མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

DNA བརྟག་དཔྱད་བྱས་པ་བརྒྱུད་དབྱིན་ཇི་བ་མི་རིགས་དཀར་པོའི་མེས་པོའི་ཤ་གདོག་ནི་ནག་པོ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༡༨/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

Guardian གསར་ཁང་གི་ཚན་རིག་འབྲེལ་མཐུད་པ་ཧན་ནཱ་ཌེ་ཝི་ལིན་ (Hannah Devlin)གྱིས་སྤེལ།།
ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

ལོ་ངོ་ཆིག་ཁྲི་ཡི་གོང་དུ་ཡོད་པའི་ཆེ་ཌར་མཱན་(དེང་རབས་དབྱིན་ཇི་བའི་མེས་པོ་དང་པོ་)གྱི་རིགས་རྫས་ཀྱི་གྲུབ་ཆའི་སྟེང་ནས་ཁོའི་མིག་སྔོན་པོ་དང། ཤ་མདོག་ནག་པོ། སྐྲ་ལོ་ནག་པོ་དང་སུ་ལུ་ཡིན་པའི་བསམ་ཚུལ་འཐོན་བཞིན་ཡོད་འདུགཁོའི་རྗེས་ཤུལ་འགྱུར་རྡོ་ཆགས་ཡོད་པའི་རུས་སྒྲོམ་དང་ DNA ཡི་དཔང་རྟགས་གསར་པ་གཞིར་བཟུང་སྟེ་ཚན་རིག་གི་དཔྱད་ཞིབ་ཀྱི་སྒོ་ནས་བསྐྱར་དུ་བཞེངས་པའི་ཆེ་ཌར་མཱན་གྱི་མགོ་བོ།

དབྱིན་ཡུལ་དུ་ཡོད་པའི་རུས་སྒྲོམ་ཆེས་རྙིང་ཤོས་ཤིག་ལ་གསར་གཏོད་རང་བཞིན་གྱི་ DNA ཡི་བརྟག་དཔྱད་བྱས་པ་བརྒྱུད་ལོ་ངོ་ཆིག་ཁྲི་ཡི་གོང་དུ་འཚོ་གནས་བྱེད་བཞིན་ཡོད་པའི་དེང་རབས་ཀྱི་དབྱིན་ཇིའི་མི་རིགས་ཐོག་མ་རྣམས་ཀྱི་ཤ་མདོག་ནི་ནག་པོ་ཡིན་པ་མངོན་ཡོད་འདུག

ཆེ་ཌར་མཱན་(Cheddar Man) ཞེས་སུ་འབོད་པའི་རྗེས་ཤུལ་འགྱུར་རྡོ་དེ་ནི་སོ་མེར་སེཌ་(Somerset) ས་ཁུལ་དུ་ ཡོད་པའི་གྷོ་ཕུ་ཡི་བྲག་ཕུག་(Gough’s Cave)ནང་ནས་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་གྱི་གོང་དུ་ས་འོག་ནས་ཕྱིར་བཏོན་པ་ཞིག་ཡིན་པ་རེད། ཆེ་ཌར་མཱན་གྱི་འབྱུང་ཁུངས་དང་སྣང་ཚུལ་ཐོག་བསམ་ཚུལ་དང་གླེང་སློང་ཤུགས་ཆེ་ཞིག་འབྱུང་བཞིན་ཡོད་མོད། དེའི་རྒྱུ་མཚན་ནི་འཁྱགས་རོམ་གྱི་དུས་རབས་མཐའ་མ་མཇུག་བསྒྲིལ་བའི་སྐབས་དེར་ཡུ་རོབ་སྐམ་ས་ཆེན་པོ་ བརྒལ་ཏེ་སླེབས་པའི་དབྱིན་ཡུལ་དུ་གནས་སྡོད་བྱེད་མཁན་ཐོག་མ་རྣམས་ཀྱི་རྗེས་ཙམ་དུ་ཆེ་ཌར་མཱན་འཚོ་གནས་བྱས་ ཡོད་པས་རེད། དེང་སྐབས་འཚོ་བཞིན་ཡོད་པའི་དབྱིན་ཇི་བ་མི་རིགས་དཀར་པོ་རྣམས་ནི་གོང་གི་མི་རིགས་འདིའི་མི་རྒྱུད་ཡིན་པ་རེད།

