྱང་། དོན་དུ་ལབ་གླེང་གི་མི་ཁ་ཙམ་དང་གནོན་ཤུགས་ཀྱི་རྡོག་ཁྲིས་རེ་ཡང་འཁུར་མ་ཐུབ་པར་བྲོས་འགྲོ་བ་འདི་རེད།

སྦྲུལ་གྱི་མདུད་པ་སྦྲུལ་གྱིས་བཤིག་དགོས་ཏེ། ཚོགས་གཙོ་དང་ཁྲིམས་ཞིབ་པ་གསུམ་ནི་ཐོག་མ་ཉིད་ནས་ཐེངས་འདིའི་རྩོད་གླེང་གྲོས་ཆོད་སོགས་ཀྱི་མགོ་མཇུག་བར་གསུམ་དུ་ཚུད་ཡོད་ཅིང་། དང་ཐོག་ཇི་ལྟར་དཔའ་སྤོབས་ཀྱིས་ཡོང་བ་ཇི་བཞིན་བར་དུ་མི་ཁ་ཡི་རླུང་འཚུབ་རྒོད་རུང་། གནོན་ཤུགས་ཀྱི་རྡོག་ཁྲིས་ལྕི་ཡང་། དབང་ལྡན་མི་སྣའམ་བཅའ་ཁྲིམས་སོགས་གང་ན་ཆད་ལྷག་དང་ནོར་འཛོལ་བྱུང་ཡོད་ན་ས་བཤེར་ནས་རྡོ་ལྷང་ལ་འབུད་དུ་མཇུག་དགོས་ཤིང་། རང་གཞན་ཕྱོགས་གང་ན་ཐལ་དྲགས་པ་ཅི་ཡིན་ཡང་ཁྲིམས་ལུགས་རྩ་འཛིན་ཐོག དགོངས་སེལ་ཞུ་དགོས་ས་དང་ཉེས་ཆད་ཕོག་དགོས་ས། ཁ་སྐོང་སྒྱུར་བཅོས་བྱ་དགོས་ས་རེ་རེ་བཞིན་མཇུག་སྐྱོང་དགོས་པ་ནི་བོད་ཀྱི་རྩ་དོན་དང་སྒྲིག་འཛུགས་སྲ་བརྟན། བཅའ་ཁྲིམས་ལེགས་བཅོས་སོགས་གང་ཐད་ནས། ཁྲིམས་ཞིབ་པ་གསུམ་དང་ཚོགས་གཙོ། རྒྱུན་ལས་འཐུས་མི་སུ་ཡིན་རུང་དཀའ་རྙོག་ལས་བྲོས་འགྲོ་རྒྱུ་དེ་མ་ཡིན་པར་བབ་རླིངས་བརྟན་གསུམ་གྱིས་གནད་དོན་འདི་སེལ་ཐབས་ཀྱི་ཕྱོགས་སུ་ཡིད་གཉིས་ཐེ་ཚོམ་མེད་པར་བསྐྱོད་ནུས་པའི་ཆོད་སེམས་དང་སྤོབས་པ་དགོས། 

མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ། 

མཆན། 2

  1. འདིངས་དཔོན་ཚང་བསོད་ནམས། says:
    ལོ་ 1 སྔོན།

    ངོ་མ་ཟུར་བོར་གནས་པ་དོན་སྙིང་ཡོད་པའི་གཏམས་འདི་འདྲ་ང་ཚོའི་སྤྱི་ཚོགས་ནང་གང་མངས་འབྲི་མཁན་ཡོད་ན་གང་ཟག་གི་དབང་སྒྱར་འོག་ནས་ཐར་བའི་རེ་བ་འདུག་ཐུགས་རྗེ་ཆེ་བནྡེ་སྐྱབས་མུ་འཐུད་ནས་གང་མང་སྤེལ་རོགས།

    Reply
  2. དགེ་སྒྲུབ། says:
    ལོ་ 1 སྔོན།

    བོད་གཞུང་གི་ལས་བྱེད་རྣམ་པ་ཚོ། རང་གི་ལས་འགན་ལས་གཏན་ནས་བྲོས་བྱོལ་དུ་འགྲོ་མི་ཉན།
    སྤྱི་བའི་ལས་ཀ་མཐར་མ་ཕྱིན་བར་ཏུ་ཁྱོན་ནས་བྲོས་བྱོལ་བྱེད་མི་ཉན།
    འོག་གི་བཀའ་སློབ་འདི་ལ་བསམ་ཞིབ་ཡག་པོར་གྱིས།

    “ཐོག་ཇི་ལྟར་དཔའ་སྤོབས་ཀྱིས་ཡོང་བ་ཇི་བཞིན་བར་དུ་མི་ཁ་ཡི་རླུང་འཚུབ་རྒོད་རུང་། གནོན་ཤུགས་ཀྱི་རྡོག་ཁྲིས་ལྕི་ཡང་། དབང་ལྡན་མི་སྣའམ་བཅའ་ཁྲིམས་སོགས་གང་ན་ཆད་ལྷག་དང་ནོར་འཛོལ་བྱུང་ཡོད་ན་ས་བཤེར་ནས་རྡོ་ལྷང་ལ་འབུད་དུ་མཇུག་དགོས་ཤིང་། རང་གཞན་ཕྱོགས་གང་ན་ཐལ་དྲགས་པ་ཅི་ཡིན་ཡང་ཁྲིམས་ལུགས་རྩ་འཛིན་ཐོག དགོངས་སེལ་ཞུ་དགོས་ས་དང་ཉེས་ཆད་ཕོག་དགོས་ས། ཁ་སྐོང་སྒྱུར་བཅོས་བྱ་དགོས་ས་རེ་རེ་བཞིན་མཇུག་སྐྱོང་དགོས་པ་ནི་བོད་ཀྱི་རྩ་དོན་དང་སྒྲིག་འཛུགས་སྲ་བརྟན། བཅའ་ཁྲིམས་ལེགས་བཅོས་སོགས་གང་ཐད་ནས། ཁྲིམས་ཞིབ་པ་གསུམ་དང་ཚོགས་གཙོ། རྒྱུན་ལས་འཐུས་མི་སུ་ཡིན་རུང་དཀའ་རྙོག་ལས་བྲོས་འགྲོ་རྒྱུ་དེ་མ་ཡིན་པར་བབ་རླིངས་བརྟན་གསུམ་གྱིས་གནད་དོན་འདི་སེལ་ཐབས་ཀྱི་ཕྱོགས་སུ་ཡིད་གཉིས་ཐེ་ཚོམ་མེད་པར་བསྐྱོད་ནུས་པའི་ཆོད་སེམས་དང་སྤོབས་པ་དགོས། ”
    ཁོང་གི་བཀའ་སློབ་འདི་ལ་གོ་རྒྱུ་དངརིན་ཐང་འདུག

    Reply

Leave a Reply to དགེ་སྒྲུབ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist