མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་རྫོང་གི་མི་ ༣ འཇུས་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

          
ཕྱི་ཟླ་ ༡༢ ཚེས་༢ ཉིན་ཁམས་སོག་རྫོང་གི་རང་ལོ་ ༤༨ ཡིན་པའི་བཙུན་མ་ཆོས་སྒྲོན་དང་། རང་ལོ་ ༢༡ ཡིན་པའི་བསྟན་འཛིན་དར་རྒྱས། རང་ལོ་ ༡༧ ཡིན་པའི་ནོར་བུ་བཟང་པོ་བཅས་ལྷ་སའི་ཇོ་ཁང་སྒོ་འགྲམ་ནས་འཛིན་བཟུང་བྱས་འདུག ཁོང་རྣམས་ལྷ་སའི་ཇོ་ཁང་སྒོ་འགྲམ་དུ་ཕྱག་འཚལ་མཁན་སྤུན་མཆེད་རྣམས་ལ་ཁ་ལག་ སྐྱེལ་བར་འགྲོ་སྐབས་གློ་བུར་དུ་འཛིན་བཟུང་བྱས་ཡོད་འདུག ཉིན་ཤས་རིང་ཁོང་རྣམས་གར་སོང་མེད་པར་གྱུར་ནས་སྤུན་མཆེད་རྣམས་ཀྱིས་ས་ཕྱོགས་གང་སར་བཙལ་སྐབས་ལྷ་སའི་སྤྱི་བདེ་མི་སྣས་ནག་ཆུ་ས་ཁུལ་གྱི་བཙོན་ཁང་ཞིག་ལ་ཡོད་རེད་ཅེས་ལན་ཙམ་སྤྲད་ཡོད་འདུག སྤུན་མཆེད་རྣམས་ཀྱིས་ཁོང་རྣམས་ལ་ཐུག་པར་འགྲོ་སྐབས་ཐུག་བཅུག་མེད་པ་མ་ཟད། ཁོང་རྣམས་ད་ལྟ་བཙོན་ཁང་གང་དུ་ཡོད་པ་དང་འཛིན་བཟུང་བྱེད་དགོས་དོན་སོགས་གང་ཡང་གསལ་ཁ་མེད་པ་རེད།
སྤྱིར་བསྟན་འཛིན་དར་རྒྱས་ཀྱིས་དེ་སྔོན་རང་བཙན་སྐད་འབོད་བྱས་རྐྱེན་ལོ་ ༣ གྱི་ཁྲིམས་ཐག་བཅད་ཡོད་ཀྱང་བཙུན་མ་ཆོས་སྒྲོན་གྱིས་དངུལ་མང་པོ་སྤྲད་ནས་ཕྱིར་བཏོན་ཡོད་འདུག་པས། གནས་ཚུལ་དེ་དང་འབྲེལ་བ་ཡོད་པར་ཉེ་འབྲེལ་རྣམས་ཀྱིས་དོགས་པ་བྱེད་ཀྱི་ཡོད་པ་རེད། བཙུན་མ་ཆོས་སྒྲོན་ནི་ནམ་རྒྱུན་འདམ་གཞུང་རྫོང་དུ་ཟ་ཁང་ཞིག་གཉེར་ནས་སྡོད་ཀྱི་ཡོད་པ་དང་། འཛིན་བཟུང་བྱས་རྗེས་ཉེན་རྟོག་པ་ཡོང་ནས་ཁྱིམ་ནང་གི་ཅ་ལག་ཚང་མ་སྔོག་བཤེར་བྱས་ཡོད་འདུག་ཀྱང་། ཉེས་མིང་འདོགས་ས་ཡོད་པའི་དངོས་པོ་འདྲ་ལག་ཏུ་ཐེབས་མིན་གསལ་ཁ་མི་འདུག བུ་བསྟན་འཛིན་དར་རྒྱས་དང་ནོར་བུ་བཟང་པོ་གཉིས་ཀྱི་ཕ་མིང་ལ་ཁྲག་རུ་དབང་ཆེན་ཟེར་གྱི་ཡོད་པ་དང་། ཁོང་གཉིས་ནི་སྤུན་མཆེད་རྒན་གཞོན་ཡིན་པ་རེད།
 
ངག་དབང་ཐར་པས་མཁོ་སྤྲོད་བྱས།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༦ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༡༧ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

མཆན། 4

  1. ནད་པ says:
    ལོ་ 16 སྔོན།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་དུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །

    ༸གོང་ས་མཆོག་གི་གསུང་།

    Reply
  2. མདུང་རྩེ། says:
    ལོ་ 16 སྔོན།

    སོག་རྫོང་ཙམ་མ་ཡིན་པར་བོད་ས་ཡོངས་རྫོགས་ནང་དོན་མེད་འཛིན་བཟུང་དང་། མནར་གཅོད་བཏང་བཞིན་ཡོད་ནའང་ཞི་བདེ་ཁ་ལ་ཁྱེར་བའི་འཛམ་གླིང་མི་ཆེན་དེ་དག་གིས་མིག་ཟུང་བཙུམས་པ་འདི་ཡིད་སྐྱོ་བའི་གནས་རེད

    Reply
  3. ནོར་བུ་རྒྱལ་མཚན། says:
    ལོ་ 16 སྔོན།

    རྒྱ་དམར་གུང་ཁྲན་གིས་མི་ལོ་དྲུག་བཅུའི་རིང་ལ། གཞིས་ལུས་བོད་མི་ཐོག་ལ་སྡུག་རྒྱང་གནར་བཅོད་བཏང་བཞིན་པ་དེ། ང་ཚོ་མི་རབ་གསར་པ་སྐྱ་སེར་ཕོ་མོ་སུ་ཡིན་ན་ཡང་མ་འོངས་པའི་གཞོན་ནུ་དག་གི སེམས་ལ་གནས་ཐུབ་པ་ཞིག་ང་ཚོའི་མི་ཐོག་འདིས་ལས་མགན་ཡིན་པ་ཚང་མས་་ཤེས་དགོས།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཉམས་ཆུང་བོད་མི་བྱེའུ་ཆུང་འདྲ།།
    བྱ་ཁྲས་ནམ་བཟུང་ཆ་མེད་རེད།།
    བཟུང་སྟེ་ཚེ་སྲོག་ཤོར་ཉིན་ནས།།
    མ་ཎི་འགའ་ལས་ཅི་ཡང་མེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese