མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲན་དུས་ཀྱི་ཁྱེད་རང་།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

ངས་ཁྱེད་རང་བརྗེད་ཐབས་བྱེད་ན་འདོད། འདོད་ཕྱོགས་འདིས་ངས་ཁྱེད་རང་བརྗེད་རྒྱུ་ཕར་ཞོག ཡང་ཡང་ཁྱེད་རང་ཁོ་ན་དྲན་དུ་བཅུགས། དྲན་སྟངས་འདི་ལ་ཡང་གནས་ལུགས་དང་རྒྱུ་མཚན། ས་མཚམས་དང་གནས་བབ་ཡོད་པ་ཞིག་ཡིན་ན་འདོད། དེ་ཡང་མི་འདུག ངས་རྒྱུན་དུ་ཁྱེད་རང་དྲན་དུས་ཀྱི་ང་རང་དེ་བཙལ་ནས་ཕྱོགས་བཞི་མཚམས་བརྒྱད་དང་མི་སྣ་འདྲ་མིན། སྐད་ཆ་འདྲ་མིན་སོགས་བཤད་དེ། ཁྱེད་རང་དྲན་བཞིན་པའི་སྣང་ཚུལ་དེ་དག་ལ་མགོ་སྐོར་ཐབས་མང་བོ་བྱས་པ་ཡིན། མཚམས་མཚམས་སུ་ཨ་རག་འཐུང་ནས་རང་ངོ་མི་ཟིན་པ་ཞིག་བཟོས་མྱོང་ལ། སྐབས་སྐབས་སུ་ཐ་མག་ནག་པོ་འཐེན་ནས་རང་གི་ལུས་པོ་ཡོངས་དང་རྩ་ལམ་ཡོངས་སུ་རྫོགས་པ་ཡང་སྤྲིད་དུ་བཅུགས་མྱོང་། ལན་རེར་ས་སྟོང་ལུང་སྟོང་དུ་ཀུ་རིང་བཏབ་ནས་ཁྱེད་ཀྱི་མིང་ནས་བོས་ཀྱང་མྱོང་། སྣང་ཚུལ་དེ་དག་དང་བྱེད་སྟངས་དེ་དག་གིས་ངས་ཁྱེད་རང་བརྗེད་ཐབས་ལ་བརྟེན་པ་ཞིག་དུ་བསམ་མྱོང་ན་ཡང་། དེ་དག་གིས་གང་ཡང་བྱེད་ཐུབ་མ་སོང་། སྐབས་དེ་འདྲ་ཞིག་དུ་ངས་ཡིད་ལ་འདི་འདྲ་ཞིག་འཁོར་སོང་། ཁྱེད་རང་གིས་བུད་མེད་ཞིག་བརྗེད་དགོས་ན་བུད་མེད་གཞན་ཞིག་དང་འགྲོག་རྒྱུ་དེ་ཡིན་ཟེར་བ་དྲན་བྱུང་། ངས་དེ་ནས་བཟུང་མི་ལོ་མང་བོའི་རིང་དུ་ཐབས་ཤེས་དེ་ལག་ལེན་དུ་བསྟར་ནས་ས་ཆ་གང་ནས་བུད་མེད་སྣང་བ་མཐུན་ས་རེ་ཐུག་ན་དེ་དང་འགྲོག་པ་ཡིན་ལ། ཕོ་མོའི་བར་གྱི་སྣང་བ་ལ་ཡང་རོལ་མྱོང་ཡོད། དེ་ལྟར་མི་ལོ་ནས་མི་ལོ་མང་བོ་སྐད་ཅིག་ལ་སྐད་ཅིག་ལ་འདས་དེ་སོང་བས་དེ་རིང་ཡང་། ངས་བུད་མེད་དེ་དག་གི་སྟེང་ནས་ང་རང་ལ་དགོས་པའི་བརྩེ་དུང་དེ་རེག་གི་མི་འདུག་ལ། ངས་བརྗེད་ཐབས་ལ་བརྟེན་པས་ཐབས་ལམ་དེ་དག་གིས་ཀྱང་། དུས་དེ་རིང་ཡང་ཁྱེད་རང་བརྗེད་རྒྱུ་ལས་ཁྱེད་རང་དྲན་དུ་བཅུགས། ངས་ད་དུང་མུ་མཐུད་དུ་འཚོལ་བཞིན་ཡོད། ངས་ཁྱེད་རང་ལ་དགའ་བའི་སེམས་བྱུང་དང་མཛེས་སྡུག་གི་སྣང་བརྙན་འདི་དག་ནི། གཅིག་བྱས་ན་འཇིག་རྟེན་འདི་ནས་ལོངས་སྤྱོད་བྱེད་ཐུབ་པའི་བརྩེ་དུང་ཞིག་གཏན་ནས་མིན་པ་ཡང་སྲིད་ངེས། ཨ་ཙི། ངས་ཁྱེད་རང་ལ་གླེང་འདོད་ཀྱང་། ངས་ཁྱེད་རང་གི་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་རོལ་བཞིན་བ་དེར་གས་ཆག་རེ་ཤོར་འགྲོ་བར་བསམ་ན། ངས་ད་དུང་ཁྱེད་རང་བརྗེད་མ་ཐུབ་པའི་སེམས་གཤིས་ཀྱི་རི་གྲོང་འདི་གསང་བའི་གླིང་ག་ཞིག་ནས་སྐོང་དེ་ཁྱེད་རང་གི་མིག་ལམ་དུ་བཀྲམ་རྒྱུར་དཀའ་ངལ་ཞིག་ཆེ་བས་ཡོད།

 དཀའ་ངལ་འདིས་དབང་གིས་ང་རང་གིས་ཁྱེད་རང་ལ་བཅིངས་པའི་དགའ་བ་དེའི་བྱུང་རིམ་ལ་བརྟག་དཔྱད་ལོ་མང་བྱས་ཀྱང་ད་དུང་ཡང་གྲུབ་འབྲས་གང་ཡང་མ་བྱུང་བར། ངས་ཁྱེད་རང་བརྗེད་ཐུབ་ཀྱི་མི་འདུག་ལ། ཁྱེད་རང་བརྗེད་ཐབས་ཀྱི་སྨན་ངག་རེ་ཡང་མུ་མཐུད་དུ་འཚོལ་བཞིན་ཡོད། གཅིག་བྱས་ན། ངས་ཁྱེད་རང་བརྗེད་ཐུབ་པའི་ཉིན་མོ་ཞིག་ཡོད་ཀྱང་སྲིད་ལ་མེད་ཀྱང་སྲིད།

དོན་དངོས་སུ་ད་ལྟའི་འཆར་ངེད་གཉིས་ཀྱི་ཕན་ཚུན་གླེང་བ་ནི་སེམས་ནང་གི་དྲ་བ་ཞིག་བརྒྱུད་པ་ལས། ཡིག་ཐོག་དང་ངག་ཐོག་གི་དྲ་ལམ་གང་ཡང་བརྒྱུད་མི་ཐུབ་པར། ཕན་ཚུན་གྱི་སྣང་བརྙན་སེམས་ཁོང་དུ་རུམ་ནས་ལོ་ཟླ་ག་ཚོད་ཅིག་འགྲིམ་དགོས་མིན་ཡང་། ངེད་གཉིས་ཀྱི་སུ་ལ་ཡང་གསལ་ཆ་མེད་སྟབས། རྟོགས་འཆར་གྱི་རི་གྲོང་ནས་སླར་ཡང་དགུན་ཟླ་ལས་གྲང་བའི་སེམས་གཤིས་རེའི་འོག་ན། འུ་གཉིས་ཀྱི་བར་ཐག་ནི་འུ་གཉིས་རང་རང་ལ་ཡང་གསལ་བོ་མེད་པ་དེ་ནི་འུ་གཉིས་བར་གྱི་ད་ལྟའི་གནས་བབ་རེད།  ཁྱེད་ཀྱིས་ང་རང་དྲན་བཞིན་ཨེ་ཡོད། ཁྱེད་རང་གིས་ང་རང་འདྲི་མྱོང་ཨེ་ཡོད། ཁྱེད་ཀྱིས་ང་རང་མི་ཡུལ་འདིར་གསོན་ཡོད་མེད་ལ་སེམས་འཁུར་བྱས་མྱོང་ཨེ་ཡོད། ངས་ཁྱེད་རང་བརྗེད་མི་ཐུབ་འདི་ནི་ང་རང་གི་ནོར་འཁྲུལ་ཆེ་ཤོས་སུ་དྲངས་དགོས་པ་ཡིན་ནམ་ཅི། དྲན་དུས་ཀྱི་ཁྱེད་རང་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་འདུག  ལོ་ན་རྒས་བཞིན་ཡོད་ཀྱང་། ཁྱེད་ཀྱིས་འཛུམ་འདང་རྒས་མེད། དུས་ཚོད་འགྱུར་བཞིན་ཡོད་ཀྱང་། བརྩེ་དུང་མ་འགྱུར་བར་གནས་ཡོད། ཁྱེད་རང་དྲན་དུས་ཀྱི་ང་རང་། སུ་ཞིག་ཡིན་ནམ། དོན་དངོས་སུ་ངའི་ཚོར་བ་འདི་བདེན་པ་ཡིན་ནམ། སེམས་གཤིས་འདིས་ང་རང་ལ་ཅི་ཞིག་གསལ་སྤྲོད་བྱེད་འདོད་ཡོད་པ་ཡིན་ནམ།

འབྲེལ་ཡོད་གསར་འགྱུར།

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།
Mobile App

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Batang County
Mobile App

འབའ་ཐང་རྫོང་ཁོངས་སུ་རི་ཉིལ་དང་གཞུང་ལམ་ལ་རྡིབ་སྐྱོན་བྱུང་།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་མི་སྲི་ཞུ་བ་ཞིག་གི་གྲོགས་འཕྲིན།

ཆུ་ཚོད་ ༢༣ སྔོན་ལ།
རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག
Mobile App

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ཟི་ལིང་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་ཡོད་འདུག

༢༠༢༥/༡༢/༢༩
༸རྒྱལ་དབང་ཀརྨ་པ་མཆོག་གིས་ཤེས་རབ་སྐོར་གསུང་བཤད་གནང་བཞིན་པ། ༢༠༢༥།༡༢།༢༩ ཐད་གཏོང་ནས་པར་བླངས།
Mobile App

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༤༠ འཚོག་བཞིན་པ།

༢༠༢༥/༡༢/༢༩
Potala
Mobile App

ཕོ་བྲང་པོ་ཏ་ལའི་ཤིང་ཆའི་བཟོ་བཀོད་ལ་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༥/༡༢/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese