མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་ལྔ་བའི་ཤེས་རིག་ཚོགས་ཆེན་འཚོགས་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

སློབ་གྲྭ་ཁག་གིས་ཤེས་ཡོན་གྱི་གནས་སྟངས་གཙོས། བོད་ཡིག་གི་གནས་ཚན་ཞན་རུ་འགྲོ་བཞིན་པ་དང་དབྱིན་ཇིའི་གནས་ཚད་འདོད་པ་ཁེངས་པ་ཞིག་ཡོང་ཐུབ་ཀྱིན་མེད་པ། སློབ་གྲྭའི་ནང་རིག་གཅིག་རྐང་འཛིན་གྱི་སློབ་གསོ་སྤྲོད་སྟངས་གང་འདྲ་ཞིག་གི་སྒང་ལ་འགྲོ་མིན་སོགས་ཀྱི་ཐད་འཚོགས་ཀྱིན་ཡོད་ཟེར།

ཟླ་འདིའི་ཚེས་ ༢༧ ཉིན་ནས་ཉིན་གསུམ་རིང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྐབས་ལྔ་བའི་ཤེས་རིག་ཚོགས་ཆེན་དེ་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ནང་འཚོགས་གཏན་འཁེལ་ཡོད་སྟབས། འདི་གའི་གསར་འགོད་པས་ཤེས་རིག་དྲུང་འཕར་དངོས་གྲུབ་རྡོ་རྗེས་ལགས་སུ་ཐེངས་འདིའི་ཚོགས་ཆེན་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་བཀའ་འདྲི་ཞུས་པར། ཁོང་གིས། སྤྱིར་ཤེས་རིག་ལས་ཁུངས་ཀྱིས་སྔོན་མ་ནས་ལོ་ལྔའི་ནང་ཚོགས་ཆེན་ཐེངས་རེར་སྐོང་འཚོགས་གནང་བའི་བང་རིམ་ཞིག་སྒྲིག་ཡོད་པ་རེད། ཡིན་ནའང། གནས་ཚུལ་གང་མང་གི་རྐྱེན་གྱིས་ ༢༠༠༤ ལོའི་རྗེས་ནས་ཚོགས་ཆེན་འཚོགས་ཐུབ་ཡོད་པ་མ་རེད། ད་ལོ་སྐབས་ལྔ་བའི་ཤེས་རིག་ཚོགས་ཆེན་དེ་ཟླ་འདིའི་ཕྱི་ཚེས་ ༢༧ ནས་མགོ་འཛུགས་ཀྱིས་ཉིན་གྲངས་གསུམ་ལྷག་རིང་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ནང་འཚོགས་གཏན་འཁེལ་ཡོད་ལ། དེའི་སྟེང་བཙན་བྱོལ་བོད་མིའི་ཤེས་རིག་ཁྱབ་ཁོངས་སུ་ཡོད་པའི་འབྲུག་དང་འབྲས་ལྗོངས། བལ་ཡུལ་སོགས་འདུས་པའི་སློབ་གྲྭ་ཡོངས་ཀྱི་འཛིན་སྐྱོང་འགན་འཛིན་དང་སློབ་སྤྱི། དགེ་ཆོས། དེ་བཞིན་མཐོ་རིམ་དང་དམའ་རིམ་སློབ་གྲྭའི་དགེ་རྒན་གྱི་འཐུས་ཚབ་དང་ཟློས་གར་དགེ་རྒན་གྱི་འཐུས་ཚབ།  དེ་བཞིན་སྒེར་ངོས་ནས་གསར་འཛུགས་བྱས་པའི་སློབ་གྲྭ་ཁག་གི་སྐུ་ཚབ་བཅས་ཁྱོན་བསྡོམས་ཚོགས་བཅར་བ་ ༢༥༠ ལྷག་འདུ་འཛོམས་བྱ་འཆར་ཡོད་པ་རེད།  ཅེས་ངོ་སྤྲོད་གནང་བྱུང་ལ།

ཡང་ཁོང་གིས། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་གཞི་དང་དམིགས་ཡུལ་ཐད་བརྗོད་དོན། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་ནི། བོད་པའི་སློབ་གྲྭ་ཁག་གིས་ཤེས་ཡོན་གྱི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་མེད་གཞི་བྱས་པའི་བོད་ཡིག་གི་གནས་ཚན་ཞན་རུ་འགྲོ་བཞིན་པ་དང་དབྱིན་ཇིའི་གནས་ཚད་འདོད་པ་ཁེངས་པ་ཞིག་ཡོང་ཐུབ་ཀྱིན་མེད་པ་སོགས་ཀྱི་གནད་དོན་གང་མང་ཞིག་ཇི་ལྟར་ཡར་རྒྱས་དང་སླར་གསོ་བྱ་ཐབས་དང་། སློབ་གྲྭའི་ནང་རིག་གཅིག་རྐང་འཛིན་གྱི་སློབ་གསོ་སྤྲོད་སྟངས་གང་འདྲ་ཞིག་གི་སྒང་ལ་འགྲོ་གི་ཡིན་མིན་སོགས་ཀྱི་ཐད་ནས་བགྲོ་གླེང་གོ་བསྡུར་དང་གྲོས་ཆོད་གཏན་འབེབ་བྱ་རྒྱུ་དེ་རེད་ལ། དེ་དང་ཆབས་ཅིག་ནམ་རྒྱུན་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་དང་མཁས་པ་གང་མང་ཞིག་འདུ་འཛོམས་ཐོག་མི་ལོ་ལྔ་བཅུའི་ཤེས་ཡོན་གྱི་གནས་སྟངས་དང་རིག་གཅིག་རྐང་འཛིན་ཐད་བགྲོ་གླེང་གནང་རྒྱུ་རེད། དམིགས་བསལ་ཤེས་ཡོན་སྲིད་བྱུས་གསར་བ་ཞེས་ཟུར་དུ་མ་གླེང་རུང་བོད་དབྱིན་གཉིས་ཀྱི་ཤེས་ཚད་མཐོ་རུ་གཏོང་ཐབས་སོགས་ཤེས་ཡོན་སྲིད་བྱུས་དང་འབྲེལ་ཡོད་པ་རེད། མ་འོངས་ལག་ལེན་བསྟར་མིན་ཐད་གླེང་སློང་ཡོང་གི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང། 

ཐེངས་འདིའི་ཤེས་ཡོན་ཚོགས་ཆེན་དེ་ཉིན་གྲངས་གསུམ་རིང་འཚོགས་འཆར་ཡོད་འདུག་ལ། ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྟེང་༧གོང་ས་མཆོག་ཆིབས་བསྒྱུར་གྱིས་དེར་ཡོད་ཤེས་ཡོན་འགན་འཛིན་རྣམ་པ་དང་ཕྱོགས་ཡོངས་དགེ་རྒན་ཡོངས་ལ་ལམ་སྟོན་བཀའ་སློབ་གནང་རྒྱུ་ཡིན་འདུག་ལ། ཉིན་གཉིས་པའི་སྟེང་ཚོགས་ཆུང་བགོས་ཏེ་གོ་བསྡུར་གནང་རྒྱུ་དང་། ཉིན་གསུམ་པར་ཕྱོགས་ཡོངས་འཐུས་མི་རྣམས་ཀྱི་བསམ་ཚུལ་བསྡུ་རུབ་ཀྱིས་གྲོས་ཆོད་གཏན་འབེབས་དང་བགྲོ་གླེང་གོ་བསྡུར་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

སྐར་མ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢༤ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢

མཆན། 3

  1. blackman says:
    ལོ་ 17 སྔོན།

    //མཛད་རིམ་དང་ཡིག་ཆ་ཀློག་པའི་མི་རབས།,,
    ང་ལ་ནམ་རྒྱུན་ཚོར་སྣང་འདི་འདྲ་ཞིག་འདུག མི་རབས་འདི་མཛད་རིམ་དང་ཡིག་ཆ་ཙམ་ཀློག་མཁན་ཞིག་ཡིན་པ་དང། མཛད་རིམ་གྱི་རྗེས་ལ་ཡིག་ཆ་ཞིག་ཀློག་རྒྱུ་རག་གི་རེད། དེ་ནས་ལག་ལེན་གྱི་ཉི་མ་ཞིག་འཆར་རྒྱུ་མེད་འགྲོ། སློབ་གྲྭ་ཁག་གི་སློབ་ཚན་དང་དགེ་རྒན་ནི་སྔར་བཞིན་རླུང་རྩེ་ན་འདར་ཞིང་རིམ་གྱིས་འཁྱག་ལ་འབྱར་འགྲོ་བའི་གནས་བབ་ན་ལྷག་འདུག
    ཁ་སང་དེ་རིང་ཤེས་རིག་ཚོགས་ཆེན་ཐེངས་ལྔ་བ་འཚོགས་བཞིན་ཡོད། ཚོགས་བཞུགས་པ་ཚོས་བསམ་བློ་ཅི་ཞིག་གི་འོག་ནས་འཆར་གཞི་གང་ཞིག་ཁུར་ཡོད་དམ་ངས་གསལ་བོ་མི་ཤེས། མཛད་རིམ་དང་གྲོས་གཞི་ཁག་མཐོང་སོང། ཚོགས་ཆེན་གྱི་རྗེས་ལ་ཡིག་ཆ་ཁ་ཤས་ཁུར་ནས་ཚོགས་ཞུགས་པ་ཚོ་རང་རང་གི་ས་ལ་སོང་ནས་སྐད་ཆ་སྙན་པོ་རེ་བཤད་ཀི་རེད། གཙོ་བོ་༸གོང་ས་མཆོག་གི་གསུང་དངོས་སུ་ཐོས་པ་དང་ཞལ་དངོས་སུ་མཇལ་བ་དེ་ཁོང་ཚོའི་ཚོགས་ཆེན་ལ་ཞུགས་པའི་ཁེ་ཕན་དང་གཟི་བརྗིད། མཛད་གཙོ་རྣམ་པ་དང་ཚོགས་ཞུགས་ལྷན་རྒྱས་ཀྱི་འདྲ་པར་དེ་ནི་ལོ་རྒྱུས་ཤིག་དང་རིན་ཐང་ཞིག་ལ་བརྩི་ངེས་རེད། དེ་ནས་ཡིག་ཆ་དེ་ཚོ་ཡིག་སྣོད་ཅིག་གི་ནང་ལ་བཅུགས་ནས་གཉིད་འཇུག་གི་རེད་ལ། ཚོགས་ཆེན་ཟེར་བའི་སྒྲ་དབྱངས་དེ་ཡང་རིམ་གྱིས་འཇག་འགྲོ་གི་རེད། འདི་ནི་གློ་བུར་དུ་གཉིད་སད་དེ་གློ་བུར་དུ་གཉིད་འགྲོ་བའི་འགྲོས་ཤིག་རེད།

    གྲོས་གཞི་ཁག་སྔོན་མ་ནས་ཡོད་བསྡད་པ་དེ་འདྲ་རེད། དམིགས་བསལ་གྱི་གྲོས་གཞི་གང་ཡང་མི་འདུག ཤེས་རིག་གིས་འཆར་གཞི་ཞིག་བཟོས་ནས་ལག་ལེན་ལ་བསྟར་རྒྱུ་བཞག་པའི་ལས་དོན་གང་ཡང་མེད་ན། གྲོས་བསྡུར་ཞིག་བྱས་པའི་རྗེས་ལ་ལོ་འགའ་ཤས་ཀྱི་རྗེས་སུ་ཡང་གྲོས་བསྡུར་ཞིག་བསྐྱར་དུ་བྱེད་རྒྱུ་རེད། གོ་རིམ་འདི་ནས་འགྱུར་བ་ཞིག་མཐོང་རྒྱུ་ཡོད་དམ། འཕེལ་རྒྱས་ཤིག་འགྲོ་རྒྱུ་ཡོད་དམ།

    ལག་འཁྱེར་མཐོན་པོ་ཡོད་པའི་དགེ་རྒན་དང་སློབ་སྤྱི་རྣམ་པ་ཚོ་དེ་རིང་གི་ཚོགས་ཆེན་ལ་ཞུགས་ཡོད་རྒྱུ་རེད། ང་ཚོའི་སློབ་གྲྭའི་སློབ་སྤྱི་ཡང་ཚོགས་ཆེན་ལ་ཕེབས་སོང། སྒམ་ཚུགས་ཀྱིས་འགྲོ་སོང། ཡིན་ནའང་ཁོ་ལ་ལག་འཁྱེར་ཙམ་ལས་ཅི་ཡང་ཡོད་ནི་མ་རེད། དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པའི་སློབ་གསོའི་གོ་རྟོགས་དང་ཤེས་ཚད་ནི་ཀླད་ཀོར་གྱི་མན་ན་ཡོད། ང་ཚོའི་སློབ་སྤྱི་འདྲ་བ་མང་པོ་ཞིག་ཚོགས་ཆེན་འདི་ལ་ཞུགས་ཡོད་ཚད་དོན་སྙིང་མེད་པ་ཐག་གིས་བཅད་ནས་བཤད་ན་ཆོག་གི
    ཚོགས་ཆེན་ལ་སྙིང་པོ་ཡོད་མེད་ནི་དེ་རིང་གི་ངའི་བརྗོད་དོན་གཙོ་བོ་མ་རེད། དངོས་གནས་ང་ཚོའི་ང་ཚོའི་ཤེས་ཡོན་དེ་ཡར་རྒྱས་ལ་གཏོང་དགོས་ན། ཐོག་མར་སློབ་གྲྭ་ཁག་ན་ཤེས་ཚད་ཀྱིས་མི་འདང་བཞིན་དུ་ཨུ་ཚུགས་ཀྱིས་དགེ་རྒན་དང་སློབ་སྤྱི་སོགས་ཀྱི་རྐུབ་བཀྱགས་སྲུང་ནས་འདུག་མཁན་ཚོ་དང། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་སློབ་གསོའི་སྐོར་ལ་ཕྱག་ལས་གནང་མཁན་གྱི་ལས་བྱེད་ཤེས་ཡོན་དང་འཇོན་ཐང་མེད་ས་དེ་ཚོས་རང་ངོས་ནས་དགོངས་ཞུ་བྱེད་ཐུབ་ན། ད་གཟོད་གཞི་ནས་ང་ཚོའི་ཤེས་ཡོན་སློབ་གསོ་ལ་རེ་བ་ཞིག་ཡོད་རྒྱུ་རེད། དེ་ལྟར་མིན་ན་མི་རབས་འདི་མཛད་རིམ་དང་ཡིག་ཆ་ཙམ་ཀློག་མཁན་ལས་ཅི་ཡང་འབྱུང་གི་མ་རེད།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    རིགས་གཅིག་རྐང་འཛིན་ཐད་བགྲོ་གླེང་གནང་ཉིན་བརྡ་ཞིག་འབྱོར་ན་ཅི་མ་རུང་།

    Reply
  3. ནད་པ says:
    ལོ་ 17 སྔོན།

    སྐབས་ལྔ་པའི་ཤེས་རིག་ཚོགས་ཆེན་འཚོགས་གཏན་འཁེལ་ཡོད་སྟབས་ངས་དེ་རིང་རང་གི་བསམ་ཚུལ་ཅུང་ཟད་ཅིག་ཞུ་འདོད་བྱུང་། དྲ་ཚིགས་ཏུ་ཕེབས་མཁན་ཕལ་ཆེ་བས་རང་ཉིད་དང་། རང་གི་མིག་མདུན་དུ་དངོས་སུ་མྱོང་བཞིན་པའི་ཉིན་རེའི་ལས་འགན་ལ་སྲུང་བརྩི་མ་གནང་བར་རང་ཉིད་ཀྱི་ས་ནས་ལེ་དབར་ཁྲི་འབུམ་གྱི་བར་ཐག་ཆོད་པའི་གནས་ཚུལ་ཁག་ལ་དོ་སྣང་དང་གླེང་སློང་གང་མང་ཞིག་གནང་བཞིན་འདུག་པ་དེར་ཞིབ་ཏུ་དཔྱད་ཚེ་ངོ་མ་སེམས་སྐྱོ་དགོས་པ་ཞིག་རེད་སྙམ།

    ཕལ་ཆེར་ངས་བསམས་ན་ད་ལྟའི་གཞོན་སྐྱེས་མང་ཆེ་བའི་བསམ་བློའི་རང་བཞིན་དང་ཤེས་ཡོན་ཀྱི་གནས་ཚད་གནད་དུ་སྨིན་མ་ཐུབ་པ་ཞིག་གི་སྐྱོན་ཆ་ཡིན་པ་འདྲ།

    ཁ་སང་རླབས་ཆེན་གྱི་མི་སྣ་ང་ཕོད་མཆོག་སྐུ་གཤེགས་དུས་ནས་ད་བར་དྲ་ཚིགས་སུ་ཆན་བཀོད་ཀྱི་མི་གྲངས་༡༤༠ ལྷག་བྱུང་སོང་ཡང་དོན་དངོས་ཐོག་ཁོང་ནི་རླབས་ཆེན་དང་ཡང་ན་བྱབ་ཆུང་གང་ཞིག་ཡིན་ཀྱང་ཁོང་འཇིག་རྟེན་འདི་ནས་རྫོགས་སོང་བ་རེད།

    ཡིན་ནའང་ཤེས་རིག་ཚོགས་ཆེན་འཚོགས་གཏན་འཁེལ་བ་འདི་བཙན་བྱོལ་བོད་མིའི་མ་འོངས་བོད་ཀྱི་རྒྱུན་འཛིན་མཁན་ལོ་ཆུང་བྱིས་པ་ཚོའི་མི་ཚེའི་མདུན་ལམ་དང་། ལྷག་དོན་ཤེས་ཡོན་གྱི་སྦྱང་ཚད། མ་འོངས་བོད་གསར་པའི་ལས་དབང་ནི་ཁོང་ཚོའི་རྣམ་དཔྱོད་དང་། ཤེས་ཡོན་དང་། ལྷག་བསམ། འཇོན་ཐང་བཅས་ལ་རག་ལུས་སྟབས།

    ས་ཕྱོགས་གང་དུ་བཞུགས་པའི་དྲ་གྲོགས་ཚོས་བོད་ཀྱི་ལོ་ཆུང་བྱིས་པ་ཚོའི་ཤེས་ཡོན་དང་མི་ཚེའི་མདུན་ཐད་ལ་སོ་སོའི་བསམ་ཚུལདང་། ཉམས་མྱོང་།
    བསླབ་གསོ་སྤེལ་སྟངས་སོགས་ཀྱི་ཐད་ལ་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་དང་ལམ་སྟོན་གནང་རྒྱུ་སོགས་ནི་ཆེ་ཤིན་ཏུ་ནས་གལ་ཆེ་ཞིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese