མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པར་ཞིབ་བཤེར།

བོད་ཀྱི་དུས་བབ།
༢༠༡༨/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པ་ཕར་ཅིན་ཧའེ་ལ་ལོ་ ༢༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཉིན་གསུམ་ལས་མ་འགོར་བར་སྲིད་འཛིན་ཟུར་པ་ལི་མིང་བྷག་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།ལྷོ་ཀོ་རི་ཡའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་སྔ་དྲོར་ལྷོ་ཀོ་རི་ཡ་རྒྱལ་ཁབ་ཞིབ་བཤེར་ཁང་གིས། ཡུལ་དེའི་སྲིད་འཛིན་ཟུར་པ་ལི་མིང་བྷག་(Lee Myung-bak)གིས་ལྐོག་ཟ་རུལ་སུངས་དང་། ཁྲལ་གཡོལ།  ལྐོག་རྔན་བླངས་པ།  དབང་ཆ་བེད་སྤྱོད་ལོག་པར་བཏང་བ་སོགས་ཀྱི་ནག་ཉེས་ ༡༤ ཐེར་འདོན་བྱས་ཏེ། རྒྱལ་ས་སོལ་(Seoul)དུ་ཡོད་པའི་སྤྱི་ཁྱབ་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་པ་མ་ཟད། ཁོའི་རྒྱུ་དངོས་ཚང་མ་བཀག་སྡོམ་བྱས་སྟེ་མུ་མཐུད་ཞིབ་བཤེར་གཏིང་ཟབ་བྱ་རྒྱུ་དང་། ཁོའི་བཟའ་ཟླ་ཅིན་རོན་ཡས་དང་བུ་ཆི་ཛི་ལི་གཉིས་ལའང་རིམ་གྱིས་ཞིབ་བཤེར་བྱ་རྒྱུ་ཡིན་འདུག

ལྷོ་ཀོ་རི་ཡ་རྒྱལ་ཁབ་ཞིབ་བཤེར་ཁང་གིས་ཉེ་སྔོན་ལི་མིང་བྷག་ལ་ཞིབ་བཤེར་བྱས་པའི་གྲུབ་དོན་ཞིག་ཕྱིར་བསྒྲགས་བྱས་པའི་ནང་དུ། ཆེས་མཐོའི་ཁྲིམས་ཁང་གི་བཀའ་ཁྱབ་ལྟར་ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་ནས་ལི་མིང་བྷག་འཇུ་བཟུང་བྱས་སྟེ། རྒྱལ་ས་སོལ་གྱི་ཤར་ཕྱོགས་སུ་ཡོད་པའི་བཀག་ཉར་ཁང་ཞིག་ཏུ་ཕྱི་ཚེས་ ༢༦ དང་ ༢༨། དེ་བཞིན་ཟླ་འདིའི་ཚེས་ ༢ ཉིན་ཐེངས་གསུམ་ལ་འདྲི་རྩད་ཞིབ་བཤེར་བྱས་ཡོད་ཀྱང་། ལི་མིང་བྷག་གིས་ཞིབ་འཇུག་གི་གྲུབ་དོན་དྲང་བདེན་མིན་ལུགས་བརྗོད་དེ་ངོས་ལེན་བྱས་མེད་སྐོར་བརྗོད་འདུག

སྲིད་འཛིན་ཟུར་པ་ལི་མིང་བྷག་ནི་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་འཛིན་བཟུང་བཀའ་རྒྱ་བསྒྲགས་པའི་ཡུལ་དེའི་སྲིད་འཛིན་བཞི་པ་དེ་ཡིན་ཞིང་། ཁོས་སྲིད་ཟུར་ལས་ཁང་གི་ཁེ་ལས་སྤྱི་གཉེར་ཅིན་པའོ་ཅེན་གྱི་གཉེན་འབྲེལ་སོགས་ནས་ལྐོག་རྔན་ལྷོ་ཀོ་རི་ཡའི་སྒོར་དུང་ཕྱུར་ ༧ དང་། སམ་སང་(SAMSUNG)གློག་རྡུལ་བཟོ་གྲྭས་(DAS)ཞེས་པའི་བཟོ་གྲྭར་གཏུག་བཤེར་ཆེད་འཇལ་སྤྲོད་བྱས་པའི་ཨ་སྒོར་ཁྲི་ ༥༨༥ བླངས་བ། DASབཟོ་གྲྭའི་བྱང་བུ་(Credit  Card)བེད་སྤྱད་དེ་ཁྲིམས་འགལ་གྱི་དངུལ་འབོར་སྒོར་དུང་ཕྱུར་ ༣༤༩ ཡི་མ་དངུལ་བེད་སྤྱོད་བྱས་པ།   གཞན་ཡང་ཁོས་ཡུའུ་ཡའོ་དངུལ་རྩའི་མ་རྐང་གི་ཚོགས་གཙོ་ཟུར་པའི་ལག་ནས་སྒོར་དུང་ཕྱུར་ ༢༢.༥ དང་།  (DAEBO)ཌི་བོ་ཚོགས་པ་ནས་ཀོ་རི་ཡའི་སྒོར་དུང་ཕྱུར་ ༥ བཅས་ཁྱོན་ཀོ་རི་ཡའི་སྒོར་དུང་ཕྱུར་ ༤༦༠ ལྷག་གི་ལྐོག་རྔན་བླངས་ཡོད་པའི་དོགས་གཞི་ཡོད་འདུག

ལི་མིང་བྷག་ནི་ཕྱི་ལོ་ ༡༩༤༡ ལོར་འཇར་པན་དུ་སྐྱེས་ཤིང་།  ཆུང་དུས་ཁྱིམ་ཚང་གི་ཆ་རྐྱེན་ཞན་ཡང་རང་ནུས་ལ་བརྟེན་ནས་མཐོ་སློབ་འགྲིམ་ཐུབ་པ་བྱུང་བ་མ་ཟད། ཕྱི་ལོ་ ༡༩༦༡ ལོར་ཀའོ་ལིས་སློབ་ཆེན་ཚོང་རིག་ཚན་ཁག་ནས་ཐོན། ཕྱི་ལོ་ ༡༩༦༨ ལོར་དེང་རབས་ཚོགས་པ་ཞེས་པའི་དེང་རབས་ཀྱི་འཛུགས་སྐྲུན་ལས་གྲྭའི་ནང་ལོ་ངོ་ ༢༧ ལས་ཀ་བྱས་ཡོད་རྗེས། ཕྱི་ལོ་ ༡༩༩༢ ལོ་ནས་བཟུང་ཆབ་སྲིད་ལས་རིགས་ནང་ཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོ་ནས་སྔ་རྗེས་སུ་ཧན་ཁྲང་གྲོང་ཁྱེར་དང་རྒྱལ་ས་སོལ་གྲོང་ཁྱེར་གྱི་སྤྱི་ཁྱབ་བྱས་རྗེས།  ཕྱི་ལོ་ ༢༠༠༨ ནས་ ༢༠༡༣ བར་ལྷོ་ཀོ་རི་ཡའི་སྐབས་༡༧ པའི་སྲིད་འཛིན་དུ་བསྐོས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese