ད་འཇོན་ན་ལོངས་ཡ་ཤོད་ཡ།
གངས་ཅན་བོད་པ་ཚང་གི་མཁས་པ་དང་ཆབ་སྲིད་པ་རྣམ་པ་ལགས། ད་འཇོན་ན་ལོངས་ཡ་ཤོད་ཡ། སྒྲུབ་ཡ། ༧གོང་ས་མཆོག་གིས་
ད་ནི་༧གོང་ས་མཆོག་གིས་དབུ་མའི་ལམ་དང་འགལ་མི་འགྲོ་འམ་བསམ་མི་དགོས་ལ་བོད་གཞུང་གིས་གླེང་ཕྱོགས་རེད་ཅེས་ཕྱི་ནུར་ཡང་རྒྱག་དགོས་ཀྱི་མེད་ལ། ཧ་ཅང་སྟབས་བདེ་བཟོས་འདུག༧གོང་ས་མཆོག་གིས་དགོངས་པ་ཞུ་མིན་གྱི་ཐད་དུ་ཡང་སེམས་འཁུར་བྱེད་མི་དགོས་པར་༧ཁོང་གིས་དུས་རྟག་དུ་བོད་མི་དམངས་ཀྱི་སེམས་ནང་གི་རེ་འདོད་ལ་ཉན་ནས་ཐུགས་འགན་བཞེས་ཀྱི་ཡོད་པའི་བདེན་དཔུང་དེ་ནི་༧ཁོང་གིས་དེ་རིང་གསལ་སྤྲོད་བྱས་སོང་།
ད་ནི་རང་རང་གི་རེ་འདོད་དང་རང་རང་གི་བསམ་ཚུལ། ལྟ་གྲུབ། ལོངས་ཕྱོགས། རང་རང་གི་མངོན་འདོད་སོགས་ཀྱིས་མིང་ཚིགས་སྣ་ཚོགས་དྲངས་ནས་བོད་ཀྱི་མི་དམངས་ལ་སྣེ་ཁྲིད་བྱེད་ཐུབ་མཁན་དང་བོད་མི་དམངས་ཀྱི་རེ་འདོད་དམ་མངོན་འདོད་ཤེས་མཁན་སུ་ཡོད་ན། ད་ནི་ལོངས་ཡ། ད་ནི་ཤོད་ཡ། ད་ནི་སྒྲུབ་ཡ། ད་ནི་སྣེ་ཁྲིད་ཡ་་་་་་
ད་ནི་༧གོང་ས་མཆོག་གིས་དབུ་མའི་ལམ་ལ་ལས་བདའ་བྱེད་མི་དགོས་ལ་༧གོང་ས་མཆོག་གི་ཐུགས་དགོངས་མིན་རབས་སོགས་གླེང་ནས་ཁ་གཡར་ས་མེད་ལ་སྐྲག་དགོས་ས་ཡང་གཏན་ནས་མེད་པ་བཟོས་སོང་། ད་ལོངས་ཡ། ད་ཤོད་ཡ། ད་སྒྲུབ་ཡ། ད་སྣེ་ཁྲིད་གནོང་ཡ་་་
བོད་མིས་རེ་འདོད། བོད་མིས་བདེ་སྡུག བོད་མིས་ཚེ་སྲོག བོད་མིས་རང་དབང་། བོད་མིས་རིག་གཞུང་། བོད་མིས་འདས་མ་འོངས།བོད་མིས་ཡོད་ཚད་ཀྱི་
ད་འཇོན་ན་ལོངས་ཡ་ཤོད་ཡ།
གངས་ཅན་བོད་པ་ཚང་གི་མཁས་པ་དང་ཆབ་སྲིད་པ་རྣམ་པ་ལགས། ད་འཇོན་ན་ལོངས་ཡ་ཤོད་ཡ། སྒྲུབ་ཡ། ༧གོང་ས་མཆོག་གིས་ཁྱེད་ཅག་ལ་དབང་ཚད་ཡོད་ན་ངོམ་རན་ཡིན་ལ། ཤེས་ཡོན་ཡོད་ན་སྟོན་རན་དང་ཆབ་སྲིད་ཤེས་ན་སྣེ་ཁྲིད་བྱེད་ཆོག་པའི་གོ་སྐབས་ཡོད་ཚད་གནང་སོང་མོད། ད་ནི་ཅིའི་ཕྱིར་ཁ་བཙུམ་ནས་རང་རང་གི་ས་ན་གྲགས་འགུལ་མེད་པར་བསྡད་ཡོད།རང་བཙན་རྕོད་ན་རེད། རང་ཐག་རང་གཅོད་བྱེད་ན་རེད། བདེན་པའི་ཨུ་ཚུགས་བྱེད་ན་རེད།
ད་ནི་༧གོང་ས་མཆོག་གིས་དབུ་མའི་ལམ་དང་འགལ་མི་འགྲོ་འམ་བསམ་མི་དགོས་ལ་བོད་གཞུང་གིས་གླེང་ཕྱོགས་རེད་ཅེས་ཕྱི་ནུར་ཡང་རྒྱག་དགོས་ཀྱི་མེད་ལ། ཧ་ཅང་སྟབས་བདེ་བཟོས་འདུག༧གོང་ས་མཆོག་གིས་དགོངས་པ་ཞུ་མིན་གྱི་ཐད་དུ་ཡང་སེམས་འཁུར་བྱེད་མི་དགོས་པར་༧ཁོང་གིས་དུས་རྟག་དུ་བོད་མི་དམངས་ཀྱི་སེམས་ནང་གི་རེ་འདོད་ལ་ཉན་ནས་ཐུགས་འགན་བཞེས་ཀྱི་ཡོད་པའི་བདེན་དཔུང་དེ་ནི་༧ཁོང་གིས་དེ་རིང་གསལ་སྤྲོད་བྱས་སོང༌།
ད་ནི་རང་རང་གི་རེ་འདོད་དང་རང་རང་གི་བསམ་ཚུལ། ལྟ་གྲུབ། ལོངས་ཕྱོགས། རང་རང་གི་མངོན་འདོད་སོགས་ཀྱིས་མིང་ཚིགས་སྣ་ཚོགས་དྲངས་ནས་བོད་ཀྱི་མི་དམངས་ལ་སྣེ་ཁྲིད་བྱེད་ཐུབ་མཁན་དང་བོད་མི་དམངས་ཀྱི་རེ་འདོད་དམ་མངོན་འདོད་ཤེས་མཁན་སུ་ཡོད་ན། ད་ནི་ལོངས་ཡ། ད་ནི་ཤོད་ཡ། ད་ནི་སྒྲུབ་ཡ། ད་ནི་སྣེ་ཁྲིད་ཡ་་་་་་
ད་ནི་༧གོང་ས་མཆོག་གིས་དབུ་མའི་ལམ་ལ་ལས་བདའ་བྱེད་མི་དགོས་ལ་༧གོང་ས་མཆོག་གི་ཐུགས་དགོངས་མིན་རབས་སོགས་གླེང་ནས་ཁ་གཡར་ས་མེད་ལ་སྐྲག་དགོས་ས་ཡང་གཏན་ནས་མེད་པ་བཟོས་སོང༌། ད་ལོངས་ཡ། ད་ཤོད་ཡ། ད་སྒྲུབ་ཡ། ད་སྣེ་ཁྲིད་གནོང་ཡ་་་
བོད་མིས་རེ་འདོད། བོད་མིས་བདེ་སྡུག བོད་མིས་ཚེ་སྲོག བོད་མིས་རང་དབང༌། བོད་མིས་རིག་གཞུང༌། བོད་མིས་འདས་མ་འོངས།བོད་མིས་ཡོད་ཚད་ཀྱི་ཡོད་ཚད། ད་ནི་གངས་ཅན་བོད་པ་ཚང་གི་ལག་དུ་བཞག་ཡོད་པས། ད་ལོང་ཡ། ད་ཤོད་ཡ། ད་སྒྲུབ་ཡ། ད་སྣེ་ཁྲིད་ཡ། དབུ་མའི་ལམ་གྱིས་ཕར་རོལ་ཞིག་ནས་་་