དང་ཐོག་ཆེ་ཌར་མཱན་གྱི་ཤ་མདོག་སྐྱ་བོ་དང་སྐྲ་མདོག་སྐྱ་སེར་ཡིན་པར་སེམས་ཡོད་མོད། འོན་ཀྱང་ཁོའི་ DNA ཡིས་སྣང་ བརྙན་ཐ་དད་ཅིག་སྐྲུན་བཞིན་ཡོད་པ་དེས་ཁོ་ལ་མིག་སྔོན་པོ་དང་ཤ་མདོག་རྒྱ་སྨུག་ནག་ཤས་ཅན་ནམ། ཡང་ན་ནག་པོ། སྐྲ་ལོ་ནི་སུ་ལུ་ནག་པོ་ཡིན་པའི་རྟགས་མཚན་ཤུགས་ཆེ་ཞིག་མངོན་ཡོད་པ་རེད།

གསར་རྟོགས་ཀྱི་གནས་ཚུལ་འདིས་ཡུ་རོབ་ཀྱི་མི་རིགས་ཁྲོད་དུ་སྐྱ་ཤས་ཅན་གྱི་པགས་པའི་རིགས་རྫས་ཁྱབ་བརྡལ་བྱུང་བའི་དུས་ཚོད་དེ་ནི་དང་ཐོག་བསམ་པ་ལས་ཧ་ཅང་གི་དུས་ཕྱིས་སུ་བྱུང་བ་ཞིག་ཡིན་པ་དང། དེ་བཞིན་དེང་སྐབས་ཡིད་ཆེས་བྱེད་བཞིན་ཡོད་པའི་ཤ་མདོག་གིས་ཡུལ་ལུང་གི་ཁུངས་གང་ཡིན་གྱི་ཚབ་མཚོན་ཐུབ་ཀྱི་ཡོད་པའི་བསམ་ཚུལ་དེ་ནི་རྟག་ཏུ་བདེན་པར་གནས་ཀྱི་མེད་པ་གསལ་སྟོན་བྱེད་ཀྱི་ཡོད་པ་རེད།

བརྟག་དཔྱད་ཀྱི་ལས་གཞི་དེའི་ཐོག་ལས་དོན་གཉེར་བཞིན་ཡོད་པའི་རང་བྱུང་ལོ་རྒྱུས་ཀྱི་འགྲེམས་སྟོན་ཁང་(Natural History Museum)དུ་ཡོད་པའི་གནས་དངོས་དཔྱད་ཞིབ་པ་ཀྲོམ་སྦུའུ་ཐ་ཡིས་”དེས་ང་ཚོའི་འཆར་སྣང་ གིས་བསྐྲུན་པའི་མི་རིགས་ཀྱི་དབྱེ་བ་དེ་དག་ནི་དོན་དངོས་ཐོག་ཧ་ཅང་ཉེ་དུས་སུ་བསྐྲུན་པ་ཞིག་ཡིན་པས་དབྱེ་བ་དེ་ནི་འདས་ དུས་ཀྱི་གནས་ཚུལ་ལ་བཀོལ་མི་ཐུབ་པ་ཞིག་ཡིན་པ་བསྟན་ཡོད།”

ལོན་ཌོན་གཙུག་ལག་སློབ་ཆེན་གྱི་འཕྲུལ་རྩིས་སྐྱེས་དངོས་རིག་པ་བ་ཡོན་ཌིཀ་མཱན་དང་བརྟག་དཔྱད་ལས་གཞི་དེའི་ཚོགས་མི་གཞན་དག་གིས་རྒྱུན་དུ་དབྱིན་ཇི་བའི་རང་བཞིན་དང་དཀར་པོའི་རང་བཞིན་དབར་སྟོན་བཞིན་པའི་འབྲེལ་བ་དེ་ནི་”འགྱུར་མེད་ཀྱི་བདེན་པ་ཞིག་མ་ཡིན་པར་དེ་ནི་རྟག་ཏུ་འགྱུར་བ་འགྲོ་བཞིན་ཡོད་ལ་འབྱུང་འགྱུར་དུའང་འགྱུར་བ་འགྲོ་རྒྱུ་ཡིན་”པར་མོས་མཐུན་བྱེད་ཀྱི་ཡོད་པ་རེད།

གསར་རྙེད་དཔྱད་འབྲས་དེ་བརྙན་འཕྲིན་བརྒྱུད་ལམ་ ༤ པའི་(Channel 4)དངོས་བྱུང་གློག་བརྙན་ཞིག་གི་གོང་དུ་བསྟན་ཡོད་པ་དང་། བརྒྱུད་ལམ་ ༤ པའི་དངོས་བྱུང་གློག་བརྙན་དེས་ལོན་ཌོན་དུ་རྟེན་གཞི་བྱས་པའི་རང་བྱུང་ལོ་རྒྱུས་ཀྱི་འགྲེམས་སྟོན་ ཁང་དུ་སྤེལ་བའི་གནའ་བོའི་མི་དེའི་ DNA བརྟག་དཔྱད་ཀྱི་ལས་གཞི་དེའི་འཕེལ་རིམ་དང་། ཚན་རིག་དཔྱད་ཞིབ་ཀྱི་ཐབས་རྩལ་སྒོ་ནས་ཆེ་ཌར་མཱན་གྱི་མགོ་བོ་བསྐྱར་བཞེངས་ཀྱི་བརྒྱུད་རིམ་བཅས་བཀོད་ཡོད་པ་རེད།

DNA རྟོག་ཞིབ་ཀྱི་ལས་དོན་གཉེར་ཆེད་འགྲེམས་སྟོན་ཁང་གི་ཚན་རིག་པ་ཚོས་གནའ་བོའི་ཀ་ལི་དེའི་ནང་ཚངས་ཐིག་ལ་ 2mm ཡོད་པའི་ཁུང་བུ་ཞིག་འབྲུས་ཏེ་རུས་ཐལ་མི་ལི་གྷ་རམ་འགའ་ཞིག་བཏོན་ཡོད་པ་རེད། རུས་ཐལ་དེ་ནས་ཁོང་ཚོའི་རིགས་རྫས་ཀྱི་གྲུབ་ཆ་ཆ་ཚང་ཞིག་ཕྱིར་བཏོན་ཐུབ་ཡོད་པས་དེའི་ནང་གནའ་བོའི་མི་དེའི་འཚོ་བའི་སྤྱོད་ཚུལ་དང་ཕྱི་ཚུལ་གྱི་ཁུངས་སྣེ་འདུས་ཡོད་པ་རེད།

ཆེ་ཌར་མཱན་ནི་དཀྱིལ་ཤར་ཁུལ་གྱི་མི་བརྒྱུད་ཅིག་ཡིན་པར་བསྟན་པའི་མཇུག་འབྲས་དེས་ཁོའི་མེས་པོ་ཚོས་ཨ་ཕི་རི་ཀ་ནས་ དཀྱིལ་ཤར་ས་ཁུལ་དུ་གནས་སྤོས་ཏེ་ཕྱིས་སུ་ནུབ་ཏུ་ཁ་གཏད་ནས་ཤར་བསྐྱོད་བྱས་པས་ཡུ་རོབ་དུ་སླེབས་ཡོད་པ་དང། དེ་ནས་མཐར་དབྱིན་ཡུལ་དང་ཡུ་རོབ་སྐམ་ས་ཆེན་པོར་མཐུད་པར་བྱེད་མཁན་གྱི་ཌོག་ཇར་ལནཌ་(Doggerland)ཞེས་འབོད་པའི་གནའ་བོའི་ས་ཐོག་གི་ཟམ་པ་དེ་བརྒལ་ནས་དབྱིན་ཡུལ་དུ་སླེབས་ཡོད་པ་རེད། དེང་སང་ཨིན་ཇི་བ་མི་རིགས་དཀར་པོ་རྣམས་ཀྱི་མེས་པོའི་བརྒྱ་ཆ་ ༡༠ ནི་གནའ་བོའི་མི་རིགས་འདི་དང་འབྲེལ་བ་ཡོད་སྲིད་པ་ཞིག་ཆགས་ཡོད་པ་རེད།

བརྟག་དཔྱད་དེས་ཐག་བཅད་པའི་གནས་དོན་ཞིག་ནི་གྷོའུ་ཕུ་བྲག་ཕུག་ནང་ལོ་ངོ་ ༥༠༠༠ གོང་དུ་གནས་སྡོད་བྱེད་མཁན་རྣམས་ཀྱིས་མིའི་རྐང་མཛུབ་དང་ལག་རྫུབ་རྣམས་(ཕལ་ཆེར་ཆུའི་ནང་བཙོས་རྗེས་)མུར་ལྡད་རྒྱག་རྒྱུས་མཚོན་སྐྱི་གཡའ་བའི་མི་ཤ་ཟ་བའི་ཆོ་ག་སྐྱོང་བ་དང་འཕྱི་བརྡར་བྱས་པའི་མིའི་ཐོད་རུས་ནང་བཏུང་བ་སྤྱོད་པ་སོགས་ཀྱི་སྣང་ཚུལ་ཐོན་ཡོད་པ་རེད།

དབྱིན་ཡུལ་དུ་འཁྱགས་རོམ་གྱི་དུས་རབས་སུ་སྐབས་གཅིག་རིང་མིའི་འགྲོ་བ་ཆགས་པ་དང་དེ་ནས་ཡང་མེད་པར་གྱུར་བའི་རྣམ་པ་ཞིག་ཐོན་ཡོད་ཀྱང་ལོ་ངོ་ ༡༡,༧༠༠ ཙམ་གྱི་གོང་དུ་འཁྱགས་རོམ་དུས་རབས་མཐའ་མ་དེ་མཇུག་བསྒྲིལ་བ་ནས་བཟུང་ཡུལ་དེར་མིའི་འགྲོ་བ་རྒྱུན་མཐུད་དེ་གནས་ཡོད་པ་རེད།

ད་བར་དུ་དེ་སྔ་ཨིན་ཡུལ་དུ་གནས་སྤོས་བྱེད་མཁན་གྱི་མི་ཚོགས་དེ་རྣམས་ཡུ་རོབ་སྐམ་ས་ཆེན་པོའི་ནང་ཡོད་པའི་མི་རིགས་གཅིག་མཚུངས་དེ་རང་གི་རིགས་རྒྱུད་ལས་མཆེད་པ་ཞིག་ཡིན་མིན་ཐད་གསལ་ཆ་བྱུང་མེད་ནའང་ད་ལན་གྱི་ཆེས་ཉེ་དུས་ཀྱི་བརྟག་དཔྱད་འབྲས་བུ་དེས་གནས་སྟངས་དེ་ནི་དེ་ལྟར་མ་ཡིན་པའི་བསམ་ཚུལ་སྤེལ་ཡོད་པ་རེད།

བརྟག་དཔྱད་རུ་ཁག་དེས་ཤ་མདོག་དང་། སྐྲའི་ཁ་མདོག རེག་བྱའི་ཁྱད་ཆོས། མིག་གི་ཁ་དོག་བཅས་དང་འབྲེལ་བ་ཡོད་པར་གྲགས་པའི་རིགས་རྫས་རྣམས་ལ་དམིགས་བསལ་གྱི་དོ་སྣང་བྱས་ཡོད་པ་རེད། ཤ་མདོག་ལ་མཚོན་ན་རང་བྱུང་གི་ཤ་མདོག་བྲི་བ་དང་འབྲེལ་བའི་རིགས་རྫས་ཀྱི་མི་འདྲ་བའི་ཆ་ཉུང་ཤས་ལས་མེད་ཅིང་འགའ་ཞིག་ནི་དེང་སང་གི་ཡུ་རོབ་ཀྱི་མི་ཚོགས་ཁྲོད་དུ་རྒྱ་ཆེར་ཁྱབ་སྟེ་ཡོད་པ་རེད། དེ་ལྟར་ནའང་ཆེ་ཌར་མཱན་ལ་རིགས་རྫས་དེ་དག་ཐམས་ཅད་ཀྱི་རྒྱུད་པ་གོང་མའི་ཆ་རྣམས་ལྡན་ཡོད་པས་དེས་ཁོའི་ཤ་མདོག་ནག་ཤས་ཆེ་ཙམ་མམ་ཡང་ན་ནག་པོ་ཡིན་ཀྱང་མིག་སྔོན་པོ་ཡིན་པའི་རྟགས་མཚན་ ཤུགས་ཆེ་ཞིག་མངོན་བཞིན་ཡོད་པ་རེད།

ཚན་རིག་པ་ཚོས་ཡུ་རོབ་ནང་གནས་སྡོད་བྱེད་བཞིན་པའི་མི་ཚོགས་དེ་དག་གི་ཤ་མདོག་ནི་དུས་ཀྱི་འཕེལ་རིམ་ནང་དཀར་ཤས་ཆེ་བར་གྱུར་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་། དེ་ནི་སྐྱ་ཤས་ཅན་གྱི་པགས་པའི་ནང་ཉི་འོད་མང་བ་སིམ་ཐུབ་ཀྱི་ཡོད་ཅིང་དེ་ནི་ལུས་ལ་མཁོ་བའི་བཅུད་སྨན་ཌི་འདང་ངེས་པ་ཞིག་བསྐྲུན་རྒྱུར་མཁོ་བས་རེད། ཆེས་ཉེ་དུས་ཀྱི་བརྟག་དཔྱད་ཀྱི་གྲུབ་དོན་ནང་སྐྱ་ཤས་ཅན་གྱི་ཤ་མདོག་ནི་དུས་ཕྱིས་སུ་བྱུང་བ་ཞིག་དང་། ཕལ་ཆེར་ཞིང་ལས་འགོ་འཛུགས་ཀྱི་འཕེལ་རིམ་སྐབས་སུ་བྱུང་བ་ཡིན་པའི་བསམ་ཚུལ་འདོན་བཞིན་ཡོད་པ་རེད། དེ་ནི་ཞིང་ལས་འགོ་འཛུགས་པའི་འཕེལ་རིམ་ནང་སྣུམ་ཞག་ཅན་གྱི་ཉ་ལྟ་བུའི་བཟས་བཅུད་ཀྱི་ཐོན་ཁུངས་ཡོད་མོད་ཀྱང་མི་རྣམས་ལ་བཅུད་སྨན་ཌི་ཉུང་ཤས་ཤིག་ལ་ཐོབ་ཀྱི་མེད་པ་རེད།

ཆེ་ཌར་མཱན་ནི་རི་དྭགས་རྔོན་རྒྱག་བྱེད་དུ་མེ་རྡོའི་དངོ་རྣོ་བོ་བཟོ་བ་དང་ཤ་བའི་ཁྲག་རྭ་སྤྱད་དེ་ཉ་འཛིན་བྱེད་ཀྱི་ཉ་དུང་བཟོ་བ། མདའ་དང་གཞུ་བཟོ་བ་སོགས་རྔོན་པའི་འཚོ་བ་བསྐྱལ་ཏེ་གནས་སྡོད་བྱེད་མཁན་ཞིག་ཡིན་ངེས་ཆགས་ཡོད།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༦ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༨ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese