མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕུ་ནུ་གཉིས་དང་ཁོང་གཉིས་ཀྱི་བོད་མི་རིགས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

གསར་འགོད་པ། དོན་གོ།

ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་རྣམ་པ། རྒྱ་ནག་གིས་ང་ཚོར་དངོས་གནས་བརྙས་བཅོས་ཚབས་ཆེན་དང་ཁྲིམས་མེད་ལུགས་མེད་བྱེད་བཞིན་ཡོད་པ་འདི་ཚང་མས་ཤེས་དགོས། ང་ཚོས་ཅིས་ཀྱང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རྒྱ་ནག་ལ་ངོ་རྒོལ་བྱ་དགོས་ཅེས་འདས་སོང་སྐེད་རི་ཉི་མ་གྲགས་པ་ལགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ལ་ཁ་ཆེམས་བཞག་ཡོད་འདུག


ཕྱི་ཚེས་ ༥ ཉིན་ང་རང་དུས་ལྟར་ལས་ཁུངས་སུ་བཅར་རྗེས་རང་གི་ཉིན་གཅིག་གི་བྱ་བའི་གོམས་སྲོལ་ལྟར་བཙན་བྱོལ་ནང་གི་དྲ་ཚིགས་གང་མང་ཞིག་བསྔོགས་པ་ཡིན་ལ།  དྲ་ལམ་ཁག་ཏུ་ཡོད་པ་ནི་ནམ་རྒྱུན་མི་རྣམས་ཀྱི་སྣ་ཐོས་དང་གོམས་ལོབས་སུ་གྱུར་བའི་༧གོང་ས་མཆོག་གི་མཛད་འཕྲིན་དང་གསར་འགོད་གསལ་བསྒྲགས། བགྲོ་གླེང་།  དུས་སྟོན་མཛད་སྒོ་སོགས་ལས་བོད་ནང་གི་བོད་མི་ཚོའི་བདེ་སྡུག་དང་འབྲེལ་བའི་གསར་འགྱུར་དང་ཁོར་ཡུག་འདིར་ཡོད་པའི་བཙན་བྱོལ་བོད་མི་ཚོའི་དཀའ་ངལ་དང་འབྲེལ་བའི་གསར་འགྱུར་མཐོང་ཁག་པར་གྱུར།  རང་ལ་རྒྱུན་ལྡན་གྱི་འགྲོ་ལུགས་ཤིག་ཡོད་པ་ལྟར་ཉིན་གྲངས་བཅུའི་ཉིན་ལྔ་དེར་སྤྱི་ཚོགས་ཁྲོད་ཀྱི་གསར་འགྱུར་ལ་ཉམས་ཞིབ་དང་རྒྱུས་ལོན་བྱ་རྒྱུ་དེ་ཡིན་སྟབས། ཉིན་དེར་ངས་པར་ཆས་དང་སྒྲ་ལེན་འཕྲུལ་ཆས་ཁུར་ཏེ་མེག་རྒན་དུ་ཕྱིན་པ་ཡིན། ཉིན་དེར་མེག་རྒན་གྱི་མི་དམངས་དང་ཁྲོམ་སྲང་གི་རྣམ་པ་དེ་ནམ་རྒྱུན་བཞིན་བྲེལ་འཚུབ་ཡོད་མདོག་གི་རྣམ་པའི་ཁྲོད་འདུག་ནའང་།  ཉེ་ཆར་ཁང་སྟོང་ལ་ལྷག་ཉེན་ཆེ་བའི་སྣེ་ལེན་ཁང་གི་སྒོ་འགྲམ་དུ་སྔོན་མ་དང་མི་འདྲ་བར་མི་མང་པོ་ཞིག་འཚང་ཁ་ཤིག་ཤིག་བྱེད་ཀྱིན་འདུག་ལ། གོ་ཚོད་ལ་བོད་ནས་མི་ ༤༠ ལྷག་འབྱོར་བའི་ཁྲོད་ནས་ ༡༥ གསོག་སྒར་སློབ་གྲྭར་གཏོང་གིན་ཡོད་ཚུལ་བརྗོད་བྱུང། ངས་ནམ་རྒྱུན་གྱི་འགྲོ་སྟངས་ལྟར་སྣེ་ལེན་ཁང་གི་ལས་བྱེད་ཟླ་བ་རྡོ་རྗེ་ལགས་སུ་སྐད་ཆ་དྲིས་པར། ཁོང་གིས་ང་ལ་ཉེ་ཆར་བོད་ནས་འབྱོར་བའི་ཆབ་སྲིད་བཙོན་པ་ཚེ་དཔལ་རྒྱལ་མཚན་ལགས་ངོ་སྤྲོད་གནང་བྱུང་།

ངེད་གཉིས་ཁོང་གི་ཉལ་ཁང་དུ་ཕྱིན་རྗེས་ཁོང་གིས་ང་ལ་བཙན་བྱོལ་དུ་ཡོང་དགོས་པའི་སྐོར་གྱི་བརྒྱུད་རིམ་འགྲེལ་བརྗོད་གནང་དོན།  ང་རང་བཙན་བྱོལ་དུ་ཡོང་བ་དེ་ཧ་ཅང་བཟོད་ཐབས་བྲལ་བའི་ན་ཟུག་དང་དཀའ་ངལ་ཞིག་གི་འོག་ཏུ་ཚུད་དེ་འདིར་ཡོང་བ་ཡིན།  གཙོ་བོ་དེ། ང་ལ་སྤུན་ཆུང་བ་ཞིག་ཡོད་ལ། ཁོང་སྔོན་མར་རྒྱ་གར་ཏུ་ཕྱིན་ཏེ་ལོ་མང་པོར་སློབ་གཉེར་བྱས་རྗེས་ཕྱིར་རྟའུ་ཉི་མ་མཚོ་དགོན་པར་ཞུགས་ཡོད། ཡིན་ནའང་། ཁོང་གིས་ཐེངས་མང་པོར་རྟའུ་གྲོང་བརྡལ་གྱི་དངུལ་ཁང་དང་སྲིད་གཞུང་གི་སྒོ་ཁ་སོགས་སུ་བོད་ནང་རང་དབང་མེད་པ་དང་། བོད་ལ་རང་བཙན་དགོས་ཞེས་པའི་ཡིག་ཆ་སྦྱར་བ་དང་རྗེས་སུ་ལྷ་ས་ནས་འཛིན་བཟུང་བྱས་རྗེས་ཕྱིར་རྒྱ་ནག་གི་བཙོན་ཁང་ཞིག་ཏུ་ཁྲིད་དེ་ཉིན་ ༦ རིང་གཅར་རྡུང་མནར་གཅོད་བྱས་ཏེ་རྐང་པ་གཉིས་འགྲོ་མི་ནུས་པར་བཏང་རྗེས་རྟའུ་སྤྱི་བདེ་ཉེན་རྟོག་རུ་ཁག་ལ་བསྐྱལ་བ་དང་། ཉིན་ ༡༥ ཙམ་འགོར་རྗེས་ཁོང་ལ་ལོ་ ༩ ཡི་ཁྲིམས་ཐག་བཅད་བྱུང།  ཁྲིམས་ཐག་བཅད་རྗེས་ཁོང་ཐེངས་མང་པོར་ན་བ་རེད། ན་ཐེངས་རེར་བཙོན་སྲུང་དམག་མིས་ང་ཚོར་སྐད་བཏང་སྟེ་བདག་པོ་རྒྱག་དགོས་ཚུལ་བཤད་པས་ང་ཚོས་ནམ་རྒྱུན་ལྟར་ཐེངས་རེར་རྒྱ་སྒོར་ ༥༠༠ དང་ ༡༠༠༠ རེ་སྤྲད་དེ་སྨན་བཅོས་ཐེངས་མང་བྱས་ཀྱང་ཅི་ཡང་ཕན་མ་སོང།

རྗེས་སུ་ང་ཚོས་སྨན་ཁང་གཞན་ཞིག་ཏུ་འཁྲིིད་ཆེད་ཐེངས་མང་པོར་བཙོན་ཁང་ལ་སྙན་ཞུ་ཕུལ་རྗེས་སྐོར་སྲུང་དམག་མི་གཉིས་རྗེས་འདེད་ཀྱིས་དར་རྩེ་མདོའི་བཙོན་ཁང་ནས་བརྟག་དཔྱད་བྱས་པ་ཡིན་ལ། ཕྱིར་བཙོན་ཁང་དུ་བཅུག་རྗེས་ཁོང་བཙོན་ཁང་ནས་བཀྲོངས་བ་དང་བེམ་པོ་ང་ཚོར་སྤྲད་བྱུང་།  སྐབས་དེའི་གནས་སྟངས་མཐའ་དག་ངའི་སེམས་ཀྱིས་མ་བཟོད་པར་ཐོག་མར་ལྷ་ས་ནས་ངའི་སྤུན་འཇུ་མཁན་གྱི་ཉེན་རྟོག་པ་ཡེ་ཤེས་ཟེར་བ་དེ་བཙལ་བ་ཡིན་ལ། ཁོ་ང་ཚོའི་ཕ་ཡུལ་ནས་ལྷ་སར་ཕྱིན་ཏེ་ངའི་སྤུན་ཆུང་བཟུང་བ་རེད། ངེད་གཉིས་ཐེངས་མང་པོར་འཛིང་རེས་བྱས་པ་དང་ངས་ཉེན་རྟོག་པའི་སྒོ་དང་སྒེའུ་ཁུང་སོགས་བཅག་པར་བརྟེན་ང་འཛིན་བཟུང་བྱ་རྒྱུ་ཡིན་ཚུལ་བརྗོད་བྱུང་། ཕ་མ་གཉིས་ཀྱིས་ང་ཕྱིར་འགྲོ་དགོས་ཚུལ་བཤད་སྟབས་ང་རང་ལྷ་སར་བྲོས་པ་ཡིན། དེ་ནས་བོད་ཀྱི་ས་ཁུལ་མང་པོར་ཕྱིན་ཏེ་གཞན་གྱི་རླངས་འཁོར་བསྐོར་ཏེ་འཚོ་བ་རོལ་ཐབས་ཙམ་ལས་ཕྱིར་རང་ཡུལ་ལ་འགྲོ་ས་མེད་པའི་གནས་སུ་བསྐྱལ་བ་དང་། སྔར་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༢ ཉིན་ང་མངའ་རིས་ནས་ལྷ་སར་ཐོན་པ་ཡིན་ལ། ཕྱི་ཚེས་ ༡༤ ཉིན་ལྷ་ས་ནས་ངོ་རྒོལ་སྐད་འབོད་ཁྲོད་ཞུགས་པར་དམག་མིས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས་པ་དང་། ངའི་མགོ་དང་ལག་པ་སོགས་ལ་རྨ་ཁ་ཆེན་པོ་བཟོས་པ་མ་ཟད། ང་རང་གང་དུ་སོང་བའི་གནས་སུ་རྗེས་འདེད་བྱས་ཏེ་འདུག་ཐབས་བྲལ་བས་ང་ལྐོག་ནས་ཡུལ་ལ་ཕྱིན་ཏེ་ཕ་མ་དང་བྱིས་པ་གཉིས་ལ་ཐུག་རྗེས་འདི་ལྟར་བྲོས་བྱོལ་ཏུ་ཡོང་བ་ཡིན། ཅེས་བརྗོད་བྱུང།

ཁོང་གི་མིག་མཐར་མཆི་མའི་ཁེངས་བཞིན་གནས་ཚུལ་མཐའ་དག་འགྲེལ་བརྗོད་གནང་བ་དང་མཉམ་དུ་ཁོང་གི་སྤུན་ཟླས་བཙོན་ཁང་ནས་༧གོང་ས་མཆོག་དང་བོད་མི་སྤུན་ཟླ་རྣམས་ལ་བཞག་པའི་ཁ་ཆེམས་ཡི་གེ་དང་སྤུན་ཟླ་འདས་གྲོངས་སུ་ཕྱིན་སྐབས་ཀྱི་པར་སོགས་ང་ལ་མཁོ་སྤྲོད་གནང་བྱུང་ལ།  ཡི་གེ་དེའི་ཁ་བྱང་ལ་༼རེ་འབོད་སྙིང་གི་ཐིག་ལེ༽ཞེས་བྲིས་ཡོད་པ་དང་། ཡི་གེའི་ནང་འདས་སོང་ཁོང་གིས་འདི་ལྟར་བྲིས་འདུག ༧གོང་ས་སྐྱབས་མགོན་རིན་པོ་ཆེ་གཙོ་བྱས་པའི་བོད་རིགས་སྤུན་ཟླ་རྣམ་པ། བདག་ནི་ཁམས་ཁུལ་རྟའུ་རྫོང་གི་བོད་རིགས་གཞོན་ནུ་ཞིག་ཡིན་ལ། མིང་ལ་སྐེད་རིའི་ཉི་མ་གྲགས་པ་ཟེར། དེ་ཡང་ཨ་བྲ་ཆུང་ཡང་གཟུགས་གཞི་ཚང་ཞེས་པའི་དཔེ་ལྟར། ང་རང་ཤེས་རིག་ཡོན་ཏན་ལ་མངའ་བརྙེས་པའི་མཁས་པ་ཆེན་མོ་ཞིག་མིན་ལ། སྟོབས་འབྱོར་ལྡན་པའི་གྲགས་ཅན་མི་སྣ་ཞིག་ཀྱང་གཏན་ནས་མིན་མོད། རང་མི་རིགས་ལ་དགའ་ཞེན་ཚད་མེད་ཡོད་མཁན་ཞིག་ཡིན་ཏེ། ངས་རྟག་པར་ད་ལྟ་རང་གི་མི་རིགས་འདི་རྗེས་ལུས་ཡང་ལུས་ཀྱི་གནས་སུ་ལུས་ཡོད་ཚུལ་དང་། རང་ཅག་དབང་བསྒྱུར་གྲལ་རིམ་གྱི་ཁ་འོག་ཏུ་ཐ་ན་རང་གི་སྐད་ཡིག་ཀྱང་སྤྱོད་དབང་མེད་པ་སོགས་འགྲོ་བ་མིའི་ཐོབ་ཐང་ངམ་ཆབ་སྲིད་ཀྱི་དབང་ཆ་ཅི་ཡང་མེད་པའི་གནས་ཚུལ་ལ་བརྟག་དཔྱད་ཡང་ཡང་བྱས་ལ། དུས་མཚུངས་སུ་ཡང་རང་རིགས་ཀྱི་མེས་པོ་གོང་མ་རྣམས་ཀྱིས་སྲིད་དབང་བཟང་ཚུལ་དང་རྒྱལ་ཁབ་བསྐྱངས་ཚུལ་སོགས་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་མཐའ་དག་ཁོང་དུ་ཆུད་པར་བྱས་ཏེ་ལུས་སྲོག་དེ་འདོར་དགོས་ན་ཡང་མི་རིགས་འདིའི་ཆེད་དུ་འདོར་ངེས་པའི་བློ་ཐག་རྦད་དེ་བཅད་པ་ཡིན། ཞེས་དང་།

དེ་ལྟར་ངས་བཅོས་མིན་སྙིང་ནས་བོད་རིགས་མི་དམངས་ལ་རང་དབང་ཡག་པོ་ཞིག་འཐོབ་རྒྱུ་སྟེ། བོད་རང་གི་རྒྱལ་ཁབ་ཅིག་འཛུགས་རྒྱུ་བྱུང་ན་ཅི་མ་རུང་སྙམ་སྟེ་ ༡༩༩༨ ལོའི་ཟླ་ ༤ པའི་ཚེས་ ༩ དང་། ༡༩༩༩ ལོའི་ཟླ་ ༡༡ པའི་ཚེས་ ༡༠ ཉིན།   ༡༩༩༩ ལོའི་ཟླ་ ༡༡ པའི་ཚེས་ ༡༩ ཉིན། ༡༩༩༩ ལོའི་ཟླ་ ༡༢ པའི་ཚེས་ ༦ ཉིན། ༡༩༩༩ ལོའི་ཟླ་ ༡༢ པའི་ཚེས་ ༢༩ ཉིན།  ༢༠༠༠ ལོའི་ཟླ་ ༡ པོའི་ཚེས་ ༧ ཉིན་བཅས་ལ་རྒྱ་མི་ཚང་མ་རང་གནས་སུ་ལོག་སྟེ་བོད་རང་བཙན་བྱེད་དུ་འཇུག་དགོས། ཞེས་སྦྱར་ཡིག་མང་པོ་བྲིས་ཏེ་རྫོང་ཐོག་གི་ཁང་སྣེ་དང་གྱང་ངོས་སུ་སྦྱར་བ་མ་ཟད། སྦྱར་ཡིག་གི་མཇུག་ཏུ་འབྲི་མཁན་རང་གི་མིང་ཡང་གསལ་བོར་བྲིས་པ་ཡིན། ཡིན་ན་ཡང། བསོད་ཟད་ངས་དོན་ཅི་ཡང་མ་འགྲུབ་པར་ཚེ་སྲོག་དམར་བོ་དེ་གདུག་རྩུབ་ཆེ་བའི་རྒྱ་ནག་པོར་འཆོར་ལ་ཉེ་སྟེ། དེ་ཡང་ན་ནིང་སྤྱི་ཟླ་ ༣ པའི་ཚེས་ ༢༢ ཉིན་ཁོ་བོ་ལྷ་ས་རུ་བསྡད་ཡོད་སྐབས་རྟའུ་རྫོང་གི་སྤྱི་བདེ་མི་སྣ་ ༤ ཐོན་ཏེ་དེ་མ་ཐག་ཏུ་འཛིན་བཟུང་བྱས་པ་དང་། དང་ཐོག་སྐད་ཆ་ཚིག་གཅིག་ཀྱང་མི་འདྲི་བར་ང་རང་རྔ་རྡུང་རྡུང་བྱས་ཏེ་ཁ་ཡང་གྲགས་མི་ཐུབ་པ་ཞིག་བྱས་ལ། ཟས་ཁམ་གང་དང་ཆུ་ཐིགས་པ་ཙམ་ཡང་མི་སྟེར་བར་གནམ་གྲུར་བཞག་སྟེ་ཁྲིན་ཏུའུ་ལ་ཁྲིད། ཁྲིན་ཏུའུ་ལ་འབྱོར་རྗེས་ཡང་རྒྱ་ནག་ཉེན་རྟོག་པ་ཁ་ཤས་ལ་རྡུང་དུ་བཅུག 

ཁོང་གིས་མུ་མཐུད་དུ་བརྗོད་དོན། བདུད་ནག་པོའི་སྐྱེ་བ་ཡིན་པའི་རྒྱ་ནག་པོ་ཚོས་ནི་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ང་རང་བརྡུང་སྟེ་འཆི་མ་གསོན་བྱས། སྐབས་དེར་ངའི་དྲན་པ་བརྒྱལ་སོང་ལ་ཕྱིར་དྲན་པ་སོས་དུས་མཚན་གྱི་ཆུ་ཚོད་ ༡༡ རེད་འདུག་ལ། ལུས་པོ་ཡོངས་རྫོགས་ན་ཞིང་གཟེར་ཏེ་འགུལ་སྐྱོད་བྱེད་མི་ཐུབ་པར་གྱུར་འདུག་པ་དང་། ལྷག་པར་དུ་རྐང་བ་ཆ་གཅིག་དེར་ཚོར་བ་གཏན་ནས་མི་འདུག  རྟའུ་ལ་འབྱོར་ནས་ཉིན་བཅུའི་རྗེས་སུ་ཁོ་བོར་གཞི་ནས་འདྲི་བརྩད་བྱས་བྱུང། འོན་ཏེ། ཟུག་གཟེར་གྱི་སྡུག་བསྔལ་དྲག་པོ་འབའ་ཞིག་མྱོང་བཞིན་ཡོད་པའི་བསོད་ཟད་ངས་སེམས་གཏིང་གི་འཆར་སྒོ་ཚང་མ་ཇི་མ་ཇི་བཞིན་དུ་བཤད་དེ་སྦྱར་ཡིག་བྲིས་ཚུལ་ཁས་བླངས་པ་ཡིན། དེར་བརྟེན་ན་ནིང་ཟླ་ ༡༠ བའི་ཚེས་ ༥ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ང་རང་བཙོན་ཁང་དུ་ལོ་ ༩ འདུག་དགོས་པའི་ཁྲིམས་ཐག་བཅད་ཡོད། འོན་ཀྱང། ད་ལྟ་ང་རང་ནད་ཀྱིས་མནར་ཏེ་ཟས་ཁམ་གང་ཡང་ཟ་མི་ཐུབ་པར་གྱུར་ལ། རྐང་བ་ཡ་གཅིག་ཀྱང་རྒྱ་ནག་པོས་ཞ་རུ་བཅུག་ཟིན་པས་ཡུན་རིང་མི་འགོར་པར་འཆི་ངེས་མོད། ཁོ་བོ་འཆི་རྒྱུར་མི་སྐྲག་ཐག་ཆོད་ཡིན། ད་ལྟ་ཚེ་སྲོག་གི་རྒྱུན་ཆད་རན་པའི་གདོང་དམར་བ་བདག་གིས་ཞང་བོ་ཇོ་བོ་སྐྱབས་ལ་བཤད་ནའང་འདྲ། བོད་རིགས་ཀྱི་ལ་རྒྱ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་བཤད་ནའང་འདྲ། རེ་བ་ནི་༧གོང་ས་སྐྱབས་མགོན་རིན་པོ་ཆེ་བརྒྱུད་ནས་རྒྱ་ནག་པས་བདག་དང་བདག་ལྟ་བུའི་བོད་རིགས་མི་དམངས་ལ་གདུག་རྩུབ་ཆེ་བའི་ཁྲིམས་ཆད་གཅོད་རྒྱུ་སོགས་བརྙས་བཅོས་བྱེད་བཞིན་ཡོད་པའི་གནས་ཚུལ་མཐའ་དག་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱེད་རོགས། ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་རྣམ་པ། རྒྱ་ནག་གིས་ང་ཚོར་དངོས་གནས་བརྙས་བཅོས་ཚབས་ཆེན་དང་ཁྲིམས་མེད་ལུགས་མེད་བྱེད་བཞིན་ཡོད་པ་འདི་ཚང་མས་ཤེས་དགོས། ང་ཚོས་ཅིས་ཀྱང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རྒྱ་ནག་ལ་ངོ་རྒོལ་བྱེད་དགོས། ཞེས་སྐེད་རི་ཉི་མ་གྲགས་པས། སྤྱི་ལོ་ ༢༠༠༡ ལོའི་ཟླ་ ༤ བའི་ཚེས་ ༡ ཉིན་ཅེས་གཞིས་བྱེས་བོད་མི་རྣམས་ལ་ཁ་ཆེམས་ཀྱི་ཡི་གེ་བཞག་སྟེ་ཁོ་བོ་མི་རིགས་འདིའི་བདེན་དོན་གྱི་ཆེད་དུ་ཚེ་ལས་འདས་སོང་བ་རེད།

རང་མི་རིགས་དང་རྒྱལ་ཁབ་ཀྱི་ཐོབ་ཐང་རྩོད་པར་ཆབ་སྲིད་ཀྱི་ནག་ཉེས་ཕོག་པའི་ཁམས་རྟའུ་ཉི་མ་མཚོ་དགོན་གྱི་གྲྭ་ཏྲེ་ཧོར་ཉི་མ་གྲགས་པ་ལགས།  ༡༩༩༠ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ལོ་གསུམ་རིང་ལ་སློབ་གཉེར་གནང་ཡོད་པ་དང་། ཕྱིས་སུ་ཕྱིར་ཉི་མཚོ་དགོན་དུ་ཕེབས་ནས་སློབ་གཉེར་མུ་མཐུད་གནང་མུས་ཡོད་ཀྱང། ས་གནས་རྒྱ་གཞུང་གིས་རྒྱུན་དུ་རྒྱ་གར་ནས་ཕེབས་མཁན་ཚོར་དོགས་ཟོན་དང་བསུན་གཙེར་བྱེད་བཞིན་ཡོད་པར་བརྟེན། རྗེས་སུ་ཁོང་གིས་སྦྱར་ཡིག་མང་པོ་བཀྲམས་པའི་དབང་གིས་ཁོང་ལ་ཁ་བྲལ་རིང་ལུགས་པའི་ཉེས་མིང་བཀལ་ཏེ་ལོ་ ༩ ཁྲིམས་ཆད་བཏང་ཡོད་ལ། ༢༠༠༣ ལོའི་ཟླ་ ༡༠ བའི་ཚེས་ ༢ ཉིན་གྱིང་སྔ་དྲོའི་ཆུ་ཚོད་ ༤ བའི་སྟེང་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༥ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༢༡ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 17

  1. སེམས་བཟང་། says:
    ལོ་ 17 སྔོན།

    ང་ཚོ་བོད་མི་རིགས་འདི། གཅིག་བྱས་ན་བློ་ཁོག་ཆེ་དྲགས་པ་ཡིན་འགྲོ་སྟེ། གཅིག་བྱས་ན་ལྐུགས་ཐག་ཆོད་འདུག །གོང་ས་སྐྱབས་མགོན་ཆེན་པོས་སྔ་ས་ནས། བསམ་ཕོད་པ། བཤད་ཕོད་པ། བྱེད་ཕོད་པ་བཅས་ཀྱི་ཐོག །དུས་ཤེས་པ་ཟེར་བ་ཞིག་ཀྱང་བསྣན་ཡོད། དེས་ན་ང་ཚོས་དུས་དང་མཐུན་པའི་ཐབས་ལམ་ཞིག་འཚོལ་སྒྲུབ་བྱ་དགོས་ཀྱི། ཧོལ་རྒྱུག་བྱས་པས་ག་ལ་ཕན། དངོས་ཡོད་གནས་ཚུལ་ལ་ད་ལྟའི་སྐབས་འདིར། རྒྱ་ནག་ནི། དམག་ཤུགས་དང་། རྒྱུ་སྟོབས། ཚོང་ལས་གང་ཐད་ནས་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བས་སྟུན་དགོས་པ་ཆགས་ཡོད་སྟབས། ང་ཚོས་ཕྱི་ལོགས་ནས་སྐད་ག་ཚད་བརྒྱབ་ནའང་ནུས་པ་ཐོན་ཐུབ་པ་ཁག་པོ་རེད། དེ་ལས་ད་ལྟའི་སྐབས་འདིར་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་ཤིང་མི་རིགས་དང་རིག་གཞུང་ལ་ཞེན་པ་དཀར་བའི་དཔའ་བོ་དཔའ་མོ་འདི་ཚོའི་སྲོག་མགོ་ཐོན་ཐབས་བྱེད་རྒྱུ་དེ་གལ་ཆེ་ཤོས་རེད།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སྐྱེ་བ་ཕོ་ཡིན་ཡང་། མིག་མཐའ་མཆི་མས་བཏང་སོང་། སེམས་པ་སྲ་མོ་ཞིག་ཡོད་བསམ་ཡང་། སྙི་མོར་གྱུར་སོང་། ང་ལ་ཉེ་རིང་མེད་བསམ་ཡང་། རྒྱ་ནག་པོའི་གཞུང་གི་རྒྱུགས་ཁྱི་དེ་དག་ལ་མནར་སྨིན་ཞིག་ད་ལྟ་མྱུར་དུ་འཁོར་ནའང་སྙམ་སོང་།

    Reply
  3. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    དཀོན་མཆོག་གི་མཁྱེན། མ་གཞི་ནས་དཀོན་མཆོག་ཁྱེད་རང་གི་མཁྱེན་གྱིན་ཡོད་དམ། དོན་དངོས་ཐོག་དཀོན་མཆོག་ཁྱོད་རང་ཡོད་ས་མ་རེད། དཀོན་མཆོག་གིས་ང་མགོ་བསྐོར་གཏོང་གིན་འདུག ངའི་གློ་སྙིང་འདར་གྱིན་འདར་གྱིན་ང་ཡང་ངུ་གིན་ཡོད། དཀོན་མཆོག་གསུམ་ངུ་གིན་ཡོད། ད་བྱུང་ན་འདྲ་མ་བྱུང་ན་འདྲ་ང་ཚོས་ཞི་དྲག་གཉིས་ཟུང་དུ་འབྲེལ་ནི་ཡར་ལངས་རན་འདུག ངའི་སྤུན་ཟླ་ཚོར་དེ་འདྲའི་ཚོད་མེད་རྡུང་རྡེག་ཤ་སྟག་གཏོང་དང་བཏང་དགོས་པ་ཅི་ཡིན་ནམ། ལུང་པ་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བར་ཡོད་པའི་བོད་རིགས་ཡོད་དོ་ཅོག་རྣམས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཡིད་གདུང་བའི་སྡུག་སྐད་རྒྱག་རོགས། འུ་ཐུག་པའི་སྨྲེ་སྔགས་སྒྲོག་རོགས།

    Reply
  4. བྱམས་རྒྱལ། says:
    ལོ་ 17 སྔོན།

    འདི་གར་ཕྷ་རན་སིའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་རྒྱལ་ས་པ་རི་སི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ལའང་གནང་ཉིན་ཟླ༡༢ཚེས་༡༠ཉིན་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སྲུང་བརྩི་ཞུ་རྒྱུ་ལགས་ན་ སྐབས་དེར་གུས་ཀྱང་རྒྱལ་གཅེས་དཔའ་བོ་འདས་པོའི་ཁ་ཆེམས་དེ་ཚོ་་དྲན་བཞིན་དུ་སྡུག་སྐད་རྒྱག་རྒྱུ་ཡིན་ལགས།
    གུས་ཁ་སྟབས་ལག་སྟབས་ཅི་ཡང་མེད་པའི་བླུན་པོ་ཞིག་ཡིན་པས་གཞན་ཅི་གང་འཇོན་གྱི་མི་འདུག་། དགོངས་དག་ཞུ།།

    Reply
  5. བྱམས་རྒྱལ། says:
    ལོ་ 17 སྔོན།

    ཧ་ཅང་ཚབས་ཆེན་ལས་ངན་འདི་མཐོང་དུས།།
    སྙིང་ཡང་འགས་ཅིང་ཡང་ནས་ཡང་དུ་བརྒྱལ།།
    ཀྱེ་མ་གཞིས་ལུས་སྤུན་ཟླའི་གཅེས་སྲོག་དེ།།
    རྒྱ་འདྲེ་དམར་པོས་ནམ་གཅོད་ཆ་མེད་རེད།།

    ༸གོང་ས་མཆོག་གིས་གསུངས།།
    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

    ཨོཾམཎེཔདྨེཧུྃ

    Reply
  6. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    དེ་རིང་གི་གསར་འགྱུར་འདི་ཀློག་དུས་་མིག་ཆུ་ལ་རང་དབང་མི་འདུག་བོད་ལ་ཡོད་པའིཤ་ཕྲག་གཅིག་པའི་བོད་རིགས་རྣམས་ཀྱི་ཚེ་སྲོག་སྐྱབས་མ་ཐུབ་པ་བློ་ཕམ་ཆེན་པོ་ཡོད།
    རྟའུ་ཉི་མ་གྲགས་པ་མཆོག་གིས་ང་ཚོར་བཞག་པའི་ཁས་ཆེན་དེ་སུད་སི་བོད་རོགས་མི་དམངས་ཀྱིས་ཕྱི་ཟླ༡༢ཚེས་༡༠ཉིན་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཡོད་སར་རྗི་ནེས་ཝ་གྲོང་ཁྱེར་ནང་དུ་སྡུག་སྐད་འབོད་སྐབས་སུ་ང་ཅོ་རིས་སྡུག་འབོད་བྱ་རྒྱུ་ཡིན།
    བོད་ལ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་ཚེ་སྲོག་སྐྱབས་མ་ཐུབ་པ་དེར་ང་ཅོ་རིས་དགོངས་དག་ཞུ་རྒྱུ་དང་མ་འོང་ཚེ་སྲོག་ལ་བདག་གཅེས་གནང་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།
    སྐྱིད་སྡུག་མཉམ་མྱོང་གིས་རྒྱལ་ཁ་ཐོབ་པ་ཤོག
    སྡོམ་རྩ་གཅིག་སྒྲིལ་གྱིས་ནུབ་པ་ཐོན་པ་ཤོག
    དགྲ་དམར་པོ་སྟོབས་ཤུགས་ཉམ་པ་ཤོག
    བོད་མི་རིགས་རྒྱལ་ཁ་ཐོབ་པ་ཤོག

    Reply
  7. གུང་རུ་འབྱོར་མཆོག says:
    ལོ་ 17 སྔོན།

    བོད་མི་རིགས་ཀྱི་བདེ་སྡུག་མཆེད་དུ་སེམས་ཤུགས་བསྐྱེད་ནས་ལུས་སྲོག་ཕང་མེད་བཏང་ནས་
    ལས་འགུལ་འདྲ་མིན་སྤེལ་ཐུབ་པ་ལ་སྙིང་ཁུང་རུས་པའི་གཏིང་ནས་རྗེས་སུ་ཡི་རང་ཡོད།།

    Reply
  8. སྒྲོལ་མ། says:
    ལོ་ 17 སྔོན།

    བསམ་གྱི་དངུལ་ལས་མེད་པའི་སྐུ་ངོ་ཚོ། བོད་མི་ཉམ་ཐག་རྣམས་ཀྱི་ཚེ་སྲོག་དེ།
    དམར་པོ་རྒྱ་ཡི་ལག་ཏུ་མ་སྤྲད་རོགས། མཚན་དང་སྙན་གྲགས་ཆེད་དུ་མ་ཚོང་རོགས།

    བཙན་བྱོལ་བོད་ཀྱི་སྐུ་ངོ་རྣམས་པ་ཚོ། བོད་མི་ཉམ་ཐག་སྔོན་ལ་མ་བཏང་རོགས།
    འགྲོ་དགོས་ཡོད་ན་ཁྱེད་ཚོ་སྔོན་ལ་རྒྱུག། ཉམ་ཆུང་སྲོག་གི་རྩེ་མི་མ་རྩོད་རོགས།

    Reply
  9. སྒྲོལ་མ། says:
    ལོ་ 17 སྔོན།

    བོད་མི་ཉམ་ཆུང་བསད་མཁན་རྒྱ་དམར་རེད།
    གདུང་སེམས་མཉམ་སྐྱེད་བྱས་མཁན་ཉམ་ཐག་རེད།
    ལྟད་མོ་རྒྱང་ནས་ལྟ་མཁན་སྐུ་ངོ་རེད།
    ཀྱེ་མ་ཁ་བའི་བོད་མི་ཉམ་ཐག་ཚོ།

    རྒྱ་དམར་དགྲ་རེ་འདོད་མཁན་ཉམ་ཐག་རེད།
    རྒྱ་རིགས་སྤུན་ཟླ་འདོད་མཁན་བོད་གཞུང་རེད།
    གངས་རིའི་སྙིང་ནོར་བོད་མི་ཉམ་ཐག་ཚོ།
    རང་གིས་རང་སྲོག་མ་དོར་སྐུ་ཚེ་རིང།

    བུ་མོ་སྒྲོལ་མ་ནུབ་ཕྱོགས་ཡུལ་དུ་ཡོད།
    སེམས་པ་དཀར་ཆུང་ཉམ་ཐག་ཕྱོགས་སུ་ཡོད།
    བུ་མོ་སྒྲོལ་མས་རང་སྲོག་མ་ཆད་པ།
    བོད་མི་ཉམ་ཐག་རྣམས་ཀྱི་ཕྱོགས་སུ་

    Reply
  10. ཚེ་རིང་སྐྱིད། says:
    ལོ་ 17 སྔོན།

    ངས་བཟོད་ཐུབ་པ་མི་འདུག

    Reply
  11. ནད་པ says:
    ལོ་ 17 སྔོན།

    པདྨ་འདམ་གྱིས་མ་འགོས་པར། སྲིད་གསུམ་དྲི་མས་མ་འགོས་ཤིང་། །སྲིད་པའི་པདྨོ་ལས་གྲོལ་མ། །བདེ་བ་ཅན་དུ་སྐྱེ་བར་ཤོག ། ཨོ་ཨ་སྨྲི་དེ་ཝ་ཧྲི།

    རི་བོ་ཏྭ་ལའི་ཞིང་ཁམས་སུ། །ཡིད་དམ་ཐུགས་རྗེ་ཆེན་པོ་བཞུགས། །སྙིང་རྗེ་ཅན་གྱི་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག ། ཨོ་མ་ཎི་པདྨེ་ཧུཾ།

    མངོན་པར་དགའ་བའི་ཞིང་ཁམས་སུ། །རྫོགས་པའི་སངས་རྒྱས་མི་འཁྲུགས་བཞུགས། །ངན་སོང་སྦྱངས་བའི་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །
    ཨོ་ཀཎ་ཀ་ཎི་ཀཎ་ཀ་ཎི་སྭ་ཧྭ།

    Reply
  12. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    དེ་ནི་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་སྤུན་ཟླ་རྣམས་གཅིག་སེམས་གཅིག་ལ་གཏད་ཡོད་པ་གསལ་པོར་མཚོན་ཡོད།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དེ་རིང་འདི་གའི་གསར་འགོད་པ་མེག་རྒན་ལ་ཕྱིན་སྐབས་ཀྱང་བོད་ནས་ཕེབས་པའི་སྐུ་ཞོགས་ཤིག་གིས་སྒང་ནས་གསར་འགོད་པར་གནས་ཚུལ་བཤད་བཞིན་དུ་ངུ་གིན་འདུག་ཟེར། དེང་སྐབས་གསར་འགྱུར་འབྲི་མཁན་དང་གསར་འགྱུར་བཤད་མཁན་ཕལ་ཆེ་བས་མིག་ཆུ་གཏོང་རེས་བྱས་ནས་བསྡད་ཡོད་པ་རེད། ད་ནི་གསར་འགྱུར་ཀློག་མཁན་ཚོ་ཡང་ངུ་གིན་འདུག

    Reply
  14. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    འདྲ་པར་འདོ་དག་མཏོང་ཞིང་གནས་ཚུལ་འདི་ཐིག་ཕྲེང་འགའ་བཀླགས་རྗེས། ངའི་མིག་གཉིས་མཆུ་མས་བསྒྲིབས་སོང་། སྣ་གཉིས་འཚིབས་ནས་འགག་སོང་། ཡ་ཆུང་སེམས་ལ་སྨུག་ལོང་འཐིབས་སོང་། ཅི་ཡང་མི་དྲན་པ་འདྲ་ཆགས་ཡོང་གི་འདུག ངའི་སེམས་ཚོར་འདི་ཁྱོད་ཚོར་བཤད་པ་བཞིན། བོད་དོན་འདི་འཛམ་བུ་གླིང་ལ་བཤད་ཅིང་ཤེས་ཀྱང་ཡོད་པ་རེད་དེ། བྱ་ཐབས་ཅང་ཡོད་ནི་མ་རེད།

    Reply
  15. བསེ་རུ། says:
    ལོ་ 17 སྔོན།

    རྒྱལ་གཞེན་ལྷག་བསམ་དཀར་བའི་མི་བུ་འདི་བཞིན། རྒྱས་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གདུག་རྩུབ་མནར་གཅོད་འོག་མི་རིགས་འདིའི་ཆེད་རང་ཉིད་ཀྱི་ཚེ་སྲོག་ཀྱང་བློས་གཏོང་གི་གནས་སྟངས་འདི་ཚོ་ང་ཚོ་ཚང་མས་ཤེས་དང་ཤེས་མུས་ཡིན་སྟབས། ང་ཚོས་ཅི་ཞིག་བྱེད་ཀྱིན་ཡོད་དམ། ང་དང་ཁྱོད། ཁོ་དང་མོ། ཁོང་དང་ཁོང་ཚོ། ད་དུང་༌༌༌གཞན་ཚོ་༌
    ལས་འབྲས་ཤིག་ཡོད་ན་༌༌༌༌༌

    Reply
  16. བདེ་བ་ཅན། says:
    ལོ་ 17 སྔོན།

    ང་ཚོས་ཁ་ས་ཁ་ཉིན་དཀར་མཛེས་ལམ་གྲགས་དགོན་གྱི་བཙུན་མ་དབྱངས་སྐྱིད་སྒྲོལ་མ་ཉེ་ཆར་རྒྱ་མིའི་བཙོན་ཁང་ནང་ཡོད་མུས་སུ་འདས་གྲོངས་ཕྱིན་པའི་ཡིད་སྐྱོ་དགོས་པའི་གནས་ཚུལ་དེ་ཚོ་བཀླགས་ཚར་ཙམ་ཡིན། དེ་རིང་སླར་ཡང་ལོ་ཁ་ཤས་གོང་དུ་བཙོན་ཁང་སྡུག་སྦྱོང་ཕོག་སྟེ་འདས་གྲོངས་སོང་བའི་བོད་མི་དཔའ་བོ་ཞིག་གི་ཞིབ་ཕྲའི་ལོ་རྒྱུས་བལྟ་བཞིན་ཡོད། ངོ་མ་གནས་སྟངས་དེ་ཚོ་མཐོང་དུས་རྒྱ་མི་དམར་པོ་དེས་ང་ཚོའི་ཕ་ཡུལ་གྱི་རྒྱལ་ཞེན་ཆེ་བའི་བོད་མི་ཡོད་དོ་ཅོག་ལ་རྡུང་རྡེག་གང་འདྲ་གཏོང་གི་ཡོད་པ་ཁྲ་ལྷམ་མེར་གསལ་བས་བོད་མི་ཡོངས་རྫོགས་གདུང་ཤུགས་གཅིག་ཏུ་བསྒྲིལ་ཏེ་ད་ལྟ་བཙོན་དུ་ཡོད་བཞིན་པ་རྣམས་རིམ་པས་བདེ་མོ་ཐང་པོའི་ཐོག་ཏུ་གློད་བཀྲ་ ོལ་གཏོང་རྒྱུར་གནད་ལ་འཁེལ་བའི་ལས་འགུལ་ཞིག་སྤེལ་དགོས་པ་མི་འདུག་གམ།

    Reply
  17. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    ང་མིག་ཆུ་དབང་མེད་དུ་ཤོར་སོང༌། དཀོན་མཆོག་མཁྱེན།
    སྤུན་ཟླ་ལགས་ད་རེབ་མཎི་ཡིག་དྲུག་འདི་ (ཨོཾམཎེཔདྨེཧུྃ།) འཁྱེར་དེ་སྔོན་ལ་གོམ་གཅིག་ཕེབས་དང་ངས་ནམ་ཞིག་ཁྱེད་ཀྱི་རོ་སྐྱིན་ལེན་ངེས་ཡིན་ནོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese