མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ་གསར་པ་སྒོ་འབྱེད།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

བཟང་པོ་བཅུ་འཛོམས་ཀྱི་ཉིན་མོ་དང་བསྟུན་ཏེ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་༼ བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱ ༽ ཞུ་བའི་བོད་ཡིག་གི་དྲ་རྒྱ་གསར་པ་ཞིག་སྒོ་འབྱེད་གནང་ཡོད་ལ། དྲ་རྒྱ་དེའི་མདུན་ངོས་སུ་༧གོང་ས་མཆོག་གི་མཛད་འཕྲིན་དང་བོད་ནང་གི་གསར་འགྱུར་བཅས་ཚན་པ་བཞི་དང་། ནང་ལོགས་སུ་མདོ་སྨད་སྤྱི་བཤད་དང་ས་བྱི་ལོའི་ཞི་རྒོལ་ཆེན་མོ་སོགས་སྡེ་ཚན་བརྒྱད་དུ་བཀར་འདུག

 

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་མདོ་སྨད་དབུས་རྒྱུན་ལས་ཀྱིས་གསར་དུ་བཟོས་པའི་དྲ་ཚིགས་ ( www.dhomay.net ) ཞེས་པ་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་བསྡུས་ཡོད་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཨ་ལག་འཇིགས་མེད་རིན་པོ་ཆེ་མཆོག མདོ་སྨད་དབུས་རྒྱུན་ཚོགས་གཙོ་ཡེ་ཤེས་སྒྲོལ་མ་དང་དབུས་རྒྱུན་ཚོགས་གཙོ་ཟུར་བ་རྣམ་པ། དེ་བཞིན་བཞུགས་སྒར་ཁུལ་གྱི་ཚོགས་པ་སྒྲིག་འཛིགས་ཁག་གི་སྐུ་ཚབ་བཅས་ཕེབས་འདུག བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་རྒྱའི་གཙོ་ངོས་སུ་༧གོང་ས་མཆོག་གི་སྐོར་དང་བོད་ནང་གི་གསར་འགྱུར། བཙན་བྱོལ་ནང་གི་གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར་བཅས་ཚན་པ་བཞི་རུ་བགོས་འདུག་ལ། གཡོན་ཟུར་དུ་དྲ་འབྲེལ་ཁག་དང་དཔེ་དེབ་ཁག འོག་ཏུ་གསལ་བསྒྲགས་བཅས་འདུག མདུན་ངོས་ཀྱི་སྒང་དུ་༼ དབུས་རྒྱུན་ལས་ཁང ༽ དང་ ༼ མདོ་སྨད་སྤྱི་བཤད ༽ ༼ དབུ་མའི་ལམ ༽ ༼ རྒྱ་ནག་ངོ་སྤྲོད ༽ ༼ ས་བྱི་ལོའི་ཞི་རྒོལ་ཆེན་མོ ༽ ༼ བཙན་བྱོལ་བོད་གཞུང ༽ ༼ བཀའ་སློབ ༽ ༼ དོལ་རྒྱལ་གྱི་སྐོར ༽ བཅས་སྡེ་ཚན་ཆེ་ཁག་བརྒྱད་འདུག་ལ། སྡེ་ཚན་དེ་དག་རེ་རེ་ལའང་ནང་གསེས་ཚན་པ་མང་པོར་དབྱེ་འདུག གཞན་གློག་བརྙན་དང་པར། ས་ཁྲ། ༧གོང་ས་མཆོག་གི་གསུང་ཆོས་སྒྲ་ལྡན་བཅས་ཀྱང་འདུག

 

མཛད་སྒོའི་ལས་རིམ་ཐོག་མར་སྐུ་མགྲོན་གཙོ་བོ་རྣམ་པས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོར་ཁ་བཏགས་སྒྲོན་འབུལ་དང་། དེའི་རྗེས་མདོ་སྨད་དབུས་རྒྱུན་ཚོགས་གཙོ་ཡེ་ཤེས་སྒྲོལ་མ་མཆོག་གིས་དྲ་ཚིགས་ཐོག་ཕྱག་ལས་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་དོན། དྲ་རྒྱ་འདི་དེ་སྔ་མདོ་སྨད་དབུས་རྒྱུན་སྐབས་བཅུ་གསུམ་པའི་ཚོགས་ཆེན་ཐོག་གྲོས་ཆོད་བཞག་པ་ཞིག་རེད། སྐབས་བཅུ་བཞི་བའི་དབུས་རྒྱུན་ཚོས་དངོས་སུ་མགོ་འཛུགས་བྱས་པ་རེད། རྒྱུན་ལས་ཚང་མའི་ངོས་ནས་ཧུར་ཐག་རྦད་ཐག་གིས་ཕྱག་ལས་གནང་སོང་། ལྷག་པར་དུ་དབུས་རྒྱུན་དྲུང་ཆེ་དང་དྲ་རྒྱའི་ལག་རྩལ་པ་ཆོས་འཕེལ་ལགས་གཉིས་ཀྱིས་སྐུ་ངལ་མང་པོ་སྐྱོན་སོང་ལ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་བསྟན་འཛིན་དོན་ཡོད་དང་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་བཅས་ནས་ཀྱང་ཕྱག་རོགས་མང་པོ་ཞུས་ཡོད། དེ་རིང་ངས་མདོ་སྨད་མི་མང་ཡོངས་ཀྱི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དྲ་རྒྱ་འདིའི་སྟེང་གཙོ་བོ་མདོ་སྨད་ཕྱོགས་ཀྱི་གནས་ཚུལ་ཡིན་མོད། དེ་དང་མཉམ་དུ་བོད་སྤྱི་ལ་ཕན་པའི་གནས་ཚུལ་གལ་ཆེན་ཁག་ཀྱང་བཞག་ཡོད་སྟབས། བོད་ཕྱི་ནང་ཀུན་ནས་དུས་ནས་དུས་སུ་གནས་ཚུལ་མཁོ་སྤྲོད་ཡོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། དྲ་རྒྱ་འདི་ད་དུང་ཆ་ཚང་བ་ཞིག་འགྲུབ་ཡོད་པ་མ་རེད། མ་འོངས་པར་དབྱིན་ཡིག་ཀྱང་ཡོད་པ་ཞིག་ལ་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

 

དེའི་རྗེས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཨ་ལག་འཇིགས་མེད་རིན་པོ་ཆེ་མཆོག་གིས་གསུངས་བཤད་གནང་དོན། མདོ་སྨད་ཆོལ་ཁས་དྲ་རྒྱ་གསར་པ་ཞིག་སྒོ་འབྱེད་བྱས་པ་འདིས་བོད་སྤྱི་བའི་རྩ་དོན་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་གི་རེད་སྙམ་པ་དྲན་ཡོད། ཐོག་མ་ནས་དྲ་རྒྱ་འདིའི་དམིགས་ཡུལ་ལྟེ་བ་གང་རེད་ཟེར་ན། བོད་སྤྱི་བའི་རྩ་དོན་བསྒྲུབ་རྒྱུ་དེ་རེད། དྲ་རྒྱ་འདིས་བཙན་བྱོལ་སྤྱི་ཚོགས་ལ་ཕན་གི་རེད་ལ་གཞིས་ལུས་མི་མང་ལའང་ཕན་གི་རེད། མདོ་སྨད་གཅིག་པུ་མ་རེད། ཆོལ་ཁ་གསུམ་ཀའི་མི་མང་ལ་ཕན་གི་རེད། རྗེས་མ་དབྱིན་ཡིག་ཐོག་བཟོས་པ་ཡིན་ན། ཕྱི་རྒྱལ་མི་རིགས་ཚོ་ལའང་ཕན་གི་རེད་ལ། དེ་དང་བསྟུན་ཏེ་བོད་པའི་གནས་ཚུལ་ཁྱབ་སྤེལ་དང་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བ། ༧གོང་ས་མཆོག་གི་མཛད་འཕྲིན་བཅས་ལ་ཡང་ཞུབས་འདེགས་ཀྱི་ནུས་པ་གང་འཚམ་འཐོན་གི་རེད། ད་དུང་མུ་མཐུད་དེ་ལས་དོན་འདི་ཡར་རྒྱས་དང་སྤུས་དག་ཏུ་གཏོང་རྒྱུར་ཚང་མས་ཧུར་ཐག་གནང་རོགས། སྔོན་མ་བོད་གཞུང་གི་ཡིག་ཆ་གལ་ཆེན་ཁག་བོད་ནང་ལ་གཏོང་རྒྱུར་བོད་དང་ཉེ་བའི་རི་སྒང་ནས་རླུང་གི་རྒྱུ་ཕྱོགས་དང་བསྟུན་ཏེ་བསྐུར་ན་ཟེར་བའི་ཨུ་ཐུག་གི་སྐད་ཆ་དེ་འདྲ་བྱུང་བ་རེད། ད་ཆར་གནས་ཚུལ་ཁྱབ་སྤེལ་དང་འབྲེལ་ལམ་ཐད་དྲ་རྒྱ་ལས་མྱུར་བ་ཞིག་དང་སྟབས་བདེ་བ་ཞིག་ཡོད་པ་མ་རེད། ཅེས་གསུངས་བྱུང་།

 

མཇུག་མཐར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། བཙན་བྱོལ་སྤྱི་ཚོགས་ཀྱི་ལོ་རྒྱུས་ནང་བལྟས་པ་ཡིན་ན། མདོ་སྨད་ཆོལ་ཁའི་སྒྲིག་འཛུགས་འདི་དང་པོ་ཆགས་ཡོད། སྒྲིག་འཛུགས་འདི་བཙུགས་ཏེ་ད་ལྟའི་བར་གྱི་བྱུང་རབས་ཐོག སྔོན་མའི་མི་ཚོར་ཤེས་ཡོན་དེ་ཙམ་མེད་ཀྱང་། ལྷག་བསམ་གྱི་ཐོག་ནས་དཀའ་ལས་མང་པོ་བརྒྱབས་པར་བརྟེན། ང་ཚོ་ད་ལྟའི་གནས་སྟངས་འདིར་སླེབས་པ་རེད། ལྷག་པར་དུ་སྐབས་བཅུ་གསུམ་པའི་མདོ་སྨད་དབུས་རྒྱུན་གྱིས་གྲུབ་པ་དང་མ་འགྲུབ་པའི་ལས་དོན་མང་པོ་ཡོད་ཀྱང་། ཕྱོགས་མང་པོ་ཞིག་ཡར་རྒྱས་ཆེན་པོ་བཏང་ཡོད། དེ་རིང་འདིར་བཟང་པོ་བཅུ་འཛོམས་ཀྱི་ཉིན་མོ་དང་བསྟུན་ཏེ། མདོ་སྨད་ཆོལ་ཁའི་དྲ་རྒྱ་གསར་པ་བཏོན་པ་འདི་མདོ་སྨད་ལོ་རྒྱུས་ནང་གཟེངས་སུ་ཐོན་པ་ཞིག་ཆགས་ཡོད། སྔོན་མ་ནས་མདོ་སྨད་པ་ཚང་མ་མཁས་དབང་ཡིན་ཟེར་བའི་ཁ་རྒྱུན་ཞིག་ཡོད་ལ། ངས་ཀྱང་དུས་རྒྱུན་དུ་བཤད་བསྡད་ཡོད། ང་ཚོའི་རྒྱུ་ནོར་རྩ་ཆེ་ཤོས་དེ་མཁས་དབང་ཚོས་བྲིས་བཞག་པའི་བརྩམས་ཆོས་ཁག་རེད། དེ་དག་ཁྱབ་སྤེལ་བྱ་སའི་སྡིངས་ཆ་ཡག་ཤོས་དྲ་རྒྱ་ཆགས་ཡོད་སྟབས། ཐེངས་འདིར་ལས་དོན་གལ་ཆེན་ཞིག་གྲུབ་ཡོད།

 

ང་རང་གི་བསམ་པར་དྲ་རྒྱ་འདིར་ད་དུང་ཡར་རྒྱས་སུ་གཏོང་དགོས་པའི་ཆ་འགའ་རེ་འདུག དཔེར་ན། དེང་སྐབས་ཁོར་ཡུག་གི་གནད་དོན་གལ་ཆེན་ཆགས་ཀྱིན་ཡོད་སྟབས་ཁོར་ཡུག་གི་ཚན་པ་ཞིག་དང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་སྡེ་ཚན་ཞིག བཙན་བྱོལ་སྤྱི་ཚོགས་ཀྱི་སྡེ་ཚན་ཞིག་བཅས་ཡོད་ན་ཡག་པོ་འདུག དེ་དང་ལྷན་དུ་རེ་སྐུལ་ཞུ་རྒྱུ་ཞིག་ལ། ཉེ་ཆར་གློག་ཀླད་ཆེད་མཁས་པ་ཨ་ཁུ་སྨོན་ལམ་ཉི་ཧོང་ལ་ཕྱིན་ཏེ། ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་སྨོན་ལམ་བོད་ཡིག་གསུམ་པ་འཇོག་རྒྱུའི་སྐད་ཆ་བྱུང་འདུག མ་འོངས་པར་གློག་ཀླད་སྒེའུ་ཁུང་གཞན་དག་ལའང་དེ་ལྟར་ཡོང་ཐུབ་པར་རེ་བ་རྒྱག་གིན་འདུག སྨོན་ལམ་བོད་ཡིག་གསུམ་པ་དེ་རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་སྟེང་བཟོས་ཡོད་སྟབས། ཧི་མ་ལ་ཡ་དང་གཅིག་པ་རེད། དེར་བརྟེན། བོད་རང་གིས་བཟོས་པའི་སྨོན་ལམ་བོད་ཡིག་གསུམ་པའི་སྟེང་འཇོག་ཐུབ་ན་ཡག་པོ་རེད། ཅེས་གསུངས་བྱུང་།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༡ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 19

  1. རས་པ། says:
    ལོ་ 15 སྔོན།

    དྲ་རྒྱ་སྒོ་འབྱེད་གནང་བར་རྟེན་འབྲེལ་ཞུ་གི་ཡིན་ཏེ། འདི་ཉིད་ལས་བཙན་བྱོལ་ནང་ཁ་ལ་འཁྱེར་འཁྱེར་དུ་ཡོད་པའི་ཆོས་དང་རིག་གཞུང་ཟེར་བའི་སྟོང་གཏམ་དེ་མཚམས་འཇོག་ཡོང་བ་དང་། རིག་གཞུང་འཁྲབ་སྟོན་དང་། རིག་གཞུང་འཚེམ་ཁང་ཟེར་བའི་ཡིད་སུན་སྟེར་བ་དང་སྐྱོ་སྣང་བསྩོལ་བའི་བྱེད་ཕྱོགས་བཤད་ཕྱོགས་དེ་ལ་དགག་པ་ཚ་ནན་ཡོང་བའི་སྨོན་ལམ་མང་པོ་རྒྱག་གི་ཡིན།

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    རྟེན་ཞེས་པ་མུ་མཐུད་རོགས།

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    དྲ་རྒྱ་དབུ་འབྱེད་གནང་བ་ལ་སེམས་གཏིང་ནས་དགའ་བསུ་དང་རྟེན་འབྲེལ་ཞུ། ཁ་བ་ནག་པོས་བཤད་པ་ཅུང་ཙམ་གནས་ལུགས་འདུག་མོད། རྗེས་སུ་དེའི་ཕྱོགས་ཀྱང་བཟོ་ངེས་རེད་སྙམ། འགའ་ཤས་ཀྱིས་ལས་དོན་བསྒྲུབ་དུས་ཁ་ཤས་ཀྱིས་སྐྱོན་བརྗོད་བྱེད་པ་ནི་འཇིག་འདིའི་འགྲོ་སྟངས་སམ་ཆོས་ཉིད་ཅིག་རེད། གང་ཡང་མདོ་སྨད་དབུས་རྒྱུན་ལས་ཁང་ནས་འདི་ཁ་ནས་བཤད་པ་ཙམ་མིན་པར་ལག་ནས་འགྲུབ་བྱུང་བཅུག་པ་ལ་དགའ་ཡོད། རྣམ་པ་ཀུན་དུ་རྒྱབ་སྐྱོར་ཡོད།

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    གཡག་ལྡོམ་འདི་ངས་རྒྱ་ཧོས་རྒན་ཞིག་གི་ལག་ལ་འཇོག་འཇོག་ཆོག

    Reply
  5. གཡག་ལྡོམ། says:
    ལོ་ 15 སྔོན།

    ནོར་བཅོས།་རྣམས་
    གཏོང་རོགས་ཞུ་རྒྱུ།

    Reply
  6. གཡག་ལྡོམ། says:
    ལོ་ 15 སྔོན།

    འདི་ནས་དྲ་གྲོགས་རྣམ་ལ་གསལ་བསྒྲགས་ཞུ་རྒྱུ་ཞིག་ལ།་གཡག་ལྡོམ་ཟེར་བའི་དྲ་འབུ་ཞིག་གིས་གང་སར་བསམ་ཚུལ་འདྲ་མིན་འདོན་བཞིན་འདུག་ན།་བོད་ཀྱི་དུས་བབ་དྲ་བའི་ཟིན་བྲིས་ཁོངས་ཡོད་གཡག་ལྡོམ་མིན་པ་མཁྱེན་པར་མཛོད།
    དུས་བབ་ཚང་གི་དྲ་དཔོན་ལགས།གཡག་ལྡོམ་ཞེས་པའི་དྲ་འབུ་འདི་དྲ་ཚིགས་འདི་ལས་རྒྱང་ཕུད་གཏོང་རོགས་ཞུ།

    Reply
  7. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཨ་ཁུ་བོན་རྒྱས་བཤད་པར་ང་ཡང་འཐད། ཁ་སང་དྲ་ཚིགས་དེ་མཐོང་མ་ཐག ཁ་བྱང་མིག་ལ་བདེ་མ་སོང་ལ། འགྲོ་ལུགས་སྤྱིའི་ཆ་ནས་ཀྱང་། ག་གེ་མོའི་དྲ་རྒྱ་དང་། དྲ་རྒྱ་ག་གེ་མོ། ཞེས་དྲ་རྒྱའི་ཁ་བྱང་རང་ལ་དྲ་རྒྱ་ཞེས་པའི་ཚིག་དེ་སླེབས་ཡོད་པ་ཉུང་ཉུང་ཡིན། དཔེར་ན། << མདོ་སྨད་ཆོས་འབྱུང་གི་དཔེ་དེབ >> ཞེས་པ་ལྟ་བུ་རེད། འདི་ལ་དྲ་རྒྱ་གཞན་ལས་ལོགས་སུ་དབྱེ་བ་ཙམ་ལས་ཁ་བྱང་སྟེང་ཐུན་མིན་གྱི་ནུས་པ་དང་། དངོས་ཤུགས་བརྒྱུད་གསུམ་གྱི་བསྟན་དོན་གང་ཡང་མེད།

    འོན་ཀྱང་། དྲ་ཚིགས་འདིར་ལེགས་པའི་ཆའང་མེད་པ་མ་རེད། དྲ་ཚིགས་ཀྱི་གཙོ་ངོས་གསར་འགྱུར་གྱི་དོན་ཚན་བཞིར་བགོས་ཡོད་པ་དང་། ནང་ལོགས་སུ་སྡེ་ཚན་ཆེན་པོ་བརྒྱད་དང་། དེ་རེ་རེ་ལའང་ནང་གསེས་ཀྱི་ཚན་པ་མང་པོར་དབྱེ་སྟེ། གནས་ཚུལ་རྒྱས་བྲིས་ཀྱི་ས་ཁོད་ཡངས་པོར་ཕྱེ་ཡོད་པ་དེ་དང་། དྲ་ཚིགས་འདིས་ཁ་བཏད་སའི་ཡུལ་དེའི་ཆེད་ལས་ག་གེ་མོ་ཞིག་གི་འདས་མ་ད་གསུམ་གྱི་ལོ་རྒྱུས་རྒྱུ་ཆ་འཐུས་སྒོ་ཅུང་ཚང་བ་ཕལ་བའི་ཚུལ་དུ་གཙོ་བོ་བྱས་ཡོད་པ་དང་། དེ་ལ་དུས་རབས་དང་མཐུན་པར་མི་རྣམས་ཀྱི་དོ་སྣང་འདྲེན་ཆེད་གསར་འགྱུར་རིགས་གཙོ་བོའི་ཚུལ་དུ་ཕལ་བར་བཞག་ཡོད་པ་དེ་རེད།

    Reply
  8. blackman says:
    ལོ་ 15 སྔོན།

    ཨ་ཁུ་བོན་རྒྱ་དང་ཨ་ཁུ་ནག་པོ་གཉིས་ཀྱིས་བསམ་ཚུལ་བཤད་ནོ་བཟང་གི། བོད་ལྗོངས་ཞེས་བྱེད་སྤྱོད་བཏང་བར་དགོས་པ་རྒྱུ་མཚན་གཞན་ཅི་ཞིག་ཡོད་མེད་གསལ་བོ་ཞིག་བཟོས་ན་ཡག་གི་རེད། རྒྱུ་མཚན་ཞིག་ཡོད་རྒྱུ་རེད། རྒྱུ་མཚན་དེ་ཁས་ལེན་བྱེད་ཐུབ་པ་ཞིག་ཡིན་ན་དེ་ལྟར་བེྱད་རྒྱུ་ཡིན། ཨ་ཁུ་རྣམ་གཉིས་ལ་ར་ཞིག་འཕྲོད་རྒྱུ་རེད། གཞན་ར་འཕྲོད་དགོས་ས་མང་པོ་ཡོད་རྒྱུ་རེད། སྤྱིར་བཏང་ང་ཚོས་ནམ་རྒྱན་ལྗོངས་ཞེས་པའི་ཁྱབ་ཁོངས་ལ་བསམ་བློ་བཏང་བ་ཡིན་ན། ལྗོངས་དང་ཞིང་ཆེན་ཟེར་བའི་གོ་དོན་གྱིས་བསྡུས་དྲངས་པའི་བོད་ལྗོངས་དང་དང་གངས་ལྗོངས་ཀྱིས་བསྡུས་དྲངས་པའི་བོད་ཁམས་སྤྱི་ལ་གོ་བའི་ཚུལ་ལ་དོགས་དཔྱོད་རེ་བྱེད་རྒྱུ་གལ་ཆེ་གི། ལྷག་པར་དུ་བོད་ལྗོངས་ཟེར་བ་དེ་རྒྱུན་འཇགས་ཀྱི་ཐ་སྙད་ཅིག་ཏུ་་གྱུར་ཡོད་པའི་ངོས་ནས་བལྟས་ན་གོ་རྒྱུ་ཆེན་པོ་ཞིག་ཡོད་ཀི་འདོད་གི། བསམ་ཚུལ་ཞིག་བཤད་ཀི་ཡོད་དུས་སྣང་མེད་དུ་མི་འཇོག་པར་ལན་རེ་ཡོད་ན་དོན་དག་ཅིག་འགྲུབ་ཀི་རེད་ཅེས་ཞུ་བ་ཐལ་ལོ།

    Reply
  9. ཨ་འཕྲིན། says:
    ལོ་ 15 སྔོན།

    བོད་ལྗོངས་མདོ་སྨད་དྲ་བ་སྐུ་བལྟམས་པ་ལ་རྟེན་འབྲེལ་ཞུ།
    གོང་ནས་བསམ་ཚུལ་འདོན་པ་ནང་བཞིན་ང་ལའང་དེ་ལྟའི་རྨོངས་འཆར་ཞིག་འདུག ངས་ཐོག་མར་ཁ་བྱང་བཀླགས་རྗེས་སེམས་སུ་ལྷ་ས་ནས་འཁྲུངས་པའི་དྲ་བ་ཞིག་ཡིན་སྙམ་ཀྱི་ཐེ་ཚོམ་སྐྱེས་སོང་། མ་གཞི་བོད་ལྗོངས་ཟེར་བའི་ཚིག་དེ་བོད་རང་གི་དྲི་མས་མ་བཏང་བའི་བོད་ཚིག་དྲི་མ་མེད་པ་ཞིག་ཡིན་ལོས་ཡིན་ཀྱང་། ཁྱབ་ཚད་ཀྱི་ཆ་ནས་ངས་འུ་ཚང་གི་ཨ་ཞང་དྲིན་ཆེན་པོས་ངོ་གདོང་མིག་ལ་ཤར་ཡོང་གི

    Reply
  10. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    རེད་རེད། རྒྱ་ནག་གིས་ཀྲུང་གོའི་བོད་ཀྱི་ཅིག་ཅིག་མུག་མུག་ཟེར་བཞིན་ཡོད་པ་རེད། ང་ཚོས་ཀྱང་དེའི་ལད་མོ་བྱས་ནས་བོད་ལྗོངས་མདོ་སྨད་བོད་ལྗོངས་ཁམས་པ་ཞེས་འབྲི་དགོས་དོན་མི་འདུག མདོ་སྨད་དྲ་རྒྱའམ་ཨ་མདོའི་དྲ་བ་སོགས་བཏགས་ཡོད་ཀྱི་ན་ཁ་ནང་ལ་བདེ་བ་གཅིག་པོའི་ཁྱད་ཆོས་འཛོམ་གྱི་རེད། དེ་མིན་བོད་ལྗོངས་མདོ་སྨད་ཆོལ་ཁའི་དྲ་བ་ཞེས་པ་འདི་ཁ་ནས་ལབ་དུས་ཀྱང་རིང་ཐག་ཆོད་འདུག་པས། མྱི་ནད་པ་ཞིག་དང་མྱི་སྐམ་པོ་ཞིག་ཡིན་ན་དྲ་མིང་བཏོན་མ་ཚར་གོང་ནས་ས་ལ་འགྱེལ་འགྲོ་ས་རེད། འདི་འདོགས་མཁན་དེ་ཡང་ནམ་རྒྱུན་ཉན་མཁན་ཡོད་མེད་ལ་བསམ་བློ་མི་གཏོང་བར་གཏམ་རྒན་ཉོག་རིང་མ་བཤད་མཁན་ཞིག་ཡིན་པའི་ཚོར་སྣང་ཞིག་བཅོས་མིན་དུ་སྟེར།

    Reply
  11. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    བཟོ་བཅོས། བསད་ཚར་ནས་ལོ་ཤས་སོང་ཚར་བས།

    Reply
  12. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    སྤྱིར་བཏང་རིག་གཞུང་གི་གླེང་སྟེགས་ཤིག་འཁྲུངས་པ་ལ་དགའ་བསུ་ལོས་ཡོད་དེ། ཡིན་ནའང། དྲ་རྒྱ་འདི་དེ་ཙམ་བློ་ལ་བབ་མ་སོང་། དཔེར་ན་ཁ་བྱང་གཅིག་པོར་ལྟོས་དང་། བོད་ལྗོངས་མདོ་སྨད་ཟེར་བ་དེ་ས་ན་ཡོད་དམ་གནམ་ན་ཡོད། དེ་ལྟ་ན་བོད་ལྗོངས་བླ་བྲང་དང་། བོད་ལྗོངས་རེབ་གོང་སོགས་ཀྱང་ཡོད་དགོས་ལ། བོད་ལྗོངས་རྒྱལ་བོ་ཐོག་གཉའ་ཁྲི་བཙན་པོ་ཞུ་བ་ཞིག་ཀྱང་ཡོད་དགོས་མོད། དེ་འདྲ་ཞིག་གཏན་མེད་ལ་དེ་ལྟར་བོས་ན་དེ་ལས་གད་མོ་ཆེ་བའང་མེད། འདི་ལས་དྲ་བ་འདི་བཟོ་མཁན་ཚོས་གཞན་ལ་བློ་འདྲི་མ་བྱས་པ་དང་མི་ཤེས་ཤེས་ཁུལ་བྱས་པའི་དཔང་རྟགས་ཆེ་ཤོས་ཤིག་མཐོང་ཙམ་ནས་མིག་ལ་གཏད་ཡོད་བ་འདི་ལྟར་རེད། བོད་ལྗོངས་ཟེར་བ་ནི་རྒྱ་ནག་གི་གཏིང་ནག་པོའི་ཆབ་སྲིད་ཀྱི་གཡོ་ཚིག་གསར་བ་ཞིག་རེད་ལ། དེའི་ཁྱབ་ཚད་ཡང་རྒྱ་ནག་པ་ཁོ་ཚོའི་བཤད་ཀྱིན་པའི་བོད་ལྗོངས་ཟེར་བ་ཙམ་པོ་ལས་ཁྱབ་ཡོད་པ་མ་རེད། ཡང་ཆོལ་ཁ་ཟེར་བ་དེ་ཡང་བོད་བཙན་བྱོལ་གཞུང་གིས་གཞུང་འབྲེལ་གྲོས་ཆོད་འོག་བསད་ཚར་ནས་ལོ་ཤས་སོང་ཚར་ས་དེ་དུར་ས་ནས་དྲུད་ཡོང་དགོས་དོན་མི་འདུག ༼ མདོ་སྨད་དྲ་རྒྱ ༽ཞེས་པ་ལས་རྣ་ཚར་དེ་འདྲ་ཞིག་མང་པོ་ཞིག་འདོགས་དགོས་དོན་ཡོད་དམ། ཁ་བྱང་གཅིག་པོའི་དོགས་དཔྱོད་དེ་འདྲ་ཡིན། ད་དུང་ཇུས་འགོད་སོགས་ཀྱི་ཐད་ནས་ཡང་མ་འདང་ས་དང་བློ་ལ་མི་འཐད་པ་མང་ཙམ་མིག་ལ་ཤར་མོད་ག་ལེར་ཞིབ་ལྟ་ཞིག་བྱས་རྗེས་གླེང་ཆོག

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    རྟེན་འབྲེལ་ཞུ། རྟེན་འབྲེལ་ཞུ།
    ད་གང་ལྟར་མགོ་ནི་བཙུགས་ཚར་བ་རེད། རྒྱུན་སྐྱོང་དང་གོང་སྤེལ་ལ་ཚང་མས་ར་འདེགས་བྱེད་དགོས་པ་རེད། ཕན་ན་བོད་གངས་པའི་དྲ་རྒྱ་ཞིག་རེད། མ་ཕན་ན་མདོ་སྨད་ཆོལ་ཁ་དང་དེ་ནས་མདོ་སྨད་རྒྱུས་ལས་ཟེར་གི་རེད། དེ་བས་ཚང་མས་ར་འདེགས་ཐད་ལ་ཤུགས་གནོན་དགོས་པ་རེད།

    Reply
  14. མེ་འོད། says:
    ལོ་ 15 སྔོན།

    རིག་དང་འབྲེལ་བ་ཡོད་པ་དང། ཤེས་ཡོན་དང་འབྲེལ་བ་ཡོད་པ། ལྷག་པར་དུས་རབས་་དང་འབྲེལ་བ་ཡོད་པའི་ལས་དོན་ཅི་ཞིག་བསྒྲུབས་ན་དེ་ནི་རླབས་ཆེན་རེད་ཟེར་རྒྱུ་ཡིན་ལ། དེ་ལྟར་སྒྲུབ་པའི་བསམ་བློ་གཏོང་མཁན་དང་ལག་ལེན་བསྟར་མཁན་གཉིས་བསྟོད་བསྔགས་གཏོང་བའི་གནས་སུ་འཇོག་གི་ཡིན། དེ་ལྟ་བུའི་རིག་གནས་ཀྱི་ཁོར་རྒྱ་དེ་ཡང་མུ་མཐུད་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པའི་རེ་བ་རྒྱག་གི་ཡིན།

    Reply
  15. གནམ་ལྕགས། says:
    ལོ་ 15 སྔོན།

    རྟེན་འབྲེལ་ཞུ།ང་གནམ་ལྕགས་ཀྱིས་འདི་ལ་རྒྱབ་སྐྱོར་བླ་མེད་ཞུ་རྒྱུ་ཡིན།

    Reply
  16. གསང་གཏོར། says:
    ལོ་ 15 སྔོན།

    དངོས་ནས་དྲ་རྒྱ་མཛེས་བཟོ་དང་གྲུབ་ཆ་ཡག་པོ་འདུག་་ཡིན་ནའང་ནང་དོན་དེ་ཚོ་དོན་དངོས་དང་མཐུན་པ་ཁག་འགོད་ཐུབ་ན་དགེ་མཚན་ཆེ་བ་མཐོང།་གཞན་ཆོལ་ཁ་ཕྱོགས་རེས་སྐོར་འགོད་བསྡད་ན་ཕན་མེད་རེད།་་ང་ཚོར་ས་ལག་ཐེལ་ཙམ་ཡང་མེད་པས་ཁོལ་ཁ་ཕྱོགས་རེས་འདྲ་པོ་ཀྱང་བྱས་བསྡད་ན་བྱབ་ཆུང་གི་ལས་ཀ་ཞིག་རེད་འདུག་་་

    Reply
  17. གཡག་ལྡོམ says:
    ལོ་ 15 སྔོན།

    བོད་མདོ་སྨད་ཆོལ་ཁའི་དྲ་རྒྱ་ལ་གཞིས་བྱེས་ཆོལ་གསུམ་བོད་མི་ཡོངས་ཀྱིས་བཀྲ་ཤིས་པའི་དར་དཀར་དང་བཅས་རྟེན་འབྲེལ་ཞུ།

    Reply
  18. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    སྤྱིར་ན་ཡག་པོ་ཞེ་དྲགས་འདུག ཡིན་ན་ཡང་རྟ་རྒན་ཚོ་ཚར་ནས་མདོ་སྨད་རྟ་ཡི་ཆོལ་ཁ་ནས་མདོ་སྨད་རྩོམ་གྱི་ཆོལ་ཁར་འགྱུར་བཞིན་པའི་དུས་འདིར། དྲ་རྒྱ་འདིའི་ནང་དུ་རྩོམ་ཡིག་སྤེལ་སའི་ལེ་ཚན་ཞིག་ངེས་པར་དུ་དགོས་གལ་ཆེ་བར་མཐོང་སོང་། རྩོམ་ཡིག་དེ་དེང་སྐབས་ཀྱི་ཆབ་སྲིད་དང་རིག་གཞུང་གི་བསམ་ཚུལ་བརྗེ་རེའི་ལས་སྒོར་མཚོན་ན་ཡོད་ན་དེས་ཆོག་དང་མེད་ན་དེས་ཕོངས་ཀྱི་རིག་གཞུང་ཞིག་རེད། སྒྲ་སྙན་རྡུང་ལེན་ཅུང་ཟད་མང་དྲགས་པའི་ཚོར་བ་ཞིག་འདུག

    Reply
  19. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མདོ་སྨད་ཆོལ་ཁའི་དྲ་རྒྱ་འདི་འཛམ་འདིའི་སྟེང་དུ་གངས་རི་ལ་ཉི་མ་ཤར་ལྟར་ཡོང་བ་ཤོག་ཞེས་ང་ཅོ་རི་ཉི་མས་རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese