མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་དང་བླངས་པ་ཚོའི་འགུལ་ཤུགས།

༢༠༡༥/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། སྤྱི་འཐུས་ཀྱི་འོས་མིར་ལངས་མཁན་སྔོན་དང་མ་འདྲ་བར་མང་པོ་འབྱུང་བཞིན་ཡོད། གནས་ཚུལ་དེ་ལ་“བཟང་ཕྱོགས་ཀྱི་འགྱུར་བ་”ཞེས་པའི་འགྲེལ་བཤད་ཙམ་གྱིས་འགྲིག་པ་ཞིག་རེད་དམ། ཡང་ན་ད་དུང་དེ་ལས་གཞན་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་བལྟ་རྒྱུ་ཡོད་དམ།

ང་ཤེས་རིག་ལས་ཁུངས་སུ་ཡོད་སྐབས། སྒང་ཏོག་ཁུལ་དུ་ལོ་མང་རིང་། ས་གནས་ཀྱི་སློབ་གྲྭའི་དགེ་ཆེ་དང་། ས་གནས་དེ་གའི་མི་མང་དབར་ལབ་རྙོག་མང་པོ་ཞིག་བྱུང་བས། ཐེངས་ཤིག་ངས་ཉམས་ཞིབ་པ་ཞིག་ལ་སྒང་ཏོག་ཁུལ་དུ་དམིགས་བསལ་གྱིས་ལབ་གླེང་མང་པོ་ཡོང་དོན་ཅི་རེད་ཅེས་དྲིས་པ་ཡིན། དེ་ལ་ཉམས་ཞིབ་པ་དེས། སྒང་ཏོག་ས་གནས་ཀྱི་མང་ཚོགས་ཚོའི་འཚོ་གོས་གནས་སྟངས་དེ། བཙན་བྱོལ་བོད་མི་གནས་ཡུལ་གཞན་ལས་ལེགས་པ་ཡོད་པས་རེད་ཅེས་བཤད་བྱུང་། སྐབས་དེར་ངས་སྐད་ཆ་དེའི་གོ་དོན་ཡག་པོ་ཞིག་མ་རྟོགས།ཨ་རིའི་སེམས་ཁམས་རིག་པ་བ་གྲགས་ཅན་ཨབ་ར་ཧམ་ མ་ས་ལོའོ་(Abraham Harold Maslow)ཡིས་སྤེལ་བའི་རྩོམ་ཡིག་“མིའི་ཀུན་སློང་གི་རྣམ་གཞག”(A Theory of Human Motivation)ཅེས་པའི་ནང་། འགྲོ་བ་མིའི་ཀུན་སློང་ངམ་མངོན་འདོད་རྣམས་ ༡) བཟའ་བཏུང་དང་གནས་མལ་སོགས་གཞི་རྩའི་ལུས་ཀྱི་དགོས་མཁོ་དང་། ༢) ལུས་སྲོག་ལོངས་སྤྱོད་ལ་འཚེ་བ་དང་བྲལ་བའི་བདེ་འཇགས་ཀྱི་དགོས་མཁོ། ༣) ཁྱིམ་ཐབས་དང་། ནང་མི། གྲོགས་པོ། སྤྱི་ཚོགས་སོགས་ལ་ཞེན་ཆགས་དང་བདག་ཐོབ་ཀྱི་དགོས་མཁོ། ༤) ཁྱིམ་ཚང་དང་སྤྱི་ཚོགས་ནང་རང་གི་སྤྱོད་ཚུལ་དང་བྱས་འབྲས་ལ་གཞན་གྱིས་བརྩི་མཐོང་དང་རང་ངོས་ནས་གདེང་སྤོབས་བྱེད་པའི་བརྩི་མཐོང་གི་དགོས་མཁོ། ༥) རང་གི་ནུས་པའི་རྩལ་ཡོངས་སུ་ཚང་བའམ་རྫོགས་པར་བྱེད་པའི་རྩལ་རྫོགས་ཀྱི་དགོས་མཁོ་བཅས་རྣམ་པ་ལྔར་ཕྱེ་ནས་གསུངས། དེ་ཡང་དགོས་མཁོ་དང་པོ་གཉིས་ནི་གཞི་རིམ་གྱི་དགོས་མཁོ་ཡིན་པ་དང་། གཞི་རིམ་གྱི་དགོས་མཁོ་དེ་དག་མ་ཚང་ན་སྤྱིར་བཏང་གི་མིས་དགོས་མཁོ་གཞན་རྣམས་བསྒྲུབ་དཀའ་བར་བཞེད་ལ། དགོས་མཁོ་ཐ་མ་རང་རྩལ་རྫོགས་པའི་དགོས་མཁོ་ནི་བདག་ཉིད་ཆེན་པོ་གྷན་དྷི་ལྟ་བུའི་སྐྱེ་བོ་ཁྱད་པར་བས་མ་གཏོགས། ཕལ་མོ་ཆེས་མི་འཇོན་པར་བཞེད། དགོས་མཁོ་དེ་དག་ཀྱང་ཕན་ཚུན་ལྟོས་ཅིང་འབྲེལ་ལ་སྐྱེ་བོ་ནད་མེད་སྐྱོན་མེད་སྤྱིའི་དབང་དུ་བྱས་ནས་གསུངས་པ་ལས། ཕན་ཚུན་ལྟོས་མེད་དང་གང་ཟག་བྱེ་བྲག་པར་སྦྱར་བ་མིན།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། དེང་སང་སྤྱི་འཐུས་འོས་མིར་འཚང་ཁ་ཤིག་ཤིག་ངང་ལངས་ཡོང་བ་དག་གི་ད་ལྟའི་གནས་བབས་ལ་དཔྱད་ཚེ། གཙོ་བོ་གཉིས་སུ་འདུ་བར་སྣང་སྟེ། དང་པོ་ནི་དཔལ་འབྱོར་གྱི་ཆ་ནས་འགྲིག་ངེས་ཡོད་པའི་རིགས་གཅིག་དང་། གཉིས་པ་ནི་ཤེས་ཡོན་ནམ་ལས་དོན་གྲུབ་འབྲས་ངེས་ཅན་ཡོད་པའི་རིགས་བཅས་གཉིས་རེད། མ་ས་ལོའོ་ཡི་རྣམ་གཞག་ལྟར་ན། རང་རེའི་སྤྱི་འཐུས་འོས་མིར་ལངས་མཁན་འདི་ཚོར་གཞི་རིམ་གྱི་དགོས་མཁོ་ཟས་གོས་གནས་མལ་ལ་དཀའ་ངལ་མེད་པ་མ་ཟད། ལུས་སྲོག་ལོངས་སྤྱོད་ཀྱི་བདེ་སྲུང་ཡང་ཚད་ངེས་ཅན་ལ་སླེབས་ཡོད་པས། ད་ཆ་ཁོང་ཚོས་ཐོབ་འདོད་བྱེད་པ་དེ། གཞན་གྱི་བརྩི་མཐོང་རེད།

གོང་དུ་ ༡༩༩༠ གོ་གྲངས་ནང་གི་སྒང་ཏོག་ས་ཁུལ་གྱི་གནས་ཚུལ་དྲངས་པ་ལྟར། སྐབས་དེར་ས་གནས་ཀྱི་མི་འགའ་ཞིག་ལ་དཔལ་འབྱོར་དང་ཁྱིམ་ཚང་འགྲིག་ངེས་ཡོད་པ་མ་ཟད། འགའ་ཞིག་ལ་ལས་གནས་ཀྱང་བརྟན་པོ་ཡོད། འོན་ཀྱང་ཁོང་ཚོས་རང་ཉིད་ལ་ཆེ་མཐོང་དང་མིང་གྲགས་ཚང་མེད་པའི་ཚོར་སྣང་བྱུང་སྟེ། ས་གནས་འགོ་འཛིན་དང་སློབ་གྲྭའི་ལས་དོན་ལ་དོ་སྣང་དང་ཐེ་བྱུས་བྱེད་འགོ་བཙུགས། དེ་ལས་ལྡོག་སྟེ་མེའོ་ཆོས་འཕེལ་གླིང་དང་ཏེ་ཛུ་དར་རྒྱས་གླིང་། ཨོ་རི་ས་ཕུན་ཚོགས་གླིང་སོགས་དཔལ་འབྱོར་གནས་སྟངས་ཞན་པའི་བོད་མིའི་སྤྱི་ཚོགས་ཀྱི་མི་མང་ནང་། ས་གནས་འགོ་འཛིན་དང་སློབ་གྲྭའི་ལས་དོན་ལ་དོ་སྣང་བྱེད་མཁན་ཧ་ཅང་ཉུང་།

སྤྱི་འཐུས་ཀྱི་འོས་མིར་ལངས་མཁན་འགའ་ཞིག་དང་གླེང་མོལ་བྱེད་སྐབས། ཁོང་ཚོ་མང་ཆེ་བས་“ད་ཁ་མར་སློག་ནས་སྐད་ཆ་བཤད་མཁན་ཞིག་བྱེད་འདོད་ཡོད”ཟེར་བས། ཁོང་ཚོས་“ཁ་མར་བསྐོར་ནས་སྐད་ཆ་བཤད་མཁན་”རྣམས་རྫིག་པོ་དང་ཆེ་མཐོང་ཅན་དུ་མཐོང་གི་ཡོད་པ་རེད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་ཉིད་ལ་ཆེ་མཐོང་དང་མིང་གྲགས་ཐོབ་ཐབས་ཀྱི་གོ་གནས་མང་པོ་མེད། དཔེར་ན་སྲིད་སྐྱོང་ནི་ལོ་ལྔ་རེའི་མཚམས་སུ་མི་གཅིག་ལ་མ་གཏོགས་གོ་སྐབས་མེད་པ་དང་། ལས་ཁུངས་ཁག་གི་དྲུང་ཆེ་དང་འགན་འཛིན་བྱེད་པར་ཉུང་མཐར་ལོ་ངོ་བཅོ་ལྔ་ཉི་ཤུའི་རིང་གཞུང་ཞབས་བྱ་དགོས། དེ་ཚོ་དང་བསྡུར་ཚེ། སྤྱི་འཐུས་ནི་གྲངས་འབོར་དང་དུས་ཡུན་གཉིས་ཀའི་ཆ་ནས་གོ་སྐབས་མང་བ་ཞིག་རེད་ལ། སྤྱི་འཐུས་སུ་འཁོད་རྗེས་དམིགས་བསལ་གྱི་ལས་འགན་ལྗིད་པོ་རྒྱུན་མཐུད་དུ་འཁྱེར་དགོས་པ་མེད་ལ། རང་ཉིད་འོས་འདེམས་བྱེད་མཁན་ལ་ལས་དོན་ཇི་བྱས་ཀྱི་ལས་དོན་སྙན་སྒྲོན་ཡང་ཞུ་དགོས་ཀྱི་མེད།

ད་ལྟ་མི་མང་པོ་ཞིག་གིས་འཚང་ཁ་ཤིག་ཤིག་ངང་སྤྱི་འཐུས་ཀྱི་འོས་མིར་ལངས་ཡོང་བ་འདི། ཕྱོགས་གཅིག་ནས་འོས་འཕེན་མཁན་ཚོར་གདམ་ཁ་མང་དུ་འགྲོ་བས་ལེགས་ཆ་ཞིག་རེད་ལ། དེའི་ནང་གི་མང་པོ་ཞིག་ནི་སྤྱི་སེམས་དབང་གིས་འོས་མིར་ལངས་པ་ཡིན་ངེས་པས་ཡག་པོ་རེད། ཕྱོགས་གཞན་ནས་འདི་རིགས་མང་པོ་ཞིག་འོས་མིར་ལངས་དོན་གཙོ་བོ་ནི་གཞན་ལ་“ཞབས་འདེགས་”ཞུ་ཆེད་མིན་པར། རང་ཉིད་ལ་“བརྩི་མཐོང་”སྐྲུན་ཆེད་ཡིན་སྲིད་པས། མི་འདི་ཚོ་སྤྱི་འཐུས་སུ་འཁོད་རྗེས། འཇིགས་ཞུམ་དང་ཆགས་སྡང་སྤངས་ཏེ་ལས་དོན་བསྒྲུབ་མིན་ཐེ་ཚོམ་གྱི་གནས་རེད།། །།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༢༠ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 6

  1. ངག་གཟོད། says:
    ལོ་ 11 སྔོན།

    ཆུང་ཚེ་རིང་ཞུ་བ་ཁྱེད་གོང་གི་དབུ་པར་ནང་གི་རེད་དམ། ཁྱེད་ནི་ལོ་ཙཱ་བ་གྲགས་ཅན་དེ་མིན་ནམ།

    Reply
  2. sakrda says:
    ལོ་ 11 སྔོན།

    སྤྱིར་བཏང་གི་བཙན་བྱོལ་བོད་མིའི་ཁྲོད་ན་རྩོམ་རིག་ལ་ཁ་ཕྱོགས་མཁན་ཧ་ཅང་མང་མོད། འོན་ཀྱང་མང་ཆེ་བ་ཉེ་རིང་ཆགས་སྡང་དང་། ང་མཐོ་ཁྱོད་དམན་ཞེས་པའི་རྩོམ་ཡིག་ལས་ཞིབ་འཇུག་དང་། སྤྱི་ཚོགས་འཚོ་བའི་གསིང་ལ་འཛུལ་ནས་དོན་དངོས་བསྔོག་འདོན་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། ད་རེ་མཁས་དབང་ཆུང་ཚེ་རིང་ལགས་ཀྱིས་ལྗགས་རྩོམ་འདི་ལ་ཞིབ་བཀླགས་ཐེངས་གཅིག་བྱས་ཚོར་བ་འདི་འདྲ་ཞིག་སྟེར་བྱུང་། རང་ཉིད་དང་སྤྱི་ཚོགས་འཚོ་བ་གཉིས་ཀྱི་བར་ཐག་དང་། ཧེ་བག་གི་གས་སྲུབ་ལ་དངོས་སུ་འཛུལ་བཞིན་མ་འདང་བའི་ཆ་དེ་ཇི་ལྟར་ཁ་གསབ་བྱེད་པའི་ནུས་པ་མ་འདྲ་བ་ཞིག་གི་སྒོ་ནས་དཔྱད་བརྗོད་སྤེབས་པ་ནི། ཆེ་དགའ་འོས་པའི་གནད་དོན་ཞིག་རེད་སྙམ། ད་དུང་མི་རིགས་གཞན་གྱི་ཚད་མཐོའི་མཁས་པར་ཁུངས་གཏུགས་ཏེ་རང་གི་དགོས་མཁོ་འཚོལ་ཞིབ་བྱས་པ་སོགས་རྒྱུ་མཚན་དང་གནས་ལུགས་འཐད་ལྡན་གྱི་ལམ་ནས་གསུང་བར་དགའ་སྤོབས་ཆེན་པོས་བསུ།

    Reply
  3. མེ་རོ། says:
    ལོ་ 11 སྔོན།

    རྒན་ལགས་ཀྱི་ལྗགས་རྩོམ་མཇལ་རྒྱུ་བྱུང་བར་དགའ་བོ་བྱུང་སོང་ལ། ལྷག་པར་དུ་རྒན་ལགས་ཀྱི་རང་ཉིད་ངོ་སྤྲོད་དེ་མཐོང་ནས་ལྷག་ཏུ་དགའ་སྤྲོ་བྱུུང་། གང་ཡིན་ཟེར་ན། ང་ཚོའི་རྩོམ་པ་པོ་སོགས་ཤཻས་ཡོན་པ་མང་པོ་ཞིག་ཕྱི་རྒྱལ་ཁག་ཏུ་ཕེབས་འགྲོ་ཡི་ཡོད་ལ། ཕྱི་རྒྱལ་དུ་ཕེབས་ནས་ག་རེ་གནང་གི་ཡོད་ན་བསམ་པའི་སེམས་འཚབ་ཅིག་ང་རང་ལ་ཡོད། དེར་བརྟེན་རྒན་ལགས་ཀྱི་ད་ལྟའི་ཕྱག་ལས་དང་ཐུགས་འགན་རྣམས་མཐོང་ནས་ཧ་ཅང་དགའ་བྱུང་། ཐུགས་རྗེ་ཆེ་ཞུ།

    Reply
    • ཆུང་ཚེ་རིང་ says:
      ལོ་ 11 སྔོན།

      མེ་རོ་ལགས་འདིར་ཕེབས་ཏེ་མཆན་བཀོད་པར་ཐུགས་རྗེ་ཆེ་ཞུ། ལྷག་པར་ཕྱི་རྒྱལ་ཡུལ་ཁག་ཏུ་ཡོད་པའི་རང་རིགས་ཤེས་ཡོན་ཅན་ཚོའི་གནས་སྟངས་ལ་ཐུགས་འཚབ་གནང་བ་དེ་དོན་དང་ལྡན་པ་ཞིག་རེད།

      Reply
  4. དོན་འགྲུབ་རྡོ་རྗེ། says:
    ལོ་ 11 སྔོན།

    ཁ་སྔོན་འཁྱུག་ལྟ་ཞིག་བྱས་པ་ལས་དོ་སྣང་བྱེད་ཐུབ་མ་སོང་། དེ་རིང་བསྐྱར་དུ་ཞིབ་ནན་གྱིས་བཀླགས་པ་ཡིན། རྒན་ཆུང་ཚེ་རིང་ལགས་ཀྱིས་ཧ་ཅང་ཚོར་བ་ཡོད་པའི་རྩོམ་ཡིག་ཅིག་སྤེལ་འདུག་ཐུགས་རྗེ་ཆེ། ང་རང་གིས་སྔོན་མ་ནས་རྒན་ལགས་ལྟ་བུ་ཞིག་གིས་ཆེད་ལས་ཀྱི་ངོ་བོའི་ཐོག་ནས་ཟིན་བྲིས་ཤིག་འཇུས་ཏེ་རྒྱུན་མུར་སྤེལ་ཐུབ་ན་ཧ་ཅང་ཡག་པོ་འདུག་བསམ་སོང་། མ་འོངས་པར་རྟགས་པར་སྐུ ཉིད་ཀྱི་ཟིན་བྲིས་ནང་ལྟ་ཀློག་བྱེད་ངེས་ཡིན།

    Reply
    • ཆུང་ཚེ་རིང་ says:
      ལོ་ 11 སྔོན།

      དོན་འགྲུབ་རྡོ་རྗེ་ལགས་འདིར་ཕེབས་ཏེ་གདེང་འཇོག་དང་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། ད་ཕྱིན་དུས་ཁོམ་བྱུང་རིམ་བཞིན་འདིར་དཔྱད་གཏམ་དང་བསམ་ཚུལ་སྤེལ་འཆར་ཡོད་པས། ཡང་ཡང་ཕེབས་ནས་དགོངས་འཆར་གནང་རོགས།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese