ད་ལྟའི་བོད་ནང་།
ས་སྟེང་། གནམ་འོག འཛམ་གླིང་།
འདི་འགྲོ་བ་ཡོད་ཚད་ཀྱི་ཐུན་མོང་གི་ཡིན་སྟབས
ང་ཚོ་གངས་ཅན་བོད་པ་ཚང་ལ་ཡང་
ཐུན་མོང་གི་ལས་སྐལ་ཆུང་ཆུང་
བོད་མི་རིགས་སྐྱེས་འགོ་བརྩམས་པ་ནས་ཡོད
ས་ནས་མ་སྐྱེས་པ་དང་རྡོ་ལས་མ་བྱུང་བའི་མི་རིགས་ཤིགས་ལ
འགྲོ་བ་མི་སྤྱི་མཚུངས་ལྟར
བླ་མེད་ཀྱི་ཚེ་སྲོག་ཞིག་ཡོད་པ་ནི་སྨྲ་ག་ལ་དགོས
ཚེ་སྲོག་ལ་གནོད་འཚེ་བྱེད་དུ་མི་འཇུག་ཆེད
དྲང་བདེན་དང་འཚེ་མེད་ཀྱི་ལས་ལ་བརྩོན་པ་དེར
མ་འོས་པ་ཞིག་དུ་བརྩི་ག་ལ་རུང་
༡༡།༡༠།༠༨མཚན་ཆུ་ཚོད་བཅུ་གཉིས་དང་སྐར་མ་དྲུག་གི་སྟེང་བྲིས།