མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་རོགས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་གིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་མཇལ་འཕྲད་དུ་ཕྱིན་པའི་བོད་མི་ཁག་ཅིག་བཀག་ཉར་དང་གཅར་རྡུང་བྱས་འདུག བོད་མི་ཚོས་ང་ཚོ་ངོ་ལོག་རྒྱག་ཏུ་ཡོང་བ་མིན། སྤྲུལ་སྐུ་མཆོག་གློད་གྲོལ་གཏོང་བར་ཞུ་བ་འཐེན་དུ་ཡོང་བ་ཡིན་ཞེས་བཤད་འདུག

དེ་རིང་ཕྱི་དྲོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་ཉི་མ་དབང་ཕྱུག་དང་ཚེ་རིང་རྡོ་རྗེ་གཉིས་ཀྱིས་འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་ ༡༢ པའི་ཚེས་མགོར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་འབྲེལ་བ་ཡོད་པའི་ཉག་ཆུ་རྫོང་ཁོངས་ཀྱི་ས་གནས་བོད་མི་ ༧ རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་བཙོན་ཁང་དུ་ཡོད་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་མཇལ་འཕྲད་དུ་ཕྱིན་སྐབས། རྒྱ་གཞུང་གིས་མི་དེ་དག་ལ་མཇལ་འཕྲད་ཀྱི་གོ་སྐབས་སྤྲད་མེད་པ་མ་ཟད། ལམ་བར་ནས་འཇུས་ཏེ་བཀག་ཉར་བྱས་འདུག་ལ། ཕྱི་ཚེས་ ༥ ཉིན་ས་གནས་དེའི་བོད་མི་ ༩༠ ལྷག་རྫོང་ཐོག་ཏུ་ཕྱིན་ཏེ་ཐེངས་འདིར་མཇལ་འཕྲད་དུ་ཕྱིན་པའི་བོད་མི་དེ་དག་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་བདེ་སྡུག་ཞུ་ཆེད་དུ་སོང་བ་དང་ཁོང་ཚོར་མཇལ་འཕྲད་བྱེད་དུ་འཇུག་དགོས་པ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་མྱུར་ཏུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཏེ་མཚན་མོ་དེར་དེ་གར་གནས་སྡོད་བྱས་ཡོད་ཀྱང་། ཕྱི་ཉིན་རྒྱ་གཞུང་གིས་བོད་མི་དེ་དག་འཛིན་བཟུང་བྱས་ཡོད་འདུག་ལ། འབྲེལ་ཡོད་མི་སྣ་ཞིག་གིས་བོད་མི་དེ་དག་འཛིན་བཟུང་གི་ཤུལ་ཏུ་ཁྲག་ཐིགས་ཟག་ཡོད་པ་མ་ཟད། སྦག་སྦག་བཅག་གཏོར་བྱས་ཡོད་ཚུལ་གསལ་བོར་མཐོང་ཡོད་འདུག འཛིན་བཟུང་བྱས་པའི་བོད་མི་དེ་དག་ནི། མགོ་ལོག་རྒ་བ་བློ་དོན་དང་ལྷ་མོ་དོན་སྡེ། རྒྱ་མེས་ཨ་ཤར། རག་ཤུལ་ངག་སྡེས། རྒྱལ་འཕྲིན། འབྲུག་རྒྱ་ཐར། ལུག་རྫི་ཨ་བྷི། རྡོ་རྗེ་མཁས་གྲུབ། རྒ་རྗེ་ཨ་ཕྱུག མཁས་པོ་ཚེ་རིང། སྙན་གྲགས། དབང་འགྱུར། ངག་དབང་ཆོས་གྲགས་བཅས་ཡིན་འདུག་ལ། ཁོང་ཚོར་གཅར་རྡུང་བྱས་ཏེ་རྨས་སྐྱོན་ཆབས་ཆེན་ཕོག་ཡོད་ཚུལ་འབྲེལ་ཡོད་མི་སྣས་ཤེས་རྟོགས་བྱུང་ཡོད་པ་རེད།

གཞན། ཚེ་རིང་དོན་འགྲུབ་དང་གདུགས་དཀར་ཚེ་རིང། བཙུན་མ་ཤེས་རབ་སྒྲོལ་མ་བཅས་བཙུན་མ་གསུམ་དང་བུད་མེད་གཅིག་བཅས་ཀྱང་རྔ་པ་བོད་རིགས་རང་སྐྱོང་ཁུལ་བརྒྱུད་དེ་སྤྲུལ་སྐུར་མཇལ་འཕྲད་ཆེད་བསྐྱོད་པར་རྒྱ་གཞུང་གིས་ཁོང་ཚོ་བཀག་ཉར་བྱས་ཡོད་སྟབས། ཉེ་ཆར་ནས་བཟུང་ཉག་ཆུ་རྫོང་ཐང་དཀར་མ་ས་གནས་ནས་མི་དམངས་ ༣༠༠ ལྷག་ཞང་སྲིད་གཞུང་གི་སྒོ་འགྲམ་དུ་ཕྱིན་ཏེ་སྤྲུལ་སྐུ་མཆོག་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཏེ་ཉིན་ ༣ འགྲོ་གི་ཡོད་འདུག་ལ། དེ་བཞིན་ཡུལ་དེའི་མགོ་ལོག་སྟོད་སྨད་བར་གསུམ་དང་ཉ་ཐ་ངོ་ས་གནས། འཇའ་སྐོར་རྡུང། མ་ར་ཚོ། ཚེ་མགོན་མ། སྐེ་ཆུ་ཁ། དེ་ཚ་བཅས་ས་གནས་མང་པོའི་མི་དམངས་འབོད་སྐུལ་ཞུ་སར་འགྲོ་གིན་ཡོད་པ་རེད། དེ་ལྟར་ནའང་། རྒྱ་གཞུང་གིས་ད་ལྟའི་ཆར་ས་གནས་གང་སར་དྲག་དམག་གིས་དཔུང་ངོམ་སྟེ། དམ་དྲག་ཤུགས་ཆེར་བྱེད་ཀྱིན་ཡོད་པ་མ་ཟད། རྒྱ་གཞུང་གིས་ལས་འགུལ་བ་ཚོར་ཁྱེད་ཚོས་ལས་འགུལ་མཚམས་འཇོག་བྱས་ཏེ་རང་སར་སོང་ན་ཡག་གི་རེད། དེ་མིན་རྗེས་སོར་འགྱོད་པ་སྐྱེས་གཞི་ཆགས་ཀྱི་རེད་ཅེས་བོད་མི་ཚོར་འཇིགས་སྐུལ་གཏོང་བཞིན་ཡོད་ཀྱང་། བོད་མི་ཚོས་ལག་གཉིས་ཐལ་མོ་སྦྱར་ཏེ་ང་ཚོས་ངོ་ལོག་བརྒྱབས་པ་མིན་པར་སྤྲུལ་སྐུ་གློད་གྲོལ་ལ་རེ་སྐུལ་ཞུ་གིན་ཡོད་ཅེས་འགྲེལ་བརྗོད་གནང་གི་ཡོད་ཀྱང་། ད་ལྟའི་ཆར་མཇུག་འབྲས་ཅི་བྱུང་གི་གནས་ཚུལ་གསལ་བོ་མི་འདུག་ཟེར།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

སྐར་མ ༡༠ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

སྐར་མ ༤༣ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧

མཆན། 7

  1. བཀྲ་ཤིས། says:
    ལོ་ 16 སྔོན།

    ག་ས་ག་ནས་བོད་མི་ཡོད་དོ་ཅོག་གིས་ལྟད་མོ་བལྟས་ནས་བསྡད་པ་མིན་པར་ལས་འགུལ་ལ་མཉམ་ཞུགས་མ་ཐུབ་ཀྱང་མ་མཐར་ཡང་གདུང་སེམས་མཉམ་སྐྱེད་བྱེད་རྒྱུར་འབོད་སྐུལ་ཞུ་རྒྱུ་དང་། ས་གནས་རང་ན་ཡོད་པའིབོད་མིར་འབྲེལ་གཏུགས་བྱེད་ཐུབ་མཁན་ཚོས་སྐུལ་སློང་བྱས་ཏེ། རྒྱ་མིས་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཞིན་པ་དག་པར་དང་། ཡང་ན་བརྙན་པར་དུ་བླངས་ནས་ཕྱི་ཕྱོགས་སུ་གཏོང་ཐབས་བྱེད་པར་དྲན་སྐུལ་བྱེད་ཐུབ་དགོས་ཤིང་། ཕྱི་ལོགས་སུ་ཡོད་པ་ཚོས་ཀྱང་དངོས་དཔང་དེ་དག་རྒྱ་ནག་ནང་ལོགས་ཀྱི་རྒྱ་རིགས་ཚོར་ངོ་སྤྲོད་དང་འགྲེལ་བཤད་བྱས་ནས་རྒྱ་རིགས་སྤྱི་དང་ལྷག་པར་རྒྱ་ནག་ནང་ལོགས་ཀྱི་རྒྱ་རིགས་ཚོར་གཞུང་གི་བྱེད་སྟངས་ངན་པའི་གདོང་རིས་གསལ་སྟོན་བྱེད་ཐུབ་ན་རང་གཞན་མཉམ་རུབ་ཀྱིས་རྒྱ་ནག་གུང་ཁྲན་ཏང་གི་ལོག་སྤྱོད་ལ་ཚོད་འཛིན་གང་འཚམ་བྱེད་ཐུབ་པར་སྙམ།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    སེམས་པ་སྐྱོ་བའི་གླུ་འདི་ལེན་འདོད་ཀྱང་།།
    གོ་བའི་མི་ཞིག་ས་སྟེང་འདི་རུ་མེད།།
    རང་གི་དམིགས་ཡུལ་འདི་དག་སྒྲུབ་འདོད་ཀྱང་།།
    མི་སྲོག་གཅིག་ལ་རིན་ཐང་མི་འདུག་གོ།

    Reply
  3. དུང་མཚོ་སྐྱིད། says:
    ལོ་ 16 སྔོན།

    དེ་རིང་གི་ཉིན་མོ་འདི་མངོན་ནས་ཡིད་སྐྱོ་དགོས་པ་ཞིག་རེད་ལ། སེམས་ཤུགས་བསྐྱེད་དགོས་པ་ཞིག་ཀྱང་རེད། གང་ཡིན་ཟེར་ན།
    དེང་སྐབས་མདོ་ཁམས་ལི་ཐང་འོ་ཐོག་སོགས་ཕྱོགས་གང་སར་ནས་བོད་མི་སྟོང་ཕྲག་དུ་མར་འདུས་འཛོམས་ཐོག་ནས་རྒྱ་མར་ཀླ་ཀློས་གདུག་རྩུབ་གྱི་འོག་ལུས་སྲོག་ལ་མི་འཛེམ་པར་མཆོག་སྤྲུལ་བསྟན་འཛིན་བདེ་ལེགས་མཆོག་ཀློད་གྲོལ་དགོས་ཞེས་ཞི་བའི་ཐོག་ངོ་རྒོལ་བྱེད་ནས་ཉིན་གྲངས་དུ་མའི་རིང་ཟས་ཀྱང་མི་བཟའ་བར་འགྲོ་བཞིན་ཡོད་པ་དེ་ལ་གདོང་སེམས་ཉམ་བསྐྱེད་ཡོད་ལ་སྔགས་བརྗོད་ཡང་ཡོད།

    Reply
  4. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    དཀོན་མཆོག་གི་མཁྱེན། མ་གཞི་ནས་དཀོན་མཆོག་ཁྱེད་རང་གི་མཁྱེན་གྱིན་ཡོད་དམ། དོན་དངོས་ཐོག་དཀོན་མཆོག་ཁྱོད་རང་ཡོད་ས་མ་རེད། དཀོན་མཆོག་གིས་ང་མགོ་བསྐོར་གཏོང་གིན་འདུག ངའི་གློ་སྙིང་འདར་གྱིན་འདར་གྱིན་ང་ཡང་ངུ་གིན་ཡོད། དཀོན་མཆོག་གསུམ་ངུ་གིན་ཡོད། ད་བྱུང་ན་འདྲ་མ་བྱུང་ན་འདྲ་ང་ཚོས་ཞི་དྲག་གཉིས་ཟུང་དུ་འབྲེལ་ནི་ཡར་ལངས་རན་འདུག ངའི་སྤུན་ཟླ་ཚོར་དེ་འདྲའི་ཚོད་མེད་རྡུང་རྡེག་ཤ་སྟག་གཏོང་དང་བཏང་དགོས་པ་ཅི་ཡིན་ནམ། ལུང་པ་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བར་ཡོད་པའི་བོད་རིགས་ཡོད་དོ་ཅོག་རྣམས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཡིད་གདུང་བའི་སྡུག་སྐད་རྒྱག་རོགས། འུ་ཐུག་པའི་སྨྲེ་སྔགས་སྒྲོག་རོགས།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དེ་རིང་གི་གསར་འགྱུར་འདི་ཀློག་དུས་་མིག་ཆུ་ལ་རང་དབང་མི་འདུག་བོད་ལ་ཡོད་པའིཤ་ཕྲག་གཅིག་པའི་བོད་རིགས་རྣམས་ཀྱི་ཚེ་སྲོག་སྐྱབས་མ་ཐུབ་པ་བློ་ཕམ་ཆེན་པོ་ཡོད།
    རྟའུ་ཉི་མ་གྲགས་པ་མཆོག་གིས་ང་ཚོར་བཞག་པའི་ཁས་ཆེན་དེ་སུད་སི་བོད་རིགས་མི་དམངས་ཀྱིས་ཕྱི་ཟླ༡༢ཚེས་༡༠ཉིན་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཡོད་སར་རྗི་ནེས་ཝ་གྲོང་ཁྱེར་ནང་དུ་སྡུག་སྐད་འབོད་སྐབས་སུ་ང་ཅོ་རིས་སྡུག་འབོད་བྱ་རྒྱུ་ཡིན།
    བོད་ལ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་ཚེ་སྲོག་སྐྱབས་མ་ཐུབ་པ་དེར་ང་ཅོ་རིས་དགོངས་དག་ཞུ་རྒྱུ་དང་མ་འོང་ཚེ་སྲོག་ལ་བདག་གཅེས་གནང་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།
    སྐྱིད་སྡུག་མཉམ་མྱོང་གིས་རྒྱལ་ཁ་ཐོབ་པ་ཤོག
    སྡོམ་རྩ་གཅིག་སྒྲིལ་གྱིས་ནུབ་པ་ཐོན་པ་ཤོག

    Reply
  6. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    ད་ཡང་། བོད་མི་བརྒྱ་ཕྲག་ཁ་ཤས། རྒྱ་ནག་གི་བཤས་རྭར་ཚུད་འདུག་ཤ་ཚ། མིག་བཙུམ་སྟེ་བོད་མི་ཁ་ཤས་ཕྱི་མའི་ལམ་དུ་བཏང་གི་རེད། གཟབ་ཙམ་གནང་རོགས་ཞུ། རྒྱ་ནག་ནི་འཛམ་གླིང་གི་སྟེང་དུ་གདུག་རྩུབ་ཅན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་དེ་རེད་དོ།།

    Reply
  7. སྒྲོལ་མ། says:
    ལོ་ 16 སྔོན།

    ཉམ་ཆུང་བོད་མི་རྣམས་ཀྱི་སྐྱིད་སྡུག་དེར།
    སྐུ་ངོ་རྒྱུ་ངོམས་ཅན་ཚོས་ཨེ་མཐོང་ལགས།
    ཉམ་ཆུང་བོད་མི་རྣམས་ཀྱི་ཚེ་སྲོག་དེར།
    བླ་སྤྲུལ་སྙིང་རྗེ་ཅན་ཚོས་ཨེ་མཐོང་ལགས།

    རྒྱ་རིགས་སྤུན་ཟླ་བརྩེ་བའི་ཏྭ་ལ་ལགས།
    བོད་མི་ཉམ་ཆུང་བརྩེ་སེམས་ཨེ་ཡོད་ལགས།
    རྒྱ་མི་མནའ་མ་ལེན་རྒྱ་ལོ་ལགས།
    ཉམ་ཆུང་བོད་མི་ཚེ་སྲོག་ཨེ་མཐོང་ལགས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese